སྨན་རྩིས་དྲ་བ། - གསོ་རིག་འབུམ་བཞི།

 

༄༅། །གསོ་རིག་འབུམ་བཞི

 དང་པོ། གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན།

གླེང་གཞི།

གསོ་ཐབས།

གླེང་སློང་རྣམ་གྲངས་རྣམ་པར་བཀོད་པ།

དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཤོད་པ།

གནས་ལུགས་ནད་གཞི།

འབུམ་བཞིའི་ཡོན་ཏན་བཤད་པ།

ངོས་འཛིན་རྟགས།

 

 

གཉིས་པ། སྡུག་བསྔལ་ཞི་བྱེད་གསོ་བྱེད་དཔྱད་འབུམ་ཁྲ་བོ།

སྡོམ་ཚིག་བསྟན་པ།

༡༢

ནད་ཀྱི་དབྱེ་བ་བསྟན་པ།

༢༣

མི་ན་བར་གནས་པར་བྱ་བ།

ལུས་ཀྱི་ཆགས་ཚུལ་བསྟན་པ།

༡༣

རྒྱུན་སྤྱོད་བསྟན་པ།

༢༤

ཉེས་པ་དོངས་སུ་སྟོན་པ།

ལུས་ཀྱི་འདྲ་དཔེ་བསྟན་པ།

༡༤

དུས་སྤྱོད་བསྟན་པ།

༢༥

ངན་གཡོ་སྐྱོན་བརྟག

ལུས་ཀྱི་གནས་ལུགས་བསྟན་པ།

༡༥

གནས་སྐབས་སྤྱོད་ལམ་བསྟན་པ།

༢༦

སྤང་བླང་མུ་བཞི་བརྟག་པ

ལུས་ཀྱི་མཚན་ཉིད་བསྟན་པ།

༡༦

ཟས་ཀྱི་ཚུལ་ཤེས་པར་བྱ་བ།

༢༧

གསོ་ཚུལ་བསྟན་པ།

ལུས་ཀྱི་ལས་བསྟན་པ།

༡༧

ཁ་ཟས་བསྡམ་པར་བྱ་བ།

༢༨

ཁྱད་པར་གསོ་ཚུལ།

ལུས་ཀྱི་འཇིག་ལྟས་བསྟན་པ།

༡༨

ཟས་ཚོད་རན་པར་བཟའ་བ།

༢༩

གསོ་ཐབས་གཉིས་བསྟན་པ།

ནད་ཀྱི་རྒྱུ་བསྟན་པ།

༡༩

རོ་དང་ཞུ་རྗེས་བསྟན་པ།

༣༠

གསོ་ཐབས་དངོས་བསྟན་པ།

ནད་ཀྱི་སློང་རྐྱེན་བསྟན་པ།

༢༠

སྨན་གྱི་ནུས་པ་བསྟན་པ།

༣༡

གསོ་བ་པོ་སྨན་པ་བསྟན་པ།

༡༠

ནད་ཀྱི་འཇུག་ཚུལ་བསྟན་པ།

༢༡

སྨན་གྱི་སྡེ་ཚན་དང་སྦྱར་ཐབས།

 

 

༡༡

ནད་ཀྱི་མཚན་ཉིད་བསྟན་པ།

༢༢

གཉེན་པོ་ཆ་བྱད་བསྟན་པ།

 

 

 

གསུམ་པ། སྡུག་བསྔལ་ཞི་བྱེད་གསོ་བྱའི་ནད་འབུམ་ནག་པོ།

ཀླད་དོན་གླེང་སློང་བ།

༣༣

མགུལ་ནད་ལྦ་བ་གསོ་བ།

༦༥

ཕྲན་བུའི་ནད་གསོ་བ།

རླུང་ནད་གསོ་བ།

༣༤

རྙིང་ནད་གསོ་བ།

༦༦

བྱིས་པ་ཉེར་སྤྱོད་གསོ་བ།

མཁྲིས་ནད་གསོ་བ།

༣༥

གློ་ནད་གསོ་བ།

༦༧

བྱིས་པའི་ནད་གསོ་བ།

བད་ཀན་ནད་གསོ་བ།

༣༦

མཆིན་ནད་གསོ་བ།

༦༨

བྱིས་པའི་གདོན་ནད་གསོ་བ།

འདུས་ནད་གསོ་བ།

༣༧

མཆེར་ནད་གསོ་བ།

༦༩

འབྲས་གསོ་བ།

མ་ཞུ་བ་གསོ་བ།

༣༨

མཁལ་ནད་གསོ་བ།

༧༠

གཞང་འབྲུམ་གསོ་བ།

གཅོང་ཆེན་སྐྲན་ནད་གསོ་བ།

༣༩

ཕོ་བའི་ནད་གསོ་བ།

༧༡

མེ་དབལ་བཅོས་པ།

སྐྱ་རྦབ་ནད་གསོ་བ།

༤༠

རྒྱུ་མའི་ནད་གསོ་བ།

༧༢

སུར་ཡ་བཅོས་པ།

འོར་ནད་གསོ་བ།

༤༡

ལོང་ནད་གསོ་བ།

༧༣

རྨེན་བུ་བཅོས་པ།

༡༠

དམུ་ཆུ་གསོ་བ།

༤༢

ཕོ་མཚན་གྱི་ནད་གསོ་བ།

༧༤

རླིག་རླུགས་བཅོས་པ།

༡༡

གཅོང་ཆེན་ཟད་བྱེད་གསོ་བ།

༤༣

མོ་མཚན་གྱི་ནད་གསོ་བ།

༧༥

རྐང་འབམ་བཅོས་པ།

༡༢

ཚ་བ་སྤྱི་བཅོས་པ།

༤༤

མོ་ནད་གཙོ་བོ་སྤྱི་བཅོས་པ།

༧༦

མཚན་བར་རྡོལ་བ་བཅོས་པ།

༡༣

ཚ་གྲང་གལ་མདོ།

༤༥

མོ་ནད་བྱེ་བྲག་བཅོས་པ།

༧༧

རྨ་སྤྱི་གསོ་བ།

༡༤

ཚ་བའི་རི་ཐང་མཚམས།

༤༦

མོ་ནད་ཕལ་པ་བཅོས་པ།

༧༨

མགོ་རྨ་གསོ་བ།

༡༥

མ་སྨིན་ཚ་བ་བཅོས་པ།

༤༧

སྐད་འགགས་གསོ་བ།

༧༩

ལུས་སྟོད་ཀྱི་རྨ་གསོ་བ།

༡༦

རྒྱས་པའི་ཚ་བ་བཅོས་པ།

༤༨

ཡི་ག་འཆུས་པ་གསོ་བ།

༨༠

བྱང་ཁོག་སྨད་ཀྱི་རྨ་གསོ་བ།

༡༧

སྟོངས་པའི་ཚ་བ་བཅོས་པ།

༤༩

སྐོམ་ནད་གསོ་བ།

༨༡

ཡན་ལག་གི་རྨ་གསོ་བ།

༡༨

གབ་པའི་ཚ་བ་བཅོས་པ།

༥༠

སྐྱིགས་བུའི་ནད་གསོ་བ།

༨༢

སྐེའི་རྨ་གསོ་བ།

༡༩

རྙིངས་པའི་ཚ་བ་བཅོས་པ།

༥༡

དབུགས་མི་བདེ་བ་གསོ་བ།

༨༣

འབྱུང་པོའི་གདོན་གསོ་བ།

༢༠

རྙོགས་པའི་ཚ་བ་བཅོས་པ།

༥༢

གླང་ཐབས་གྲོལ་མ་གསོ་བ།

༨༤

སྨྱོ་བྱེད་ཀྱི་གདོན་གསོ་བ།

༢༡

འགྲམས་ཀྱི་ཚ་བ་བཅོས་པ།

༥༣

སྲིན་བུའི་ནད་བཅོས་པ།

༨༥

བརྗེད་བྱེད་ཀྱི་གདོན་གསོ་བ།

༢༢

འཁྲུགས་ཀྱི་ཚ་བ་བཅོས་པ།

༥༤

སྐྱུགས་པའི་ནད་བཅོས་པ།

༨༦

གཟའི་གདོན་ནད་གསོ་བ།

༢༣

རིམས་ཚད་བལ་ནད་བཅོས་པ།

༥༥

འཁྲུ་བའི་ནད་བཅོས་པ།

༨༧

ཀླུའི་གདོན་ནད་གསོ་བ།

༢༤

འབྲུམ་བུའི་རིམས་བཅོས་པ།

༥༦

དྲི་མ་འགགས་པ་བཅོས་པ།

༨༨

སྦྱར་བའི་དུག་གསོ་བ།

༢༥

རྒྱུ་གཟེར་གྱི་རིམས་བཅོས་པ།

༥༧

གཅིན་འགགས་བཅོས་པ།

༨༩

གྱུར་པའི་དུག་གསོ་བ།

༢༦

གག་ལྷོག་བཅོས་པ།

༥༨

གཅིན་སྙིའི་ནད་བཅོས་པ།

༩༠

རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

༢༧

ཆམ་རིམས་བཅོས་པ།

༥༩

བལ་ནད་བཅོས་པ།

༩༡

རྒས་པ་གསོ་བ།

༢༨

མགོ་ནད་གསོ་བ།

༦༠

དྲེག་ནད་བཅོས་པ།

༩༢

རོ་ཙ་བར་བྱ་བ།

༢༩

མིག་ནད་གསོ་བ།

༦༡

གྲུམ་བུ་གསོ་བ།

༩༣

བུ་མེད་པ་བཙལ་བ།

༣༠

རྣ་བའི་ནད་གསོ་བ།

༦༢

ཆུ་སེར་གསོ་བ།

༩༤

འཁོར་གྱིས་བསྟོད་པ།

༣༡

སྣ་ནད་གསོ་བ།

༦༣

རྩ་དཀར་གསོ་བ།

 

 

༣༢

ཁ་ནད་གསོ་བ།

༦༤

པགས་ནད་གསོ་བ།

 

 


བཞི་པ། སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ།

གླེང་བསླང་པ་སྤྱིའི་དོན།

༡༢

སྔོ་སྦྱོར་གྱི་སྡེ་ཚན།

༢༣

དུག་བསྟན་པ།

རེག་པ་རྩས་ནད་ངོས་བཟུང་བ།

༡༣

རིན་པོ་ཆེའི་སྡེ་ཚན།

༢༤

ལུམས་བསྟན་པ།

མངོན་པ་ཆུས་ནད་ངོས་བཟུང་བ།

༡༤

ལས་ལྔའི་སྔོན་འགྲོ་སྣུམ་འཆོས།

༢༥

བྱུགས་པ་བསྟན་པ།

ཐང་གི་སྡེ་ཚན།

༡༥

བཤལ་གྱི་ལས།

༢༦

ཐུར་མ་བསྟན་པ།

ཕྱེ་མའི་སྡེ་ཚན།

༡༦

སྐྱུགས་ཀྱི་ལས།

༢༧

གཉེན་པོ་ཆིག་རྒྱུག་བསྟན་པ།

རིལ་བུའི་སྡེ་ཚན།

༡༧

འཇམ་རྩིའི་ལས།

༢༨

འགོ་ནད་བསྲུང་ཐབས།

ལྡེ་གུའི་སྡེ་ཚན།

༡༨

ནི་རུ་ཧ་ཡི་ལས།

༢༩

མདོ་དོན་བསྡུ་བ།

སྨན་མར་གྱི་སྡེ་ཚན།

༡༩

སྣ་སྦྱོང་གི་ལས།

༣༠

རྒྱུད་ཀྱི་ཆེ་བ་བསྟན་པ།

ཐལ་སྨན་གྱི་སྡེ་ཚན།

༢༠

ལོག་གནོན་རྩ་སྦྱོང་།

༣༡

གཙོ་འཁོར་ལ་རྒྱུད་གཏད་པ།

༡༠

ཁཎྜའི་སྡེ་ཚན།

༢༡

གཏར་ག་བསྟན་པ།

༣༢

སྟོན་པ་ལ་བསྟོད་པ།

༡༡

སྨན་ཆང་གི་སྡེ་ཚན།

༢༢

མེ་བཙའ་བསྟན་པ།

 

 

     


                                                                  རྩོམ་པ་པོའི་ངོ་སྤྲོད།
དྲང་སྲོང་དཔྱད་བུ་ཁྲི་ཤེས་ཞེས་པ་ནི། སྔ་རབས་ཞང་ཞུང་ཡུལ་དུ་བྱུང་བའི་གསོ་དཔྱད་མཁས་པ་ཞིག་དང་།  སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་བགྲེས་ཤོས་དེ་ཡིན། དེའི་སྐོར་བོན་གཞུང་《ལེགས་བཤད་མཛོད་》ལས། བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་པ་དར་བར་བྱེད་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། ཅེས་དང་། 《བསྟན་པ་གཉེར་གཏད་ཀྱི་མདོ་》ལས་ཀྱང་།  དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས། དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། ཞེས་སྔ་རབས་ཞང་ཞུང་གི་གསོ་རིག་བསྟན་པའི་སྒྲོན་མེ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཡིན་པར་ཁུངས་སྐྱེལ་བྱས་འདུག

          མཁས་པའི་དབང་པོ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཞབས་ཀྱིས་མཛད་པའི་《གསོ་རིག་གི་ཡིག་ཐོ་གསལ་བྱེད་མལླི་ཀའི་རྒྱུན་ཐག》ཅེས་པའི་དཀར་ཆག་ཀུ་པའི་ནང་ཚན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསང་སྙིང་གི་ཐིག་ལེ་ལས་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་《དུག་བཅོས་གཡུང་དྲུང་འཁྱིལ་བ་》ཞེས་པའི་ནང་།  སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། །སྐྱབས་གནས་སྲུང་མར་བཅས་ལ་དམོད་འདི་བོར། །སྙིགས་དུས་མ་རུངས་བདུད་ཀྱི་སྤྲུལ་པ་འགས། །ཟུངས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱིས། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། །དེ་ཉིད་འཇོམས་པའི་སྨན་མཆོག་རིན་ཆེན་འདི། །མཐུ་ལྡན་རང་བཞིན་དངོས་གྲུབ་སྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། །ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག །ཅེས་གསུངས་དབང་གིས་གནས་ལ་མ་ངེས་པ། །སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་རྩ་ཀླད་པ་དང་།  །ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་།  །རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད། །ཡུལ་དེའི་གླ་བ་དཀར་པོ་སྨན་ཟ་བའི། །རྩི་ཤིང་ཁ་ལྟེམ་དག་ལས་ངེས་པར་འབྱུང་།  །ཞེས་དང་།  །ཡང་དེ་ཉིད་ལས། །དཀར་པོ་ཆེ་བ་ཅོ་གའི་སྒོ་ང་ཙམ། །རྒྱལ་པོ་རིལ་བུས་མི་རྟ་བཅུ་གསུམ་སོས། །དམར་སེར་འབྲིང་བ་ཤ་བའི་རིལ་མ་ཙམ། །བློན་པོ་རིལ་བུས་མི་རྟ་དགུ་འཚོ་ཐུབ། །ཆུང་བ་སེར་པོ་ལུག་གི་རིལ་མ་ཙམ། །བཙུན་མོ་རིལ་བུས་མི་རྟ་བདུན་ལ་ཕན། །སྔོ་དང་དཀར་པོ་ཡང་ཆུང་སྲན་མ་ཙམ། །འབངས་ཀྱི་ཡིན་པས་སྔ་མ་དེ་ཡིས་ནི། །མི་རྟ་ལྔ་འཚོ་ཕྱི་མས་གསུམ་ལ་ཕན། །ཁ་དོག་དབང་གིས་ཆེ་ཆུང་ཁྱད་པར་ལས། །ཆེ་དང་སྲ་མཁྲེགས་ལྡན་པ་བཟང་བའི་རིགས། །ཆུང་དང་གསོབ་ལ་བཀྲག་འཚེར་མེད་ངན་རིགས། །ཞེས་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་།  ནང་གསེས་དབྱེ་བ། སོ་སོའི་ཕན་ཡོན་ཞིབ་གསལ་འཁོད་པར་གཞིགས་ན་ཞང་ཞུང་གི་དཔྱད་བུ་ཁྲི་ཤེས་ཞེས་པ་ནི་ཧ་ཅང་སྔ་བའི་དུས་ནས་སྨན་དཔྱད་ཀྱི་བསྟན་པའི་བྱ་བར་ཞུགས་པ་ཞིག་ཡིན་པ་དོན་གྱིས་གྲུབ།།

          དེ་བཞིན་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་འབུགས་》ནང་།  ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ། ཞེས་གསུངས་པ་ནི་ལོ་རྒྱུས་དང་མཐུན་པའི་སྡོམ་ཚིག་ཡང་དག་པ་ཡིན་པར་སེམས།

          དེ་རྗེས་གཉའ་ཁྲིའི་སྐབས་སྨན་དཔྱད་ཡར་རྒྱས་ཇི་བྱུང་སྐོར། གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》ལས། རྒྱུ་ཡི་བོན་བཞི་སྤྱི་ལས་སྔ་དར་བ། ཤེས་པ་ཅན་གྲངས་བཅུ་གཉིས་སྔོན་རིམ་ལྟར། །ཁྱད་པར་རྒྱལ་པོ་གཉའ་ཁྲིའི་སྐུ་རིང་དར། །དེ་ཡང་ཤེས་པ་ཅན་ཞེས་གང་ཞེ་ན། །ཞེས་པ་ནས། ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི། །བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ། །ཞེས་པའི་བར་གསལ་བ་དང་།  ཕྱོགས་མཚུངས་གཉའ་ཁྲིའི་དུས་སུ་སྨན་དཔྱད་དར་ཚུལ་སྐོར། ཡར་རྗེ་ཨུ་རྒྱན་གླིང་པས་གཏེར་ནས་སྤྱན་དྲངས་པའི་བཀའ་ཐང་སྡེ་ལྔའི་ནང་ཚན་《བློན་པོ་བཀའ་ཐང་》ཤོག་གྲངས་༧བ་༦ ནང་།  བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་དུས་དོགས་པ་དྲུག་སྟེ། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད། ཅེས་གསུངས་པར། རྩིབ་ལྷ་སྐར་མ་ཡོལ་སྡེས། བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས་ཞུས་པའི་ནང་ནས་དུག་ལ་སྨན་ཡོད་ཅེས་པ་དེས་སྐབས་དེར་སྨན་དཔྱད་ཀྱི་སྲོལ་ཀ་དར་རྒྱས་བྱུང་སྟེ་དུག་སེལ་སྨན་གྱི་བྱ་ཐབས་ཡོད་པ་ཤིན་ཏུ་གསལ། དེ་དང་འདྲ་བར་《ལྡེའུ་རྒྱལ་སྲས་ཀྱི་ཆོས་འབྱུང་》ལས་ཀྱང་།  དུས་དེ་ཙམ་ན་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བྱེད་པ་ལ། རྒྱལ་ཕྲན་ཆེ་བ་མ་འཆམས་ནས་བོད་ཀྱི་རྗེ་མ་བཏུབ་པའི་དུས་སུ། ཞང་གསུམ། བློན་བཞི་ལ་སོགས་པ་དང་།  ཤེས་པ་མཁན་མི་བཅུ་གཉིས་ཀྱིས་མཆིད་བགྲོས་ནས་རྗེ་བཙལ་ཏེ། རྩིབ་ལྷ་སྐར་མ་ཡོལ་སྡེ་ལ། རྗེ་བཏུབ་པ་གང་ན་ཡོད་དྲིས་པས། སྨྲས་པ། གནམ་རིམ་པ་ལྔའི་སྟེང་ན། རྗེ་གཉའ་ཁྲི་བཙན་པོ་བྱ་བ། ལྷའི་སྲས་པོ། རྨུའི་ཚ་བོ་ཡོད་པ་དེ་བདག་གིས་སྤྱན་དྲང་ངོ་ཟེར་ནས་སྐར་མ་ཡོལ་སྡེས་སྨྲས་པ། རྗེ་གཉའ་ཁྲི་བཙན་པོ། ཡུལ་སོ་དྲུག་མ་གི་ན། ཡུལ་ན་རྗེ་མེད་དེ་ཁ་དོད་ཀུན་ཀྱང་རྗེ། གནག་ན་གཡག་མེད་དེ་རྭ་ཐོག་ཀུན་ཀྱང་རུང་།  རྟ་ལ་སྐྱོན་མ་མཆིས་ངམ་འབྲོག་ཁྱུང་ཕྱུར་ཙམ། དོག་ཡབ་ཀྱི་ཁབ་གཤེགས་འཚལ་ལོ་ཞུས་པས། རྗེའི་ཞལ་ནས། ས་མ་ཀི་ལ་རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་དང་སྟེམས་ཡོད་གསུངས་པས། སྨྲས་པ། རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་གྲོལ་ས་ཡོད། ཅེས་གསོལ་ནས་གཤེགས་པར་ཆས་པ་སོགས་གོང་གི་ལུང་དང་མཚུངས་པར་སྣང་།

          རྗེས་སུ་དུས་རབས་བརྒྱད་པའི་སྐབས། ཆོས་རྒྱལ་ཁྲི་སྲིང་ལྡེའུ་བཙན་གྱིས་བསམ་ཡས་སུ་ཕྱོགས་རིགས་ཀྱི་སྨན་པ་མཁས་པ་དགུ་གདན་དྲངས་ཏེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་ཕན་ཚུན་བགྲོ་གླེང་གནང་སྐབས། འཕགས་ཡུལ་གྱི་སྨན་པས། གསོ་བ་རིག་པའི་བཀའ་བབས་ཚུལ་ཇི་ལྟར་ཡིན་ཞེས་གཡུ་ཐོག་པར་དྲི་བ་བཏོན་དུས་རེ་རེ་བཞིན་ལན་བཏབ་པའི་ནང་།  ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་བབས་པ་བཤལ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་ཞི་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད་ཡོད། ཅེས་གསུངས་པའི་སྐོར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་《གཟི་བརྗིད་རིན་པོ་ཆེའི་མཛོད་》ཅེས་པའི་ནང་གསལ་བ་ལྟར། བོད་ཀྱི་གསོ་རིག་《རྒྱུད་བཞི་》ཡི་ནང་ཚན་《ཕྱི་མ་རྒྱུད་》ཀྱི་སྦྱོང་བྱེད་ལས་ཀྱི་མདོ་ཞེས་པའི་ནང་བཤལ་གྱི་ལེའུ་ཡོད་པ་དང་།  དེ་བཞིན་འཇམ་རྩུབ་དཔྱད་ཀྱི་མདོ་ཞེས་པར་འཇམ་པོའི་དཔྱད་དུགས་ལུམས་བྱུག་པ་གསུམ་གྱི་ལེའུ་སོ་སོར་ཡོད་པ་དེས་ཞང་བོད་གསོ་རིག་དབར་གྱི་ལོ་རྒྱུས་འབྲེལ་བ་ཇི་བཞིན་གསལ་བཤད་བྱུང་ཡོད། དེ་དང་ཕྱོགས་མཚུངས་ཟུར་མཁར་བློ་གྲོས་རྒྱལ་པོས་གྲ་ཐང་རྒྱུད་བཞི་ཞུ་དག་དང་།  པར་བརྐོ་མཛད་དུས་དང་།  དེ་རྗེས་མི་དབང་པཎྜིཏ་སངས་རྒྱས་རྒྱ་མཚོས་སླར་ཡང་རྒྱུད་བཞིར་དག་བཅོས་གནང་སྐབས་འཕགས་ཡུལ་དང་།  རྒྱ་ནག ཏ་ཟིག་སོགས་ཀྱི་སྨན་གཞུང་དང་།  ཡང་སྒོས་《འཁོར་ལོ་རྒྱལ་པོའི་བེ་བུམ་》ལྟ་བུ་ཞང་ཞུང་གི་སྨན་དཔྱད་ལའང་དཔྱད་གཞི་མཛད་པ་མཇུག་བྱང་དུ་འཁོད་པར་མ་ཟད། རྒྱུད་བཞིའི་ནང་དར་ཡ་ཀན་དང་།  སླེ་ཏྲེས། ད་ཏྲིག མོན་ཆ་ར། བ་རུ་ར། ཏྲེས་སམ་སོགས་སྔ་རབས་ཞང་ཞུང་གི་སྨན་མིང་མི་ཉུང་བ་མཐོང་རྒྱུ་ཡོད་ཅིང་།  ལྷག་པར་ཏུན་ཧོང་ནས་རྙེད་པའི་《བོད་ཀྱི་གསོ་རིག་མེ་བཙའི་བཅོས་ཐབས་》ཞེས་པའི་མཇུག་ཏུ། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མེད་དེ། ཞང་ཞུང་དཔྱད་ཕུགས་པ་དང་།  སྦྱར་ཏེ་བགྱྀས་པ་ལགས་སོ། །ཞེས་གསལ་བ་བཅས་ཀྱིས་བོད་ཀྱི་གསོ་རིག་ལ་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་ར་སྤྲོད་འདི་ལྟར་ཡིན་ལགས།། །།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།