སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་བརྒྱད་པ། མགོ་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་བརྒྱད་པ། མགོ་རྨ་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཡན་ལག་དང་པོ་མགོ་ལ་མཚོན་ཕོག་ན། །འདི་ལ་རྟགས་དང་བཅོས་ཐབས་གཉིས་སུ་བསྟན། །ཡན་ལགས་[ལག་]ལྔ་ལ་གཅེས་པ་མགོ་བོ་ཡིན། །དེ་ལ་གནས་ལུགས་འཕོག་པ་བརྟག་པའི་ཐབས། །བཅོས་པའི་ཐབས་དང་ལོག་ནོན་ལྔ་ཡིས་བསྟན། །དང་པོ་མགོ་བོའི་གནས་ལུགས་བསྟན་པ་དང་། །ཤ་རུས་གླད་[ཀླད་]པ་རྩིའི་[རྩའི་]གནས་ལུགས་བསྟན་པ་དང་། །ཤ་རུས་གླད་[ཀླད་]པ་རྩིའི་[རྩའི་]གནས་ལུགས་བསྟན་པའོ། །མི་རིག་[རིགས་]རླུང་འཁྲིས་[མཁྲིས་]བད་ཀན་ལྡན་འདུས་བདུན། །མགོ་དབྱིབས་བད་ཀན་སྤྱི་རིང་འདུས་པ་ལྟག་འབུར་དང་། །མཁྲིས་པ་གྲུ་བཞི་བད་རླུང་ཟླུམ་པོའོ། །རླུང་འཁྲིས་[མཁྲིས་]འཕྲེད་ཉལ་རུང་[རླུང་]ལ་སྤྱི་ལེབ་བོ། །དེ་དག་གླད་[ཀླད་]པ་རུས་པ་རིམ་བཞིན་ངན། །དེ་བཞིན་རྣམ་པར་གཟེར་རྩ་མང་བར་བཤད། །ཀླད་པ་རྒྱ་མཚོའི་གནས་ལུགས་བསྟན་པ་ནི། །ཤ་གླད་[ཀླད་]དམར་གླད་[མར་ཀླད་]བུར་ཆང་གླད་[བུང་ཚང་ཀླད་]པ་དང་། །ཕྲུམ་གླད་[ཀླད་]དམར་གླད་[མར་ཀླད་]བུར་ཆང་གླད་[བུང་ཚང་ཀླད་]པ་དང་། །ཕྲུམ་གླད་[ཀླད་]ཞོ་གླད་[ཀླད་]འོ་གླད་[ཀླད་]ཆུ་གླད་[ཀླད་]རྣམ་པ་བདུན། །མི་རིགས་མགོ་བོའི་དབྱིབས་དང་གླད་[ཀླད་]པ་སྦྱར། །དེ་དག་རིམ་པས་གོང་མ་བཟང་བར་འདོད། །རྒྱ་རེབ་[དར་]སྨུག་གདང་[དྭངས་]འཐུག་སྲབ་གླ་ཧེལ་ཙམ། །རྩ་ཡི་དྲ་བས་[བར་]གཏུམ་[གཏུམས་]ནས་གནས་པ་ཡིན། །འོན་ཀྱང་འགོ་[མགོ་]རིལ་མིག་ནག་མཚུལ་པ་ཉོག[ཉག] །རྣག་ཆུད་[སྣབས་ལུད་]ཉུང་ཞིང་གཡང་ཆུ་རྨ་ལ་བཟང༌། །མཚོན་ཕོག་དུས་ན་འགྱེམ་འབུམ་[འགྱེལ་བུབ་]ཟ་ཟིང་[ཟི་]མེད། །མིད་[མི་]སྐྱུག་མི་ལྐུགས་འཆལ་མེད་བཟང་རྟགས་ཡིན། །དེ་བཟློག་[ལྡོག་]ཞོ་དང་འོ་མ་ཆུ་གླད་[ཀླད་]འབྱུང༌། །གླད་[ཀླད་]ཁྱིམ་རུས་པའི་གནས་ལུགས་བསྟན་པ་ནི། །ཕོ་རུས་མོ་རུས་མ་ནིང་རུས་པ་གསུམ། །དེ་ལ་ལྒང་[སྒང་]དང་རྩིབས་དང་མཐབ་[མཐའ་]རུ་འགྱུར། །ཕོ་རུས་གདུང་འཕྲེད་[མཐུག་]ལྷ་བ་ཆུང་ལ་འཁྲེག[མཁྲེགས]། །མོ་རུས་ལྷ་གདུང་སྙོམས་ཤིང་སྲབ་ལ་མཉེན། །མ་ནིང་རུས་པ་ལྷ་བ་ཆེ་ལ་སོབ། །ལྟག་པ་སྨིན་དཀྱིལ་སོར་བཞི་སྒང་དུ་ཡོད། །རུས་པ་འཐུག་འཁྲེག་[མཁྲེགས་]སྤྲོན་[སྐྲོན་]ལ་ལྷ་བ་ཆེ། །དེ་ཡི་གཡས་གཡོན་སོ་[སོར་]བཞི་རུས་པའི་རྩིབས་ཡིན། །གོང་བས་སྙོམས་ལ་ལྷ་གདུང་སྲབ་པ་ཡིན། །དེ་ཡི་མཐའ་མར་རྣ་ལྟག་ལྷག་མ་རྣམས། །ལྷ་བ་ཆུང་ཞིང་སྲབ་ལ་སྤོན་[སྐྲོན་]པར་བཤད། །གཡོག་པ་ཤ་ཡི་གནས་ལུགས་འདི་བཞིན་ཡིན། །སྤྱི་གཙུག་ཤ་ནི་བཞག་སྒོར་འཁྱིལ་འདྲ་གཉན། །ལྟག་པའི་ཤ་ནི་ཉ་ལྡང་གཤིབ་འདྲ་གཉན། །འཚོགས་[མཚོག་]མའི་ཤ་ནི་[གཞུ་]ཤུལ་བཞག་འདྲ་གཉན། །མུར་གོང་ཤ་ནི་ལུག་མཁལ་བརྩེགས་འདྲ་གཉན། །དེ་ལས་གཞན་པ་མི་གཉན་དོས་ཤུན་འདྲ། །འབྲེལ་བ་རྩ་ཡི་གནས་ལུགས་བསྟན་པ་ནི། །གླད་[ཀླད་]པའི་རྩ་དང་རུས་རྩ་ཤ་རྩ་གསུམ། །གླད་[ཀླད་]པའི་རྩ་ལ་འཚོ་བྱེད་དར་གྱི་རྩ། །ཕྱི་ནང་གཞན་འབྲེལ་ཆུ་རྩ་གཉིས་སུ་བཤད། །དང་པོ་འཚོ་བྱེད་གཉིས་ཀྱི་ར་[རེ་]ཐག་བཞི། །ཕྱི་མ་རྒྱུག་པ་ཚགས་པའི་སྐུད་པའོ། །རེ་ཐག་བཞི་ནི་རྣ་བའི་ཕྱི་ནང་ན། །རྩ་[རྩེ་]ནག་གཉིས་[གཉིད་]ལོག་རྟ་ལ་བཞི་གྱེས་པ། །དེ་ལས་དགྱེའ་[གྱེས་]ནས་དར་སྟེ་[སྟེང་]ཤིང་ལོ་འདྲ། །འབྲེལ་བར་གནས་ཏེ་ཀུན་ལ་ཁྱབ་པ་ཡིན། །ཕྱི་ནང་རྒྱུག་པ་ལྟག་རུས་འབུར་མོ་[པོ་]ནས། །ཁུར་[མཁུར་]ཚོས་བྱུང་སྟེ་སླར་ལོག་ཀླད་པ་བླངས། །འདུས་སོ་གསུམ་འབྲེལ་སྲུབས་རྣམས་ཕྱི་ནང་བཙེམ། །ཚངས་པའི་སྐུད་པ་ཤ་རུས་གླད་[ཀླད་]པའི། །རྩ་གསུམ་འདུས་ཏེ་སྤྱི་བོའི་གཙུག་ན་གནས། །གཞན་དང་འབྲེལ་བའི་ཆུ་རྩ་ཕྱི་ནང་གཉིས། །ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་ཡོད། །རྗེས་[རྗེ་]ཞབས་ལས་བྱུང་རྐེའི་ནང་ནས་བརྒྱུད། །དོན་ལྔ་སྣོད་དྲུག་བསལ་[བསམ་]སེར་འབྲེལ་བ་ཡིན་ཏེ། །ཕྱི་རྩ་སྟག་[ལྟག་]དཀྱིལ་ཆུ་རྩ་སྦུ་གུ་ཅན་གཉིས་ནི། །སྟག་གཟིལ་[ལྟག་ཟུར་]སྤུ་འཁྱིལ་ཆུ་རྩ་འཇའ་བྱེད་གཉིས་ཡིན་ཏེ། །རྣ་ཤལ་འོག་ཤོང་[གཤོང་]རད་ཎ་[རཏྣ་]གཉིས་ཏེ་དྲུག །རྐང་ལག་རུས་ཚིགས་ཆུ་རྒྱུས་འབྲེལ་བ་ཡིན། །ཟས་འབྲམ་[ཟ་འགྲམ་]སྟེང་ན་སོ་རྩ་ལྡད་བྱེད་གཉིས། །རྐན་དཀྱིལ་དབང་པོའི་འདུས་རྩ་སུམ་མདོ་རིས། །དེ་ལྟར་ཉེར་གཉིས་ཆུ་རྩིས་[རྩའི་]གནད་དུ་བསྟེན་[བསྟན]། །རུས་རྩ་མདུན་[མདུང་]ཚུགས་འཕྲད་[འཕྲེད་]ཉལ་འཁྱམ་པོ་གསུམ། །མདུང་ཚུགས་གཟེར་རྩ་གཙུག་དང་འཚོགས་[མཚོག་]མའི་སྒོ། །ལྟག་པའི་བདུད་སྒོ་གཡས་གཡོན་ཚོན་ཏེ་[རེ་]གཉིས་དང་[ཏེ་]གསུམ། །སྨིན་དཀྱིལ་གཉིས་དང་འཁུར་[མཁུར་]ཚོས་གཉིས་ལ་སྒོ་ལྔ་སྟེ། །དེ་ལས་གཞན་པའི་གཟེར་རྩ་ངེས་པ་མེད། །རུས་པ་ངན་ཞིང་དུམ་བུར་རྩ་ཕུར་མང་། །འཕྲད་[འཕྲེད་]ཉལ་རྣ་ལྷན་[ལྟག་]སྟེང་ནས་སོར་བཞི་མེད་[ན]། །བོན་པོའི་ལྷ་རྩ་སོར་བཞི་འཕྲལ་པ་[འཕྲེད་དུ་]ཡོད། །འཁྱམ་པོ་གཞའ་གུག་ཁྱི་ཉལ་བྱི་སྡེར་གསུམ། །འདིར་གནས་ངེས་མེད་རྣ་བའི་གསེབ་ན་གནས། །རུས་པ་བདར་ཚེ་བྱ་རས་སོད་པ་གཅེས། །ཤ་ཡི་རྩ་ལ་ངེས་དང་མ་ངེས་གཉིས། །ངེས་པ་ལྟག་ཟུར་ལྟག་རྩ་ནག་པོ་གཉིས། །རྣ་བའི་ཕྱི་རྒྱབ་ཚོན་གང་ཕྱི་ལྗོན་གཉིས། །རྣ་བའི་ནད་[ནང་]ངོས་ནད་[ནང་]ལྗོན་རྣམ་པ་གཉིས། །མུར་ཁོང་ཟུར་སྐྱེས་ལྟག་རལ་འཁྱུག་རྩ་གཉིས། །མཚུལ་པའི་འགྲམ་ན་མཚུལ་རྩ་ནག་པོ་གཉིས། །མུར་ཁོང་གཤང་[གཤོང་]ན་མིག་རྩ་མཐོང་བྱེད་གཉིས། །མུར་འགྲམ་སྟེང་ན་སོ་རྩ་འཕར་བ་གཉིས། །གཙུག་གི་ཚོན་རེར་ཕྱོགས་ཀྱི་རེ་ཐག་བཞི། །དེ་ལྟར་ཉི་ཤུ་ངེས་པའི་རྩ་ཡིན་ནོ། །དོན་ལྔ་སྣོད་དྲུག་དབང་པོ་སྒོ་ལྔའི་རྩ། །གཞན་ལ་ངེས་མེད་བརྟག་ལ་ངོས་བཟུང་གཅེས། །གཉིས་པ་ཕོག་པ་[ས་]བཟང་ངན་འབྲིང་པོ་གསུམ། །བདུད་རྕེ་[སྡུད་སྒོ་]བཞི་ལ་ཕོག་ན་ངན་པ་འཆི་བའི་གནད། །གནད་དེ་ཤ་རུས་གླད་[ཀླད་]པ་གསུམ་གཉན་ངན། །ཆག་ཚབས་ཆེ་རུང་ཆུང་རུང་ངན་པ་ཡིན། །འཕྲོད་[འཕྲེད་]ཉལ་སྲུབ་[སྲུབས་]སྟེང་མཁུར་ཚོས་མིག་ཕོར་དང༌། །ཟ་འགྲམ་སྟེང་རྣམས་ཕོག་པ་[ས་]གཉེན་[གཉན་]པ་འབྲིང་། །ཤ་རྩ་ཉི་ཤུའི་སྟེང་ན་ཆགས་[ཆག་]ཚབས་ཆུང་ན་ངན། །ཤ་རུས་གླད་[ཀླད་]པའི་རྩ་རིགས་སོ་སོའི། །ཕྱི་བས་ནང་མ་དེ་ཡི་ནང་མ་གཉན། །ཕོག་པ་[ས་]བཟང་བ་དཔྲལ་བ་རྭ་ལྡེབས་གཉིས། །ཆགས་[ཆག་]ཚབས་ཆེ་ཆུང་བདུན་[མེད་པར་]བཟང་བ་ཡིན། །འདིར་མ་གཏོགས་པ་ཕོག་པ་[ས་]འབྲིང་དུ་བཤད། །གསུམ་པ་བརྟག་ཐབས་མཚོན་བརྟག་རྨ་བརྟག་དང་། །ཕྱི་ཡི་ཡུལ་ལ་བརྟག་དང་གསུམ་ཡིན་ཏེ། །ཟུག་རྔུའི་མཚོན་ལ་མདའ་རྡོ་གྲི་དང་གསུམ། །མདའ་ལ་ཝ་ལུང་བཤལ་[བཤོལ་]བརྐོས་ཏམ་[གཏམ་]ཟུག་གསུམ། །གྲི་ཡིས་གཤོག་[བཞོགས་]དང་བཟློག་[རྫོགས་]དང་བཅད་པའོ། །རྡོ་ལ་ཆགས་པ་གས་པ་འཐེམ་པ་གསུམ། །གས་ལ་སྦོམ་འཕྲ་[ཕྲ་]རིང་ཐུང་རྣམ་པ་བཞི། །ཆགས་[ཆག་]པ་སྟེང་ཆགས་[ཆག་]འོག་ཆགས་[ཆག་]གཉིས་ཀ་ཆགས་[ཆག]། །གཉིས་ཀ་ཆགས་[ཆག་]ལ་ཞོ་[ཞོམ་]གྲུམ་སྡིབ་[རྡིབ་]རྡོལ་བཞི། །འཐེམས་ལ་ཆེན་པོ་ཆུང་ངུ་འབྲིང་པོ་གསུམ། །དེ་དག་ལ་ཡང་རྣོ་ཕོག་རྟུལ་ཕོག་དང་། །ཉེ་ཕོག་རིང་ཕོག་ཤུགས་ཅན་ཤུགས་མེད་དང་། །ཕར་ཕོག་ཚུར་ཕོག་ལྗིད་ཅན་ལྗིད་མེད་གཉིས། །ཚུལ་[ཚུར་]ཕོག་ཉེ་དང་ལྗིད་ཅན་ཤུགས་ཅན་ལ། །རྟུལ་ཕོག་རུས་དང་འཕྲད་པར་མ་གྱུར་ཡང་། །དེ་ལ་ཉེས་སྐྱོན་མང་བས་ལེགས་པོར་བརྟག །རེག་མྱང་རྨ་ལ་བརྟག་པོ་[པ་]ཡོད་མེད་གཉིས། །རྨ་མེད་པ་ལ་འགྲམས་དང་ཆགས་[ཆག་]པ་གཉིས། །འགྲམ་[འགྲམས་]ལ་སྟེང་སྲུབ་[སྲུབས་]ཞིག་ན་གོམ་པ་འཁྱལ་[འཁྱོལ]། །མིག་འཛུམ་མི་ཤིས་[ཤེས་]སྐྱུག་ཅིང་ལོག་པ་ཟི། །བར་གྱི་རྒྱ་འབེར་[བེར་]དེ་སྟེངས་རྩ་ཆུ་ཚ། །མིག་དམར་སྣ་ཁྲག་འཛག་ཅིང་དང་ཁ་འགག །ནང་བརྟག་དེ་ཡི་མཚོ་འཁྱོམ་དྲན་པ་མེད། །ལྐུག་གམ་ཡང་ན་འཆལ་ཞིང་གྱལ[ལབ]། །རྨ་མེད་རུས་ཆགས་[ཆག་]ཕྱི་ནས་རེག་པས་མྱང་། །སྒང་ཤིང་[གཤོང་]མི་སྙོམས་མནན་ན་བཟོད་པ་ཆུང་། །གསུམ་བཞི་འདས་ན་ཤ་རུས་བྱེ་ཞིང་མེར། །རྨ་ཅན་བརྟག་པ་སྟེན་[གདན་]ཆོད་མ་ཆོད་གཉིས། །ཤ་བརྟེན་[གདན་]མ་ཆོད་རས་གཙང་བཀུག་[བཅུག་]ལ་བརྟག །ཞག་གསུམ་ལྔའི་བར་དུ་མདོག་མི་འགྱུར། །དམར་འཁྲང་རེག་ན་རྕེ་[བརྕེ་]ལ་སྐྱོན་མེད་དེ། །སྐྱ་སྨུག་སྔོ་ནག་རུལ་ན་ཆགས་[ཆག་]རྟགས་ཡིན། །ཤ་གདན་ཆོད་ནས་མིག་ལ་མི་ཐོག་[ཐོགས་]ན། །ཁབ་མགོ་བཏང་བས་གས་གྲུག་འཐོག་པར་འོང་། །རུས་པའི་རྩི་དང་བྲལ་ནས་དབུས་[རྩུབ་]ན་སྐྱོན། །སྲུབ་[སྲུབས་]ཀྱི་སྟེང་ན་ཁྲེད་ཁྲེད་ཁྲལ་ལ་འོང་། །ལྷ་བ་འཐེམས་སམ་མགོ་ཆགས་[ཆག་]ཚབས་ཆེ་ན། །ཏུག་ཏུག་བྱས་པས་གོག་སྐད་གྲག་པ་ཡིན། །མིག་ལ་ཐོག་[ཐོགས་]ན་གས་ཆགས་[ཆག་]དངོས་སུ་གསལ། །ལྷ་བ་འཐེམ་ན་ལྷ་ཁྲག་ཙམ་ཙིམ་འཛག །ཞག་གསུམ་ལྔ་ནས་ཐིག་ལེ་ཁྱེ་མ་ཅན། །དམར་སྔོ་ནག་གྲོ་སེར་སྐྱ་སྨུག་པོ་དང་། །སྔོ་ནག་སྐམ་ན་ལྷ་རུས་འཐེམས་པ་ཡིན། །མགོ་ཆགས་[འོག་ཆག་]སོ་ཞོ་ཙེག་ཙེག་སྲན་ཆུང་ཙམ་དུ་འོང་། །ཐ་མ་དུང་གི་མདོག་འདྲ་འོང་བ་ཡིན། །སེན་མོའི་མདོག་ལྟར་སྨུག་ན་རུས་སྐྱོན་མེད། །གལ་ཏེ་ཐེ་ཚོམ་ཟ་ན་སྨན་གྱིས་བརྟག །ཁབ་ལེན་བུལ་ཏོག་ར་ཐུག་ཆུ་དང་ནུ་ཞོ་དང་། །བྱུགས་པས་ནག་ན་སྐྱོན་ཡོད་སྐྱོན་མེད་མདོག་མི་འགྱུར། །ཁ་ཤ་གཞའ་དང་སྦོས་དང་ཉ་[ཉྭ་]སྒང་དང་། །ཕྱིར་སློབ་[ལྷོགས་]སོབ་དང་རུས་སྐམ་ཆགས་[ཆག་]པའི་རྟགས། །ནང་རེ་བཞིན་དུ་རྨ་ཁ་མཐེབ་ཀོར་བྱ། །ཤ་རུས་བྱེ་ཞིང་མནན་ཤུལ་འོང་བ་དང་། །གས་སྣ་ཆགས་[ཆག་]སྣ་བཟོད་པ་ཆུང་བ་ཡིན། །ཤ་ཙ་[རྩ་]མ་རུལ་བ་ལེ་[ལ་]ངེས་པ་མེད། །ཨ་པ[ས་]ལྡིང་[ལྷིང་]ནན་སྤོད་ལུམ་[ལུམས་]གླད་[ཀླད་]ཞུན་བྱ། །བྱེ་སྦོས་ན་ཟུག་བྲི་ན་སྐྱོན་མི་འབྱུང་། །རྩ་ཆུ་ཕྱི་ཡུལ་སྒོ་ནས་བརྟག་པ་ནི། །ཀན་རྩ་རྒྱུད་གྲིམས་མགྱོག་[མགྱོགས་]དྲག་ཡང་ན་བཞག་[གཞའ]། །ཆུ་དམར་ཀུ་ཡ་རླངས་ཆེ་སྙིང་[སྙི་]འམ་སྡོམ། །སྐྲ་ནི་རུས་སྐྱོན་ཡོད་ན་ལྡང་ལ་འཚམ་[མཚམས་]བྱེད་ཀླད་སྐྱོན་ཡོད། །བསྐོར་ཚེར་[ཀོ་ལེར་]ཚེར་[ཚོར་]མེད་སྲུབ་[སྲུབས་]ཁ་ཞིག་པ་ལ། །ལྷ་བ་འཁྲུག་[འཁྲུགས་]ན་སྨིན་མ་འཛིང་པ་ཡིན། །རུས་ཆགས་[ཆག་]མིག་མི་ཐིག་[ཐེག་]པ་ཆེ་ཆུང་འོང་། །མིག་སྤྲིན་ཁྲག་ཤིག་འོང་ན་གླད་[ཀླད་]སྤྲི་བཙན། །གླད་[ཀླད་]འཁྱོམ་ཆུ་སེར་འོང་ལ་འཛུ་[འཛུམ་]མི་ཤེས། །སྣ་ཁྲག་འཛག་དང་སྣ་སྐམ་སྣ་གོང་རྔུལ། །རུས་སྐྱོན་ལྕེ་སྐམ་སེར་ལ་དོགས་རྟགས་[ལྟར་]སྨྲ། །ཟས་ལ་འཇབ་ཅིང་ཡང་ན་ཧབ་ཧབ་རྔམ། །འགྲངས་དང་བཀྲེས་དུས་ན་ན་གླད་[ཀླད་]སྐྱོན་ཡིན། །ཟོས་རྗེས་སྐྱུག་ན་ཀླད་པའི་སྐྱོན་ཡིན་ནོ། །གཉིད་འཐིབ་ཀླད་སྐྱོན་རྔུལ་འཁུན་གླད་[ཀླད་]པའི་སྐྱོན། །གཉིད་མེད་རྩ་སྐྱོན་སད་དུས་ན་ན་ཀླད་སྲུབ་[སྲུབས་]བྱེད་སྐྱོན་ཡིན། །འགྲོ་ན་འདར་བ་རྩ་ནད་ཀླད་ནད་འགྱེལ། །འཁྱོམ་དང་འཁྱམ་འཇབ་སྲུབ་[སྲུབས་]ཁ་བྱེ་བ་ཡིན། །ཕྲུམ་སེར་ཕྱི་སྐྱོན་རུས་ཆག་ནས་མི་ཆོམ[ཆོམས]། །གཡལ་འདར་བྱ་བརྙང་[རྨྱང་]བྱེད་ཅིང་སྦྲིད་པ་མང་། །མགོ་ལྕེ་དང་ཁ་མི་བདེ་གློ་རྡོལ་བྱ། །དེ་རྣམས་མགོ་སྐྱོན་ཡོད་པའི་རྟགས་ཡིན་ནོ། །བཞི་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་བརྔན་བཞིན་[བྱིན་]འབྲིད་པ་སྣུམ་ཆོས་[འཆོས་]བྱ། །མཁར་ལ་འོབས་ཀྱིས་བསྐོར་བའི་བཅོས་ཚུལ་དང༌། །གྲོང་ཁྱེར་མེ་ཡིས་བཤིག་པའི་བཅོས་ཚུལ་གསུམ་དང་[ལས]། །དང་པོ་ལས་[ལ་]ལུས་ཆོས་རྨའི་དྲོད་བསྐྱེད་རྩ་ཆོད་ན། །མཚོན་ཕོག་སྐྲ་བཞར་སྦང་ལ་རྗེན་ཕྱེ་ཞོ། །སྤོད་སྣ་མར་ནག་བཙས་[བཙོས་]པའི་ཨ་པས་[སས་]བདུག །ལྕ་འབྲུམ་གཡེར་མ་གོ་སྙོད་ཚྭ་དང་ཕབ[ཕབས]། །ཆང་ཟད་[འགག་]སྦང་མ་དྲོད་ཕབ་འཇིབས་སུ་བཏང༌། །ཁྲག་ངན་ཆུ་སེར་འཇིབ་ཅིང་རླུང་བྱེར་འདུལ། །ཞུ་མཁན་བླ་[གླ་]སྒང་སྤང་སྤོས་མར་ནག་བསྐོལ། །ཚ་དོས་སྦོས་འཁྱུག་རྩ་འབྲུམ་བྱུང་སྟེ་[སྟེང་]བདུག །བྱེར་ཆེ་ཀླད་པ་ཚ་[ཚྭ་]བཏབ་མར་ཆང་བཙོས། །ཞུན་གྱིས་བདུག་པས་ཤ་རྩ་རེང་[རེངས་]པ་འདུལ། །དང་པོ་རྨ་རྒོད་མར་ཆང་ཕབ་པས་རྩ་ཁ་སྡོམ། །ཞག་གསུམ་ལོང་ནས་རྨ་ལ་འཕུལ་འདྲེན་སྦྱར། །ནང་ནས་འཕུལ་བ་སྨན་དང་ཟས་གཉིས་ཡིན། །རླུང་མེད་ཞག་གསུམ་ཆུ་སྒྲོག་[གྲོག་]བསིལ་དུ་བསྟེ[བསྟེན]། །དེ་ནས་གསར་བཅུད་རྣམས་ནི་བཏུས་ནས་བཏང་། །ཐ་མ་མི་ལྡོག་ངེས་དུས་གང་ཡོག་ཟ། །དེ་ཡིས་ཤ་འཕེལ་ཟུངས་གསོ་སྨན་ནུས་སྐྱེད། །ཁོང་སྨན་སྦལ་རྒྱབ་གང་ཏིག་[གངས་ཐིགས་]གསེར་རྡོ་དང༌། །གུར་གུམ་མི་དོམ་འཁྲིས་[མཁྲིས་]པ་ཨ་བི་ཤ་[ཥ]། །ཨག་[ཨ་]བྱག་ཆུ་རྩ་བུ་རམ་སྦྱར་བ་བཏང༌། །ཤིན་ཏུ་སྐྱོན་ཆེ་རྡོ་ཡི་རྒྱལ་པོ་ནི། །སྦལ་རྒྱབ་གཅིག་རྕུབ་[ཆིག་ཐུབ་]ཁས་[ཁབ་]ལེན་འབྲུག་རུས་དང་། །གསེར་གྱི་བྱེ་མ་འབྲི་ཏ་ས་འཛིན་དང་། །རེ་རལ་མི་དང་དོམ་གྱི་འཁྲིས་[མཁྲིས་]པ་དང་། །གུར་གུམ་ཨ་བྱག་བྱང་སེམས་དཀར་དམར་རྣམས། །བུ་རམ་སྦྱར་བ་ཆང་གིས་འཕུལ་ལ་བཏང༌། །རྨ་ཡི་འདྲེན་ལ་རྡོ་རྩི་སྔོ་དང་གསུམ། །རྡོ་སྦྱོར་རྒྱལ་པོ་སྡེ་བཞི་ཟིལ་[ཟེ་]ཚྭ་དང༌། །གུར་གུམ་དོམ་འཁྲིས་[མཁྲིས་]ཀ་རའི་ཕྱེ་མ་གདན་[གདབ་]། །ཡང་ན་དཔྱད་འབུམ་བཞིན་དུ་རྡོའི་མང་སྦྱོར་བྱ། །ཡང་ན་སྦལ་རྒྱབ་གང་ཉིག་[གངས་ཐིགས་]ཅུ་གང་དང༌། །གུར་གུམ་དོམ་འཁྲིས་[མཁྲིས་]ཀ་ར་སྦྱར་ལ་བཏང་། །རྡོ་སྨན་ཀུན་ལ་འཇུ་རྩི་དང་[དར་]སྨན་གཅེས། །རྩི་སྦྱོར་ཚི་བ་ཕྱེ་མ་དྷ་[ཁཎྜ་]གསུམ། །ཚི་བ་ནགས་མའི་ཐང་ཆུས་ལྷ་རུས་བླུད། །ཕྱེ་མ་ག་ཕུར་[པུར་]གུར་གུམ་ཅུ་གང་དང་། །དོམ་མཁྲིས་ཧུང་[ཧོང་]ལེན་མཚལ་དཀར་[ཀ་]ར་སྦྱར། །སྐྱོན་ཆེ་ཨ་བྱག་ཚེར་སྔོན་དར་ཡ་ཀན། །གོང་དུ་བསྣན་ཏེ་དགུ་སྦྱར་རྨ་ལ་བཏབ། །ཁན་དྷ་[ཁཎྜ་]རི་དང་ལུང་ག་[ཀླུང་གི་]རྟ་ལྤགས་པ། །རེ་སྐོན་དར་ཡ་ཀན་རྣམས་བ་མོས་མ་ཕོག་བཏུས། །ས་མེད་ཆུ་ཆོད་སྣ་མ་ཚིག་པར་ཁན་དྷར་[ཁཎྜར་]བཅས[བཅད]། །དེ་གསུམ་སྦྱར་ནས་རྨ་ལ་གདབ་པ་ཡིན། །ཡང་ན་རྒྱ་ཚྭ་པདྨེ་ལྡོང་རོས་མཚལ། །ཚ་ལ་སེར་[ཚུར་]བུར་ཐོག་[བུལ་ཏོག་]སྦྲང་སྦྱར་བ་བཏང༌། །ཡང་ན་ག་པུར་ཅུ་གང་རྒྱ་ཚ་དང༌། །དོམ་མཁྲིས་ཀ་ར་སྦྱར་བ་བཏབ་པར་བྱ། །སྔོ་སྦྱོར་ཚེར་སྔོན་རྟ་ལྤགས་ཨ་བྷི་ཤ[ཥ]། །རེ་སྐོན་ཆུ་རྩ་དོམ་འཁྲིས་[མཁྲིས་]ཀ་ར་སྦྱར། །རྡོ་རྩི་སྔོ་གསུམ་འདུས་པའི་སྦྱོར་བ་ནི། །སྦལ་རྒྱབ་མཚལ་དཀར་ག་ཕུར་[པུར་]དོམ་མཁྲིས་དང༌། །རྨ་ཚད་སེལ་ལ་རྩ་བྱེར་སྲུང་ལ་གསལ། །རྟ་ལྤགས་སྟབས་[སྟབ་]སེང་ཀ་ར་སྦྱར་བཏང༌པས། །ཚ་གྲང་སྙོམས་ནས་གས་པ་སྦྱོར་བ་ཡིན། །ཆུ་སེར་འདྲོངས་ཆུང་མན་ངག་སྨན་གསུམ་ནི། །བྱང་པ་རྒྱ་ཚ་སྦྲང་བཏང་ཆོད་ནས་བཞགས[བཞག]། །ཀུན་ལ་སྦང་མ་བཟང་པོའི་འཇིབ་དེབ་བཟང་། །ཡང་ན་རྔུལ་[དངུལ་]ཆུ་ཟངས་ཐལ་མུ་ཏིག་དང༌། །སྦལ་རྒྱབ་དོམ་འཁྲིས་[མཁྲིས་]ཚ་ལ་ཨ་བྷི་ཥ། །རྒྱ་ཚ་བྱང་པ་བྲག་སྤོས་ཁོང་དུ་བསྟོན[བསྟེན]། །རྩ་འཐུད་འཛག་གཅོད་གས་སྦྱོར་ཞོམ་པ་སྲོང༌། །ཁ་ཞུན་སྦང་སྒོམས་[སྐོགས་]མར་དཀར་ཞོ་བཙག་ཤེས[ཤིས]། །དེ་ལྟར་འཕུལ་འདྲེན་རིམ་པར་བསྟན་པ་ཡིས། །དང་ཁ་བདེ་ཞིང་ཟུག་མེད་ཁམས་རྩ་ངེས་[སེང་]། །རྨ་ཡི་མདོག་ལེགས་རྣག་དཀར་འཛམ་[འཇམ་]པ་འོང་། །ཁ་ཤ་ཤི་བསྙོས་[སྨྱོས་]སྐམ་མམ་ཤ་རུས་བྱེད་[བྱེ]། །རྣག་སླ་ཚ་བ་སྐྱེ་ཞིང་དང་ག་འགག །ཤེས་པ་ལྗི་[ལྕི་]ཞིང་མགོ་ལུས་ཚུག་[ཚུགས་]མི་ནུས། །བྱེར་ལྷུང་གཏིང་སྐྱོན་གཡས་[གཡོས་]པ་ཁོང་དུ་སྟོན། །སྐྱོན་ཐག་ཆོད་ནས་རྨ་ལ་འཚོ་སྨན་བཏབ། །ཅུ་གང་མཚལ་དཀར་གུར་གུམ་ཤིང་མངར་དང་། །དོམ་མཁྲིས་ཆུ་རྩ་བྲག་སྤོས་བདུན་ཡིན་ནོ། །རྨ་སྐམ་ཤ་འུ་མི་བཅག་[ཆགས་]བཤེར་[[གཤེར་]རྩི་ནི། །བ་རུ་ར་ཡི་རྐང་མར་སྦང་མར་བཏབ། །རྨ་རློན་ཤ་འུ་མི་འཆག་སྐམ་རྩི་ནི། །ཆུ་རྩ་རེ་བལ་སྣུམ་ལྡན་བཏང་བ་ཡིན། །ཤ་བསྙོས་[སྨྱོས་]པགས་པ་མི་རྒྱུད་དོམ་འཁྲིས་[མཁྲིས་]དང་། །ཀ་ར་རྨ་ཡི་གཅོད་སྨན་གདབ་པ་ཡིན། །རྨ་བཞིའ་[གཞའ་]ཤའ་[ཤའུ་]མི་སྐྱེ་ལ་རྨ་སོབ་བཏང༌། །དེ་དག་ཟླུམ་ཆོས་[འཆོས་]རྒྱལ་པོའི་ཟླུམ་བཅོས་ཡིན། །གཉིས་པ་མེ་ཡིས་གྲོང་ཁྱེར་གཞོམ་པ་ནི། །ཕོག་ནས་ཞག་གཉིས་ཆུ་སེར་མི་འདུ་ཞིང༌། །བདུན་འདས་ཕན་ལ་མེ་ཡིས་ཐུབ་པ་དཀའ། །དེ་ཕྱིར་གསུམ་དང་ལྔའི་བར་ལ་བསྲེག་པ་བསྔགས། །གདབ་ཐབས་གས་པ་སྡོམ་པ་གས་སྟེང་ན། །འཐིབས་[འཐེམས་]པ་གསེང་དར་[དང་]བྲོས་པ་འགུགས་པ་འདྲ། །ལྷ་ཁྲག་སྤྲད་ལ་དེ་སྟེང་གདབ་པར་བྱ། །ཆག་པ་སྦྱོར་རྨ་ཁའི་སུམ་ཚོམས་སྟེང་ན་[ལ་]གདབ། །གདབ་ཚུལ་ཆུ་སེར་དམར་སེར་དཀར་ཐོན་བྱ། །རྨ་མེད་ཆག་ན་དེ་ཡི་སྟེང་དུ་གདབ། །ཀུན་ལ་ཞག་བདུན་བར་དུ་མེ་ལན་བྱ། །དེ་ཡིས་ཆུ་སེར་རྒྱུ་བ་སྐེམ་ལ་གཏིང་ནས་འདྲེན། །འཚོགས་པ་མ་ལུས་སྐེམ་པར་བྱེད་པ་ཡིན། །ཀླད་པ་འཛག་དང་དར་རྩ་ཆོད་པ་ལ། །གསེར་གྱི་ཏིལ་[ཏེལ་]པས་བག་ཙམ་བསྲེགས་པར་གསུང་། །ཤ་རྩ་ལུགས་[ལྕགས་]ལ་རུས་རྩར་མར་གྱིས་བསྲེག །ཤ་ལ་བྱེར་ན་བདུད་སྒོ་འདས་[འདུས་]སོ་གསུམ། །སྤྱི་གཙུག་ཕྱོགས་ཀྱི་རེ་ཐག་བཞི་པོ་དང་། །ལྟག་རལ་ལྟག་རྩ་གཉིས་དང་ཕྱི་ནང་ལྗོན་ཤིང་བཞི་པོ་བསྣན། །རྩ་བྱེར་རྩ་འབྲུམ་གང་བྱུང་སྟེང་དུ་བསྲེག །བྱེར་ཆེ་འདུས་སོ་གསུམ་དང་རེ་ཐག་བཞི། །ཨན་ཏོང་[སྟོང་]རྣ་བའི་མདུན་རྒྱབ་རྣ་ཤལ་འོག །སྤུ་འཁྱིལ་གཉིས་ཏེ་བསྲེག་མིག་བཅུ་གསུམ་བསྣན། །ནང་རྩ་བྱེར་ན་ན་དྲུག་བཅོས་ཐབས་བྱང་། །དེ་དག་མ་[མེ་]བཅོས་བློན་པོའི་བཅོས་ཚུལ་ཡིན། །གསུམ་པ་དྲ་བཅོས་མཁར་ལ་འོབས་ཀྱིས་བསྐོར་བ་ནི། །དྲ་དུས་གསར་སྐྱོན་ཞག་མ་གསུམ་ལྔ་ཡིན། །སྙིང་[རྙིང་]སྐྱོན་ནམ་ལོག་སྐྱོན་གྱི་དུས་དང་སྦྱར། །དྲ་ཐབས་རྨ་དེ་སྟེང་བཏོན་སྔས་མཐོ་བཅུག །སྐྱོན་གྱི་ཡོད་མེད་མཚམས་བཏོན་དབལ་[བལ་]གྱིས་དཀྲི། །བར་མེད་སོར་དྲུག་ཇེ་དྲག་ཇི་[ཇེ་]དྲག་མནན། །མདོག་ལོག་འཁྲང་དང་སྦྲིད་པར་འགྱུར་བ་དེས། །དྲ་ན་བསླ་[སླ་]ཞིང་ཟུག་ཆུང་ཁྲག་མི་འཆོར། །དེ་དུས་དྲས་བཙག་[གཙགས་]སྲབ་ཞིང་འཁྲང་རྣ་[རྣོ་]བས། །ཆགས་[ཆག་]སྐྱོན་ཆུང་ཞིང་གནད་ལ་ཉེ་བ་ན། །གས་གཉིས་སུམ་ཤོ་བཞི་གྲམ་གང་བདེར་དྲ། །ཚབས་ཆེ་མགོ་སྐྱོན་སྟེང་[ཉིད་]ཀྱིས་སྲོག་འདོར་བས། །ཤ་ཆེར་དྲས་ཀྱིས་དེ་ཡང་དེ་བརྟེན་མིན། །རྟ་རྒབ་[སྒབ་]བསྐོར་ཏེ་ཤ་རྟན་[གདན་]ཆོད་པར་བསམ། །ཁྲག་ཤོར་སྤྲ་བ་སྤུ་[སྤྲུ་]རྩའི་བྲལ་བྲུལ་བརྫང་། །སྤྲུ་འབྲུམ་མི་དོན་འཁྲིས་[དོམ་མཁྲིས་]པ་ཆང་བཏང་ལ། །ནངས་པར་བཟོ་བྱ་རྩ་ཆེན་ཆད་པ་ན། །རྨ་སྨན་བརྫང་ལ་སྒོ་ང་བག་ཕྱེ་ཡིས། །གསུམ་སྟེང་ཕྱི་ནས་ཤིང་བྱང་ཨུར་ལ་མནན། །དར་ཙམ་རྣག་འཆོར་བསྡད་པའི་དུས་མིན་པས། །དེ་ཡི་ཉིན་པར་གསེང་བུག་ཅི་ཐོན་བྱ། །རྨ་ལ་རྣག་བྱུང་རུས་བཟོ་ག་ལེ་བྱ། །རྨ་གསར་ཡིན་ན་དེ་ཉིད་[ཉིན་]བཟོ་མི་བྱ། །ཤ་གསར་ཀླད་པ་རྨང་[རྨར་]བཅུག་དེ་བུབ་བཞག །ནང་པར་བསལ་ལ་རུས་སྐྱོན་གར་འདུག་བལྟ། །རྩ་དང་རུས་སྐྱོན་མ་བསལ་ཐེ་ཚོམ་མེད། །སྨན་དང་བཟོ་ཡིས་རུས་སྐྱོན་རྩ་ཁྲག་དབྱེ། །རྒྱ་ཚ་བུལ་ཏོག་ཚ་[ཚྭ་]དང་ཚག་པོའི་ཤ། །སྦྱར་ནས་ཞག་གཅིག་བཞག་པས་རྩ་སྐྱོན་མེད། །རུས་སྐྱོན་མདོག་འགྱུར་ཁྲག་གཡོ་རླངས་པ་འོང་། །སྙིང་སེམས་མི་འདར་སྐྱུང་གིས་བྲུས་ལ་བཅད། །ལྷ་བར་སླེབ་དུས་ལྷ་ཁྲག་ཙིར་ཙིར་འོང་། །རྣག་སླ་སེར་སྔོ་རླངས་ཆེ་གཅོད་སྡོམ་བྱེད། །གང་བྱུང་སྐྱོན་ཡིན་བླུད་[བྲུད་]ནས་རྩ་བར་[བ་]བཏུག[བཅད]། །བདར་ན་མེད་ལ་བཞག་ན་ཡོད་པའི་ཁྲག །ལྷ་ཁྲག་ཕྱོགས་རེར་མེད་ལ་ཕྱོགས་རེ་ཡོད་པ་ནི། །ལྷ་མིག་མ་ཚང་བར་རུས་ཁྱེ་མ་ཅན། །མ་བདར་བཞག་ན་ལྷ་བ་སྐབས་[སྐམ་]བྱེར་འགྲོ། །སོབ་ཅིང་མང་སླ་ནག་དང་རླངས་པ་ཆེ། །བཞག་ན་བྱ་བང་རྒྱབ་འདྲ་གཤེར་བྱེར་འགྲོ། །དེ་ཕྱིར་བལ་ཆུས་བཀྲུ་ཞིང་བལྟ་ནས་འབྲུད། །རུས་པ་ཉུང་རློན་ལྟ་བུར་རླན་མི་འབྲལ། །ལྷ་ཁྲག་དམར་དང་ཞག་བཅས་མཚལ་འདྲ་སྙོམས། །སྐྱོན་མེད་གསོན་དང་འཕྲད་པས་མི་འབྲུད་བཞག །ཆུ་སེར་དར་ཐོད་[ཐོག་]ལྷུང་དང་ཆགས་[ཆག་]སྐྱོན་ཆེ། །དེ་ནས་འོག་གདུང་སྦྲང་གཤོག་ཙམ་བདར་ཏེ། །འཐུག་ན་ཤ་བུ་[འུ་]སྐྱེ་དཀའ་ཀླད་སྟེང་ཆུ་མི་གསལ། །སྲབ་ན་ཀླད་པ་སྦོས་པས་སྦང་འདབ་ཙམ། །སྲུབ་[སྲུབས་]ཞིག་ཆིང་[ཆིངས་]དང་ནན་གྱིས་བསྟམ[བསྡམ་]པ་གཅེས། །ཀླད་ཚད་[ཚས་]རུས་པས་བཟང་དྲུག་སྦྲང་འདབས[འདབ་]དང་། །འོག་དུང་[གདུང་]སྐྱོན་རྨ་ཡོད་མེད་མཚམས་ཚུན་མན་སྣན། །རུས་ཚས་ཤ་བཟང་ཁ་ཤའི་འོག་ཏུ་སྦ། །ཤ་ཚས་རྣག་བཟང་མི་ཕྱི་ཅི་རེ་བཞག །རྣག་ཚས་རླན་བཟང་རྨ་ཆས་རླན་ཀྱང་གཡོགས། །གངས་ན་[གས་སྣ་]རིང་ཐུང་མཚམས་དང་རྣག་ཆུའི་སྟེང་། །གསེང་བུག་བྱེའི་ནས་ཟན་མིག་ཙམ་འབུག[དབུག] །གླད་བུལ་[ཀླད་མྱུལ་]བཏང་ཞིང་རྣག་ཁྲག་ཆུ་སེར་དབྱུང་། །དེ་ནས་གསེང་བུག་གྲོ་བའི་འཇིབས་ཚང་བཅུག །ལྷ་རོ་ཞོ་དང་སྦྱར་བས་ལྷ་མིག་བསྐང་[དགང་]། །ཡང་ན་ལུག་གི་རྐང་མགོ་མར་སྦྱར་བཀང་། །སྦང་མ་ཞོ་དང་སྦྱར་ནས་རྨ་ནང་བཀང་། །སྦང་མ་ཕབས་དང་སྦྱར་བས་ཁ་ཤ་གཡོག །ཕྱི་དེ་ནངས་པར་ལྷ་སྐྱོན་ཐུན་བུར་བཏུ། །ཁྲག་རོ་ལུག་ཤིག་ཙམ་དུ་ཙ་ལེ་འདུག་ན་སྐྱོན། །དེ་དུས་ལྷ་བས་སྣ་[མནའ་]བསྐྱལ་ཕྱིས་[ཕྱིར་]མི་ལྡོག །སྐྱོན་ཐག་མ་ཆོད་བར་དུ་ཚི་བ་བཏབ། །རྨ་ཆས་སྦང་མ་ཞོ་ཕྱེ་ཅིག་བུ་བཏང་། །བཟོ་གྲུམ་རུས་པའི་སྐྱོན་ཐག་ཆོད་པ་དང་། །དེ་སྟེང་ཚི་བ་ཕྱེ་མ་ཁན་དྷ་[ཀཎྜ་]སྲུམ་ཕྲུག་[སུམ་ཕྲུགས་]བཏབ། །ཡང་ན་ག་པུར་ཅུ་གང་གུར་གུམ་མཚལ། །མི་དོམ་འཁྲིས་པས་[མཁྲིས་པར་]འདམ་བུ་ཀ་ར་བཏབ། །ཡང་ན་རེ་སྐོན་རུས་ཏ་[རུ་རྟ་]བསིལ་གསུམ་དང་། །དོམ་མཁྲིས་མཚལ་དཀར་ཀ་ར་སྦྱར་ལ་བཏབ། །ཟླུམ་ཆོས་[འཆོས་]སྐབས་ཀྱི་རྨ་སྨན་གང་ཡང་བཟང་། །རྨ་ཆས་ཚིལ་བུ་མར་དཀར་སྦྱར་བའོ། །ཞག་གསུམ་བར་དུ་སྔར་དང་འདྲ་བར་བྱ། །ཤ་བུ་[འུ་]བདན་[གདན་]ཐིང་སྦང་མ་མང་དུ་སྐྱུར། །ཆུ་རྩ་རྗེན་ཕྱེ་ཞོ་མར་སྦྱར་ལ་བཏང་། །སྦང་སྐར་[སྐམ་]གླད་[ཀླད་]པ་ཕབས་སུ་སྦྱར་བ་ལ། །སྤང་སྤོས་ག་དུར་གླས་བྲན་རྨ་ཆོས་[ཆས་]བྱ། །ནམ་སླ་[ཟླ་]དྲོ་དུས་གྲང་མོ་གྲང་དུས་བསྲོས་ལ་བཟང་། །བཟོ་བྱས་ཞག་གསུམ་བཞི་ནས་ཀླད་པ་ཡི། །ལྡེབས་བཟང་མཐིལ་གྱི་རུས་པ་སྐྱ་ལ་སྨུག །ལྷ་བའི་གདང་[མདངས་]པ་སྨུག་ལ་རྣག་དཀར་འཇམ། །རྨ་ཁ་མཐོ་འཁྲང་དམར་ལ་སྙོམས་པ་དང་། །ལུས་ཡང་ཟས་ཞིམ་ཟུག་མེད་ལེགས་པའི་རྟགས། །ཤ་འུ་རྣམ་པ་ཟམ་ཐོགས་ལྡོག་པ་ཉུང་། །ཀླད་པའི་ཤ་འུ་རྩ་ཡིག་བྱི་ནུ་འདྲ། །རུས་པའི་ཤའུ་ལྷ་མིག་ཉུང་ཀར་འདྲ། །ཤ་ཡི་ཤ་འུ་དམར་ཚེམ་སྤང་རམ་འདྲ། །སྦང་ཀར་[གར་]མར་ནག་བག་ཕྱེ་སྦྱར་བས་གཡོགས། །རྨ་ཁ་རུབ་ན་རེ་རལ་མར་བཙོས་བརྒྱང་། །ཤ་འཛེར་བྱེ་འཁྱོམ་བྱུང་ན་ཐུར་མས་བསྲེག །སྐབས་སུ་དོམ་འཁྲིས་[མཁྲིས་]ཀ་རིའི་[རའི་]ཆུ་ཡིས་བཀྲུས། །ཤ་འདྲོག་ལྡིང་[ལྷིང་]ཚ་གླད་[ཀླད་]ཞུན་བག་རེ་བརྟེན་[བསྟེན]། །དེ་རྣམས་དྲ་བཅོས་རྨངས[དམངས་]ཀྱི་བཅོས་ལུགས་ཡིན། །གཉིས་པ་བྱེ་བྲག་སོ་སོར་[བཅོས་]པ་ནི། །བཅོས་ཐབས་ཤ་རུས་ཀླད་པ་རྩ་དང་བཞི། །ཤ་ལ་བཤུས་བཤག་[གཤགས་]བསྐྱེད་[བཅད་]བརྡུང་རྫོགས་པ་ལྔ། །ལྤགས་[པགས་]པ་བཤུས་ལ་ཚ་ལ་དུར་[དུལ་]མ་དང་། །དོམ་མཁྲིས་བཏབ་ལ་སྦྱར་ཏེ་ཧེ་[ཧེལ་]སྲབ་བག་[བཅིང་]། །སྐྱ་ཆིང་[སྦྱོར་]ཕྱིང་པ་བྱས་ཏེ་འཆིངས་[ཆིངས་]ཀྱིས་བཅིང་། །གཤག་[གཤགས་]པ་ཕན་ཚུན་བཅད་པའི་ཡན་མན་དུ། །ཕྱིང་པས་བཅིང་ནས་སྨན་གདབ་སྒྲོག་གུས་སྒྲོགས། །རྨ་ཁར་ཞོ་བཙག་སྦང་གར་སྦྱར་ཞུན་བཞགས[བཞག]། །བསྡུང་[བརྡུངས་]ཚབས་རྨ་མེད་སྐྲངས་པ་ཚ་དོས་ཐུབ། །ཆེ་ན་ཕུག་ལ་ཆུ་བཏོན་ཨ་པས་[སས་]བདུག །དེ་རྗེས་ཕྱིང་པ་སྣུམ་ལྡན་གླན་པ་བསྲོ། །སྐབས་སུ་མཁྲིས་པ་འོ་མ་སྦྱར་ལ་བྱུག །རྫོགས་པ་རྨ་ཅན་ཤ་གདན་རུས་ཐུགས་[ཐུག་]ལ། །སྦང་འཇིགས་[འཇིབས་]རུ་རྟ་དུར་བྱེད་[བྱིད་]ཡོང་[ཡུང་]བའི་རུལ་ཆོད་བཏབ། །ཆུ་སེར་མང་ན་མེ་བཙས་རྩ་འཕྲང་བསྡམ། །རྨ་ཡི་རུལ་གཅོད་ཤ་འུ་གསོ་སྨན་བཏབས[བཏབ]། །རྨ་ཁ་གང་ནས་སྦར་བཞགས་[སྦང་བཞག་]རེ་བལ་བཏང་། །གཉིས་པ་རུས་པའི་བཅོས་ཐབས་རྨ་ཅན་རྨ་མེད་གཉིས། །རྨ་མེད་རུས་ཆགས་[ཆག་]སྐྲ་བཞར་མར་ཚིལ་བྱུག །ནང་ནུབ་ཚ་དོས་བདུག་ཅིང་བླ་[གླ་]སྒང་ག་དུར་དང་། །སྤང་སྤོས་རེ་བལ་སྣུམ་ལྡན་འཕྱིང་[ཕྱིང་]པས་དཀྲི། །ཡང་ན་སྐྱ་ཆིངས་[སྦྱོར་]དེབ་བཞག་རྒྱ་ཆིངས་བྱ། །གསར་བཅུད་སྟོབས་བསྐྱེད་ཞན་ན་རྣག་ཏུ་འགྲོ། །ཁོང་དུ་སྟབ་སེང་ཐང་དང་རྡོ་སྦྱོར་བསྟེན། །ཆུ་སེར་འདུས་ན་མེས་སྐམ་རྡོའི་[བརྟོལ་]མི་རུང་། །གོ་ལོག་ཆག་ན་ཤ་དྲ་རུས་བཟོ་བྱ། །ཕོག་པའི་ཐད་ཁ་སོ་ནས་སྐྲ་བཞར་བཅིང་། །བརྒྱ་[རྒྱ་]སྲུབས་ཞིག་ན་རྒྱ་ཆིངས་སྡོམས་པ་གཅེས། །སྲུབ་[སྲུབས་]སྟེང་མེས་བསྡམ་ཁོང་དུ་རྡོ་སྨན་བརྟེན[བསྟེན]། །རྨ་ཅན་གས་རིང་སྟེང་དུ་ལྷ་ངོ་སྤྲད། །གས་སྣའི་སྟེང་དུ་མེ་བཙའ་བསྡམ་པ་ཡིན། །གས་ཆུང་རྣམས་ལ་སྟེང་གདུང་གླངས་[བླངས་]པས་ཆོག །གས་ཆེ་འོག་གདུང་བླང་ལ་བུ་ག་འབུག[དབུག] །སྲུམ་[གསུམ་]གས་བཞི་གས་[གས་]སྐྱི་སྣེ་ཀུན་བསྲེག །སྟེང་ཆགས་[ཆག་]སྟེང་གདུང་བླང་ནས་ལྷ་ངོ་སྤྲད། །མགོ་[འོག་]ཆག་གྲུམ་པ་རྒྱ་བསྐྱེད་མཐའ་ནས་སྦྱང་། །མཐའ་ཡི་ཆག་སྲུབ་[སྲུབས་]རྣམས་སུ་གས་བུག་གཏོད། །མཐིལ་རུས་དར་འབྲེལ་བཙན་འཐེབ་[ཐོན་]མི་བྱ་འགྲམ[འགྲམས]། །རྒྱ་ཚ་འབྲུག་རུས་རུ་ཏ་[རྟ་]དོ་[དྭ་]བ་དཀར་[ཀར]། །སྨན་གྱི་རུས་རེ་[རོ་]རང་འགོག་[བཀོག་]བྱས་ལ་འདོན། །སྡིག་[རྡིབ་]པ་གོང་མ་སྣ་བླང་འོག་མ་བདར་བས་ཐེག །ཞོག་[ཞོམ་]པ་མཐའ་དབུས་ཆ་སྙོམས་སྲབ་ཏུ་བདར། །དེ་བས་གླད་[ཀླད་]པའི་ལྡེམ་གྱིས་འདེགས་པ་ཡིན། །སྒོང་ཚོགས་[རྡོལ་]མཐའི་ཁོད་སྙོམས་རུས་ཚབས་ལ། །སོག་པ་ཞ་ཉེ་དུང་དང་ཉ་ཕྱི་བཞག །ཤ་བུ་[འུ་]ཐོན་ནས་འཕར་ནོན་འབྲོས་འདོད་[འདེད་]ན། །ཇི་འཕྲ་ཇི་འཕྲ་[ཇེ་ཕྲ་ཇེ་ཕྲ་]གཞོག་[གཞོགས་]ལ་གཞུག་པ་ཡིན། །ཟམ་ཐོག་མཁར་ལོག་བྱུང་ན་རྨ་གཟེབ་[གསེབ་]བཏང་། །སྨན་བཏབ་རེ་བལ་མ་བཏང་ཟུག་ཟེར་[གཟེར་]འདར། །འཐེམས་ཆུང་ལྷ་བ་སྟེང་བླང་གསོན་དང་སྤྲད། །ལྷ་བ་འཐེམ་ཚབས་ཆེ་ན་འོག་གདུང་རྒྱུག །ཤ་མེད་རུས་པ་གང་འཁོར་ཐེར་པོ་ལྷ་ཁྲག་སྤྲད། །བཞོག་[གཞོགས་]དང་ཝ་ལུང་ལྷ་ཁྲག་སྤྲད་པས་ཐུབ། །བཤོས་བསྐོས་[བཤོལ་བརྐོས་]འགྲང་[འགྲམས་]སྦྱར་བཅད་པ་གས་དང་འདྲ། །དེ་བཞིན་རྫོགས་པ་གྲུབ་གྲུབ་[གྲུམ་པ་]ལྟ་བུར་བཅོས། །རྟག་[གཏམ་]ཟུག་མཐའ་ཡི་རུས་པ་གང་འཁོར་བཞག །དེ་ཕྱིར་འོབས་སུ་བྲུས་ལ་གསིང་[གསེང་]བུག་བརྡོལ། །རུས་ཟན་མདེ་བུར་བཅས་པ་ག་མེད་[ལེ་]དབྱུང་། །གསུམ་པ་གླང་[ཀླད་]པའི་བཅོས་ཐབས་འཚོའི་[མཚོ་]འཁྱོམ་[སྤྲི་]བཙན་དང་། །དར་རལ་ཕུག་དང་རྫོགས་ནས་ཨུག་[ལུག་]པ་ལྔ། །འཚོང་[མཚོ་]འཁྱོམས་རྒྱ་ཆིངས་བསྡམ་ནས་རྡོ་སྦྱོར་བརྟེན[བསྟེན]། །གླད་[ཀླད་]པ་སྨན་ལྒ་བུ་རམ་སྦྱར་ནས་གཏང་། །སྒོ་གསུམ་མེས་མནེན་[མནན་]འབྲས་གསུམ་སྨན་མར་སྦྱར། །རུས་འཛེར་སྤྱི་བཙན་གུར་གུམ་ཅིག་[ཆིག་]ཚུགས་བཏབ། །ཁྲག་རན་དབལ་ཆགས་རྒྱ་ཚའི་ཕྱེ་མས་བཞུ། །སྔོ་འབར་རྣག་ཤ་རུས་[རུལ་]ན་གཅོད་སྨན་ནི། །ཆུ་དག་བླ་[གླ་]སྒང་རུ་ཏ་[རྟ་]དོམ་འཁྲིས་[མཁྲིས་]དང་། །རྒུ་འབྲུས་[དྲུས་]མཚལ་དང་ཟངས་གཡའ་ཛ་[ཛཱ་]ཏི་དང་། །སུག་སྨེ་[སྨེལ་]ཨ་རུ་ར་དང་ཕམས་[ཕབས་]རྣམ་པ་[རྣམས་]བཏབ། །རུལ་ཆོད་དར་ཡ་ཀན་ནམ་གུར་གུམ་མམ། །ཡང་ན་ག་ཕུར་[པུར་]ཅུ་གང་དོམ་འཁྲིས་[མཁྲིས་]བཏབ། །གླད་ཁྲ་[ཀླད་སྤྲི་]མེར་མེར་གཡོས་ན་ཆུ་སེར་བཙག་[གཙག] །དར་འོག་གླད་[ཀླད་]པའི་སྟེང་ན་[ལ་]རྣག་ཞུག་[ཞུགས་]ན། །གསར་[གསེར་]གྱི་འཛེན་[འཛིན་]པས་འཐེན་ལ་བཙག་[གཙག་]བུས་དཀྲལ[དྲལ]། །ག་པུར་འོ་མ་འཛིན་པའི་དྲི་ཆུས་བཀྲུ། །དེ་རྗེས་མུ་ཏིག་[མི་]དོམ་མཁྲིས་དང་། །གྷི་ཝང་གུར་གུམ་འོམ་བུའི་བར་ཞུན་[ཤུན་]དང་། །བུ་རམ་ནུ་ཞོ་དར་བྱུག་གླན་ནས་བཞག །དར་རལ་དེ་བཞིན་ཡང་ན་ག་པུར་དང་། །དོམ་འཁྲིས་[མཁྲིས་]བཅད་འབྱོར་ནུ་ཞོ་བྱུག་ལ་བཙང་། །ཡང་ན་སྦལ་རྒྱབ་རི་བོ་[བོང་]ཆ་གའི་ཆུ། །རེ་རལ་ཨ་རུ་རྐང་ང་ལུག་སོག་ཐལ་བ་རྣམས། །ཀླད་པ་འཛག་པ་གཅོད་པའི་རྒྱ་ཡིས་འདེབས། །ཡང་ན་བྱ་ཡི་ཟེ་ཁྲག་མུ་ཏིག་དང་། །བྱང་སེམས་དཀར་དམར་བོང་བུ་ག་པའི་[གྭ་མ་ཡི]། །འོ་མ་མེ་ལོང་གཡའ་དང་སྦྱར་ལ་བྱུག །ཕུག་ནས་མདེ་བུ་མ་བཞག་ཀླད་ངན་འབོ། །གླད་[ཀླད་]བཟང་རང་སེར་[སར་]འཁྲིགས་ནས་ཆུ་མི་འོང་། །འབྲིང་ལ་དང་སྙིག་[དྭངས་སྙིགས་]ཕྱེད་པས་གླད་ཆུང་[ཀླད་ཆུ་]འོངས[འོང་]། །ཤ་གློད་[ཀླད་]མ་[དམར་]རུ་མར་གླད[ཀླད་]སེར་རུ་དང་། །ཕྲུམ་གླད་[ཀླད་]སྔོན་པོ་བ་དག་ཅན་འོང་ངོ་། །དེ་ནས་མཚོན་ལམ་རིང་ཐུང་རྒྱུས་མདེས་བརྟག །ཚད་དང་ལྡན་པ་ཞ་ཉེ་ཐེམ་བཅུག་སྟེ། །རྕེ་མོ་ཕྱོགས་བཞི་བུག་པ་རྒྱ་ཁབ་མིག་ཙམ་པ། །མི་རིང་མི་ཐུང་ཚད་ལེན་བདེ་བར་བྱ། །དངས་སྙིགས་འབྱེད་ཅིང་རྒྱ་ཡིས་འདེབ་པའི་སྨན། །སྦལ་རྒྱབ་གངས་ཐིག་[ཐིགས་]འབྲི་རྐང་དོམ་མཁྲིས་དང་བེ་སྣབས་གྲུ་བཞི་དང་། །གུར་གུམ་ཁུར་ཞོ་བྲག་སྤོས་མེ་ཏོག་དང་། །འཕྲེང་བ་ཉེ་ཤིང་བུ་རམ་སྦྱར་བ་བཏང་། །རྨ་ལ་སྒོང་བཙུག་མཐའ་མ་ཟན་དྲོན་སྐྱོར[བསྐོར]། །འབྲི་མར་སྦུ་[ལྦུ་]བ་བཏོན་པའི་སྨན་མར་བླུག །ནང་དུ་འགྲོ་སྙག་[དྲོ་སྙམ་]འཕྲོ་གཅད་[བཅད་]ནུབ་གཉིས་བྱ། །རྨ་རུ་བསྐོལ་ཞིང་ཁོང་དུ་བསྟེན་པར་བྱ། །དེ་འོག་འཛག་གཅོད་སྨན་གྱིས་རྨ་རུ་བསྐོལ། །ཁྱི་གུ་མིག་མ་བྱེ་དང་རེའུ་མས་མ་ལྡག[ལྡག] །ཟེར་མོང་དེ་གསུམ་ཀླད་པ་ཆུ་ལ་དཀྲུགས། །དང་མ་གྲིབ་སྐེམ་བྱས་དང་སྦལ་རྒྱབ་ཁབ་ལེན་དང་། །སྡོ་[རྡོ་]མཁྲིས་ག་བུར་ཅུ་གང་འབྲི་རྐང་དང་། །ཛ་ཏི་མེ་ཏོག་འབྲིང་བ་བྲག་སྤོས་དང་། །དོམ་མཁྲིས་མཁྲིས་ཆེན་མར་སྦྱར་བསྐོལ་བ་ཡིན། །དང་པོ་ཙག་ཟེར་ཆུ་སེར་འཐོར་ཅིང་འོང་། །ཙག་སྒྲ་མེད་ན་རྒྱ་ཡིས་ཐོབས་[ཐེབས་]པ་ཡིན། །མདེལ་[མདེའུ་]ཡོད་[གཉི་]བ་རིང་ན་སྐམ་པས་བསྲོ། །ལྕགས་གཡའི་དྲོད་ཀྱིས་གླད་[ཀླད་]སྡོམ་ཆུ་སེར་སྐམ། །ཐ་མ་གསེང་བསྟོད་[གཏོད་]ནང་དུ་འདྲེན་སྨན་བཏབས་[བཏབ]། །དུས་ལ་བབས་ནས་མདེའ་བུ་[མདེ་འུ་]ཕྱུངས་ཤུལ་དུ། །མཚོན་དང་མཐུན་པ་ཞ་ཉེའེ་ཐེམ་བུ་ལ། །གློ་དཀར་ཁ་ཕྱེ་ལྡན་གནས་དུག་ཕྱུང་སྟེ། །རྩི་བྱུགས་གསོན་གཤིན་འཚམས[མཚམས་]སུ་སླེབ་པར་བསླབ། །ཐེམ་བུ་རུས་པའི་བར་དུ་གྲོ་བས་[གས་]བསྡམ། །ཐེམ་སྔས་ཐེམ་ཐག་ཐེམ་ཚག་ལྡན་པར་བྱ། །ག་པུར་མུ་ཏིག་དོམ་མཁྲིས་བཅད་འབྱོར་དང་། །ཀ་ར་ནུ་ཞོ་སྦྱར་བ་ཐེམ་དུ་བླུག །ཐེམ་སྟེང་དར་བཀབ་རྨ་ཆས་རླུང་ཡོ་བཏང་། །རྣག་ཉུང་ཤ་འུ་སྐྱེ་དྲག་[དྲགས་]ནང་དུ་གཟེར། །ནངས་པར་རེ་བཞིན་ཐེམ་བུ་ཉམས་སྦྱར་བཏུང་། །ལྕི་ལ་ཚ་བ་སྐྱེ་ཞིང་དང་ག་འགག །ཆུ་སེར་ཕུག་[ཕུགས་]སུ་ལུས་པས་ཐེམ་བུ་བསྲིང་། །གླད་[ཀླད་]འཛེར་སྐྱེས་ན་གཅོད་སྨན་ཐེམ་བུར་བླུག །ཡང་ན་མཁར་བའི་ཐུར་མས་བསྲེག་པར་བྱ། །ཐེམ་བུ་ཕྱིར་འབུར་རྣག་ཆུ་ས་[སླ་]དུས་དབྱུང་། །གླད་[ཀླད་]པ་ཤ་འུས་གང་ནས་མ་བདེ་ན། །ཤ་བུ་[འུ་]མ་ཡིན་གླད་[ཀླད་]འཛེར་ཡིན་པ་དེས། །གཏིང་རྣག་ཡོད་པས་ཐེབ་[ཐེམ་]ཤུལ་ཐུར་མས་བསྲེག །རྣག་ཆུ་ཡོད་པས་འབྱིན་པའིི་ཐབས་བྱའོ། །རྫོགས་ནས་ལུགས་[ལུག་]པ་དར་ལ་[རལ་]བཅོས་དང་གཅིག །ཀུན་ལ་ཁོང་སྨན་སྟག་[སྟང་]ཟིལ་འབྲུག་རུས་ཐལ་བ་དང་། །སྦལ་རྒྱབ་ལིགས་[ལིག་]བུ་མིག་དང་ཕག་མགོ་རྣམས། །ཆུ་ཐག་བྱས་ནས་བུ་རམ་སྦྱར་ལ་བཏང་། །རིལ་ལུ་[བུ་]སྲན་མ་གསུམ་བཏང་ལ་མང་ན་ལྡོག །ཨ་བྱག་ཤེལ་ཏང་[ཏ་]སྤྱི་བཞུར་རེ་སྐོན་དང་། །ཧ་འུ་པ་པ་འདེན་ཡོན་རྩི་བཞིན་བཏག[བཏགས]། །སྦྲང་སྦྱར་ཁེམ་ཕྱེད་རེ་བཏང་ཤུད་མེ་དྲག་ཤུལ་དང་། །རུལ་སྐྱུར་སྔོ་རྔད་[ངད་]གནོད་པའི་ཟས་སྤང་དགོས། །ཁ་ཞུན་མཁྲིས་སྣ་སྒོང་མང་[མར་]སྦྱར་ལ་བཏང་། །ཀླད་པ་སྦང་མ་འཕྲོད་པ་བྱ་བ་ཡིན། །ཤ་བུ་[འུ་]མི་ཆགས་སྔོ་དང་དམར་བ་ན། །སྦོས་ན་ཞ་ཉེ་བསྣན་ལ་སྔོ་ན་གཡུགས་[གཡུ་]གསར་བཏབ། །སྔོན་[སྔོ་]དམར་གྲུ་གུ་འདྲ་ན་རྩ་རྒྱས་གཏར། །ཁྲག་དང་ཆུ་སེར་ཀླད་པ་ཇི་མང་འཛག །བསླབ་ཆོལ་[བླ་འཆོལ་]སྨྲ་དང་དབང་པོ་ལོག་པར་མཐོང་། །ཚ་བ་རྒྱས་ནས་ཆུ་སྙོག་དང་ཁ་འགག །རྩ་ཤོད་[ཤེད་]ཤོར་ནས་མི་ཐུབ་འཆི་བས་སྤོངས། །འཛག་པ་ཆོད་ནས་དམར་ནི་སུག་གེ་བ། །ཆུ་རྩ་ཁུ་བ་འདྲ་བའི་ཀླད་ཆུ་འོང་། །ཁམས་དང་ཟུག་ཆུང་དང་ཁ་བདེ་ན་འཚོ། །སོས་ནས་རྨེན་བུ་ཆགས་དགོས་བྱ་བ་ཡིན། །དར་ཡ་གན་[ཀན་]དང་ཚིལ་བྱུག་འབྲུ་སྣའི་ལུམས། །འབྲས་བུ་གསུམ་གྱི་སྨན་མར་སྦྱར་བ་ཡིན། །བཞི་པ་རྩའི་བཅོས་ཐབས་ཤ་རུས་ཀླད་རྩ་གསུམ། །ཤ་རྩ་ཆོད་ནས་རྩ་རྒྱུད་གོང་འོག་བསྲེགས། །ཐར་ནུ་སྒོང་ཐོག་སྤྲུ་རྩ་ཞོ་སྦྱར་བཙང་། །སྤྲུ་མ་ཞོ་དང་སྦྱར་བའི་རྨ་ཆས་བྱ། །འཁྱུག་འཕྲིང་[འཕྲེང་]རྩ་འབྲུམ་སྟེང་ན་[ལ་]ཚ་དོས་བདུག །གཏར་ཁ་མེ་བཙའ་གང་དགོས་རིག་པས་དཔྱད། །རུས་རྩ་མདུང་ཚུགས་ཆོད་ན་ཏིལ་དཀར་པོ། །གླ་རྩི་དོམ་མཁྲིས་ཞོ་སྤྲིན་[སྤྲིས་]རྩ་མགོར་བསྐུ། །རྩ་ཀུས་[བསྐུས་]རྒྱུ་རིད་[རིང་]གླན་ནས་ཏིལ་[ཏེལ་]པས་བསྲེག །རྒྱུ་རིད་[རིང་]བཀབ་ལ་ཟངས་ཏེལ་འོད་བསྲེགས་བདུག །མར་མེ་བཏབ་པའི་འོད་ལ་བསྲེགས་པ་ཡིན། །ཡང་ན་ད་ཏྲིག་གུར་གུམ་དོམ་འཁྲིས་[མཁྲིས་]བསྐུ་ལ་བསྲོ། །འཕྲད་[འཕྲེད་]ཉལ་འཁྱམ་པོ་འབྲི་རྐང་བདུན་གསུམ་དང་། །མོན་ཅ་[ཆ་]ར་དང་དོམ་མཁྲིས་སྒོག་སྐྱ་སྦྱར། །ཀུན་ལ་དོམ་མཁྲིས་ལི་ཤི་དར་ཡ་ཀན། །མར་མེར་སྟོན་[བཏོན་]པས་འོད་ལ་བསྲེག་པ་ཡིན། །བྱའི་ཟེ་ཁྲག་མངལ་ཁྲག་མཚལ་རྣམས་རྨ་ལ་གླན། །ལེབ་རྒན་[ལེ་བརྒན་]མར་དུ་བཙོས་པས་རྨ་ལ་གླན། །ཡང་ན་ག་པུར་ཅུ་གང་གུར་གུམ་དང་། །འགི་[གི་]ཝང་འབྲི་རྐང་དོམ་མཁྲིས་འགྲོན་ཐལ་དང་། །སྤུ་[སྤྲུ་]རྩ་རམ་པའི་སེའུ་དུ་བ་གཉིས། །སྔོ་ཡི་ཁྲག་གཅོད་ནུ་ཞོ་སྦྲང་སྦྱར་གླན། །མེ་ཏོག་དམར་ཙེམ་ཆག་ན་རྩ་ཁ་ཟིན། །དབུག་སྡེམ་[དབུགས་སྡོམ་]རྐེད་སྒྲོགས་[སྐད་དྲག་]དྲི་མ་བཙིར་བ་སྤང་། །ནང་ཤོར་བཟུང་བ་སྦལ་རྒྱབ་རེ་རལ་དང་། །བྲག་སྤོས་སྦྲང་རྩི་སྦྱར་བ་ཏེལ་པས་བསྲོ། །ཡང་ན་རྒྱ་ཚ་བྱ་བ་[བྱང་པ་]དོམ་མཁྲིས་གླན། །རྩ་ཟིན་དམར་ཙེལ་[རྨ་བཙུམ་]འོང་ལ་མ་ཟིན་རྐམས་[སྐམ་]ན་འོན། །རྩ་མཉེན་བྱས་ལ་སྤང་རྒྱན་ཁྱི་ལྕེ་ཏིལ་ཞོ་སྦྱར། །རྩ་འགོར་[མགོར་]བསྐུས་ལ་རྒྱུ་རིང་ཏིལ་[ཏེལ་]པས་བསྲོ། །གླད་[ཀླད་]རྩ་ཆེན་པོ་ཆོད་ན་བཅོས་མེད་དེ། །འོན་ཀྱང་ཏིལ་[ཏེལ་]གྱིས་བསྲེགས་ན་ཅི་འདྲ་སྲིད། །རྩ་ཕྲན་ཆོད་ན་ག་པུར་གུར་གུམ་མི་དོམ་མཁྲིས། །བུ་རམ་སྦྱར་བ་གླན་སྟེང་ཏིལ་[ཏེལ་]པས་བསྲེག །རྒྱ་རྩ་འགྲམ་[འགྲམས་]ན་གཏར་ལ་བསྲེག་པ་སྟེ། །གླད་[ཀླད་]རྒྱ་མིག་ཙིག་དམར་ལ་ལུས་པོ་ལྕི། །གདོང་སྣུམ་ཁ་ལྐུགས་ལྕེ་ཡང་ནག་ལ་ཐུང་། །རྒྱ་ཚ་བྱང་པ་ལྡུམ་བུ་རེ་རལ་དང་། །སྡིག་སྲིན་མཚལ་དང་ཨ་རུ་ཉི་དགའ་དང་། །པི་པི་ལིང་དང་དྲི་ཆུ་སྦྱར་བ་ཡིས། །སྣ་སྦྱོར་[སྦྱོང་]བཏང་ནས་སྣ་ཁྲག་དབྱུང་བར་བྱ། །ཕྱི་ནང་ཆུ་རྩ་བཅད་བརྡུང་རྩ་དཀར་བཅོས། །རྡོ་བ་བཞི་སྟེང་དཀར་ལ་རུས་སྦལ་སྙིང་། །དོམ་མཁྲིས་བ་ལེའི་[པ་ལའི་]མཁྲིས་དང་བཙང་[རྩངས་]པའི་ཀླད། །རྩི་བཞི་ག་ཕུར་[པུར་]ཅུ་གང་ཙནྡ་[ཙན་དན་]གུར་གུམ་བཞི། །སྔོ་བཞི་དར་ཡ་ཀན་དང་སྟག་ཤ་དང་། །འདམ་བུ་ཀ་ར་སྤང་རྩི་དོ་བོ་ཡིན། །གླད་[ཀླད་]རྩར་རིལ་ལུ་[བུ་]ཤ་རུས་རྩ་ལ་འདེ་གུ་ནི། །ཞོ་དང་སྦྱར་ནས་ཁོང་དུ་བཏང་བ་ཡིས། །རྩ་ནད་ཀུན་ལ་བདུད་རྩི་ལྟ་བུ་ཡིན། །གུར་གུམ་དོམ་འཁྲིས་[མཁྲིས་]སྤུ་[སྤྲུ་]འབྲུ་རྩི་གསུམ་སྟེང་། །གཉེན་[གཉན་]དུག་རྟ་མིག་[རྨིག་]སྤྱི་བཞུར་སྔོ་གསུམ་དང་། །ཁོང་ནས་རྩ་ཁ་སྡོམ་པའི་བདུད་རྩི་ཡིན། །ཟུག་ཆེ་ཁ་འཆོལ་ཁྲག་མི་ཆོད་ན་འཆི། །ཡང་ན་ཁ་སྣ་སྐམ་ནས་ཧར་ན་འཆི། །ཁྲག་ཆོད་རྩ་ཟིན་དམར་ཙེམ་ཆགས་ན་འཆི། །ལྔ་པ་བཅོས་ཐབས་ལོག་ནོན་བསྟན་པ་ནི། །ཤ་ལ་བཞའ་[གཞའ་]སྙོས་[སྨྱོ་]བྱེར་བ་གསུམ་ཡིན་ཏེ། །རུས་ལ་སྐམ་བྱེར་གཤེར་གཉིས་ཡིན་ལ། །རྩ་ལ་བྱེར་དང་འཁྲིད་པ་གཉིས་སུ་འགྱུར། །ཀླད་པ་བཞག་[གཞའ་]སྦོས་སྨྱོ་ལྐུགས་བཞི་རུ་འོང་། །ལོག་རྟག་[རྟགས་]དང་པོ་རླུང་གིས་སྣ་འདྲེན་པས། །གཡལ་མང་སྙིང་འདར་གྲང་ཤུམ་བྱེད་པ་དང་། །མགོ་ལུས་ལྗི་[ལྕི་]ཞིང་རྔུལ་མང་དང་ཁ་འགག །སྐོམ་སྙིག་[སྙེག་]ཚིག་པ་ཟ་ན་ལོག་པའི་རྟགས། །དང་པོ་ཤ་བཞའ་[གཞའ་]རྨ་སྐམ་མདོག་སྐྱ་རྨ་ཁ་ཤི། །ཨ་པས་[སས་]བདུག་ཅིང་ཁ་ཟས་བཟང་བ་བརྟེན[བསྟེན་]། །སྦང་མ་བཤུལ་ཚིལ་སྤོས་[སྤོད་]སྣ་ཆང་བཙོས་གླན། །ཤ་སྨྱོས་སེར་སྨུག་རྨ་རྔམ་མཐོ་བར་འོང་། །ཁྲག་དབྱུང་ག་པུར་ཆུས་བཀྲུ་ཀ་[ར་]དོམ་མཁྲིས་བཏབ། །རྨ་ཁོང་གཉིས་ཀ་བསིལ་གྱིས་བཅོས་པ་ཡིན། །བྱེར་བ་སྐྱི་བྱེར་ཤ་བྱེར་གཉིས་ཡིན་ཏེ། །སྐྱི་བྱེར་ཤ་ལྤགས་[པགས་]བྱེ་ནས་ཆུ་སེར་འཛག །བུལ་རྟོལ་[ཏོག་]ཆུ་བཀྲུ་མེ་མེད་དུད་གསུམ་ནི། །ཕ་བ་གོ་གོལ་[དགོ་དགོ་]སྙི་[སྙེ་]ནག་སླང་དྲེག་ཡིན། །ཆུ་རྩ་མར་དཀར་ཞོའི་སྤྲིས་སྦྱར་ལ་བྱུག །ཤ་བྱེར་དང་པོ་རྨ་སྐོར་སྐྲངས་པ་དང་། །དེ་རྗེས་སྲུབས་སྣ་རྩ་འཁྲང་སྐྲངས་པ་ཡིན། །ཐ་མ་མགོ་རུ་ཀུན་སྐྲངས་ཤ་འགྱུར་བྱེད། །མ་བཅོས་ནང་དུ་བསྐུལ་ཐེམ་བྱེར་ཁྲིད་འོང་། །དེ་ལ་ཐུར་མས་བཙག་[གཙག་]ལ་ཨ་པས་[སས་]བདུག །གླད་[ཀླད་]སྣ་ཚ་[ཚྭ་]སྤོད་སྦྱར་བསྲོས་ཞུན་དུ་བཞུག[གཞུག] །ཡང་ན་རྩ་བ་བཞི་ཡི་ལུམས་ཀྱིས་བདུག །རྩ་འཕྲང་བཅུ་གསུམ་མེས་བསྡམ་སྤུ་དེབ་བཏང་། །སྲུབ་[སྲུབས་]སྟེང་ཕྱིང་པས་བཏུམ་[བཏུམས་]ལ་རས་ཀྱིས་བསྡམ། །གཉིས་པ་རུས་ལ་སྐམ་བྱེར་གཤེར་བྱེར་ནི། །རུས་པ་སྐམ་བྱེར་བཅད་པ་ལྟ་བུ་དང་། །མེས་ཚིག་བྲག་ལྟར་བྱེར་བ་རྣམ་པ་གཉིས། །བད་རླུང་གྲང་བས་བྱེར་ན་སྤ་[སྦ་]བཅད་འདྲ། །ནག་གུ་ཙམ་དུ་མི་འོང་རྣག་ཏུ་ཆེ། །ལྷ་ཁྲག་སྤྲོད་པ་སྨན་གྱིས་ལྷ་བ་བཟུང་། །ཅུ་གང་ལི་ཤི་བྱ་ཡི་ཟེ་ཁྲག་དང་། །མི་དོམ་མཁྲིས་པ་ཛ་[ཛཱ་]ཏི་འཛིན་པ་བཏབ། །ཁོང་དུ་རྟ་ལྤགས་གཉིས་བཏབ་རུས་ཁུགས་བྱ། །ཤ་གསར་ཆང་གསར་ལྷ་བའི་མེ་དྲོད་བསྐྱེད། །མེས་བསྲེག་བྲག་ལྟར་བྱེར་ན་ཚ་བ་ཡིན། །ག་པུར་རྒྱལ་བློན་བཞི་དང་ཙནྡ་[ཙན་དན་]བདུན། །རྨ་ལ་བཏབ་ནས་བསིལ་བའི་ཆས་སུ་གཞུག །ག་པུར་རྒྱལ་བློན་གསུམ་པ་ཁོང་དུ་བཏང་། །རྩེ་ཆ་[ཆུང་]གཏར་ནས་ཟས་སྐོམ་བསིལ་དུ་བྱ། །མ་ཁུགས་ཁྲག་བཀུག་རུས་པ་བྲུད་ལ་ལྷ་བ་བཏོན། །སྐམ་བྲོས་འགུགས་པའི་སྨན་བརྒྱད་ལྷ་སྟེང་གདབ། །ཅུ་གང་གུར་གུམ་ལི་ཤི་དོམ་མཁྲིས་དང་། །ག་པུར་འོ་མ་འཛིན་དང་བུ་རམ་དང་། །ཁྱི་ལྕེ་བྱ་ཡི་ཟེ་མ་གཞི་བླང་ངོ་། །རྐང་མགོ་དཔྱི་དང་སེར་ར་རུས་མར་བསྲེས་རྨ་ཁ་གཡོག །ལུག་ཁྲག་བུར་རྙིང་སྦྱར་བའི་ལྷ་ཚབས་བཏང་། །གཉིས་པ་གཤེར་བྲོས་བ་རྒན་ཁ་ཆུ་ལྟ་བུ་དང་། །ཞིང་ཐག་ལང་བ་ལྟར་[ལྟ་]བུའི་རིག་[རིགས་]གཉིས་ལ། །ཤ་འུ་སྐྱེ་དྲག་[དྲགས་]གཙེས་ནས་ཁྲག་ནག་འོང་། །ཅུང་ཞིག་བཞག་ན་བྱ་ཝང་རྒྱབ་ལྟར་འགྱུར། །བ་ཡི་ཁ་ཆུ་འདྲ་ལ་རུས་སྦལ་སྙིང་། །དོམ་མཁྲིས་པ་ལའི་མཁྲིས་དང་རྩང་[རྩངས་]པའི་གླད[ཀླད]། །ཕྱི་ནས་དུགས་བྱ་ཁོང་དུ་སྡུད་སྨན་ནི། །ཨ་རུ་ན་ལེ་ཤམ་དང་བུར་ཆང་བཏང་། །དེས་མ་ཐུབ་ན་རྨ་ལ་འདྲེན་རྩི་བཏབ། །སྦྲང་ཆང་ཉམས་བཏང་མགོ་ལ་སྦང་རྩི་བྱུག །དེས་མ་ཁུགས་ན་བླུང་[བྲུད་]ལ་སྦལ་ཁྲག་གམ། །ཡང་ན་རྒྱ་ཚ་རུ་ཏ་[རྟ་]ཆུ་དག་དང་། །དབྱི་མོང་བཏང་ནས་ཚིལ་ནན་སྤོད་ནན་བྱ། །ཐག་ལངས་ཁོང་དུ་ཚས་བཏང་ཨ་པས་[སས་]བདུག །གསོན་དང་སྤྲད་ལ་དགུ་སྦྱོར་ཁན་དྷས་[ཁཎྜ་]བཟུངས[བཟུང་]། །ཡང་ན་ཤ་བྱེར་གཉིས་ཀ་ལྷ་བ་གསོད[གསོན་]དང་སྤྲད། །གཤེར་འབྲོས་འགུག་པའི་སྨན་བདུན་ལྷ་སྟེང་གདབ། །རྒྱ་ཚ་ཁ་རུ་ཚ་དང་གུར་གུམ་དང་། །དོམ་འཁྲིས་[མཁྲིས་]འོ་མ་འཛིན་པ་བུ་རམ་ཐང་། །ཚིལ་ནན་སྤོད་ནན་བྱ་ཞིང་བྱེར་སྟེང་བསྲེགས། །སྙིང་མཆིན་འདོམ་རྩ་གཏར་ཞིང་ཡན་[ཡེན་]ལ་གཏད། །ཁྲ་བོར་བྱེར་ན་སྡུད་སྨན་རྨ་ནང་བསྐོལ་བ་སྟེ། །རུས་པ་རྔུལ་ནས་ཙིག་ཙིག་བྱེད་པ་དང་། །ཕྱིས་ན་ཆུ་སེར་མི་འོང་ཁྲ་མོ་ཡིན། །སྡུད་པ་རེ་རལ་ཅུ་གང་འོམ་བུ་ཡི། །མེ་ཏོག་འབྲི་མར་མངར་གསུམ་སྦུ་སྙེམས་བྱུང་[ལྦུ་སྙིགས་ཕྱུང་]། །གླད་[ཀླད་]སྤྲི་ཐོག་ཏུ་རྣག་ཞུགས་དེ་བཏང་འདོན། །ཡང་ན་རུས་ཞུགས་རྒྱ་ཆེན་ཤག་ཤུན་དབྱེ། །རྡོ་བ་དགུ་ནི་གཅིག་ཐུབ་གཉིས་དང་གྲུ་བཞི་གཉིས། །སྦབ་[སྦལ་]རྒྱབ་ཅོག་ལ་རྡོ་མཁྲིས་རྡོ་ཀླད་བེ་[བེལ་]སྣབས་དང་། །བྱེར་[བྱིའུ་]མགོ་དང་ནི་དགུ་སྟེ་རྩི་གསུམ་ནི། །ཅུ་གང་གྷི་ཝང་གུར་གུམ་གསུམ་དང་སྦྱར། །སྔོ་ལ་ལྔ་ནི་བྲག་སྤོས་འབྲི་ཏ་ས་འཛིན་དང་། །རེ་རལ་ཁྱི་ལྕེ་ལུག་མིག་བུ་རམ་སྦྱར་བའོ། །ཁོང་དུ་བཏང་བས་ལྷ་བའི་བྱེར་ཀུན་འགུག །ལྷ་བྲོས་རྟས་མི་སླེབ་པས་བྱུག་པ་བྱ། །ལེག[ལེགས་]པར་བཏགས་[བརྟགས་]ལ་སོ་སོའི་སྐྱོན་རྣམས་བསལ། །ལྷ་མིག་རྣག་གིས་ཁེངས་ན་སྐྱ་ལ་སོགས་[གསོབ]། །ཅི་[ཇི་]ཙམ་བྲུས་ཀྱང་ལྷ་ཁྲག་སྐམ་ནས་མེད། །ཤད་[ཤེད་]ཆུང་གྲང་འདར་དང་ཁ་འགག་ན་འཆི། །བྲོས་ཁུག་རླན་བྱུང་ཤ་བུ་[འུ་]འཕེལ་བ་དང་། །ཁ་ཤ་དམར་གྲུབ་[འདྲུབ་]ནད་ཟོ་བདེ་ན་འཚོ། །གསུམ་པ་རུས་ཀྱི་བྱེར་བ་བཅོས་པ་ནི། །ཤ་རུས་བར་ནས་ཤ་བུ་[འུ་]ལྕེ་ཐབས་སྐྱེ། །ཁ་ཤ་འདྲེ་བུ་ཉ་[ཉྭ་]སྒང་འབྱུང་བ་ཡིན། །ཤ་རུལ་རུས་འཛིན་ཕྱུང་ལ་ཆགས་སྨན་ནི། །མངལ་ཁྲག་རྒུ་དྲུས་དོམ་འཁྲིས་[མཁྲིས་]གསུམ་སྦྱར་བཏབ། །བཟོ་ལྷག་ལུས་ན་སྐྱུང་གིས་ཆོད་པར་བྲུད། །རྩ་སྐྱོན་བྱེར་བས་ཤ་རུས་གླད་[ཀླད་]རྩ་གསུམ། །ཤ་རྩ་བྱེར་[ན་]སྐེ་འཇིང་འགྱུར་བ་དཀའ། །སྐྲངས་ཤིང་འཁྲུག་[འཁྲུགས་]ལ་ཟུག་ཆེ་གཟེར་བ་ཡིན། །རྩ་སྟེང་མེས་མནན་ལུམས་སྣ་གསུམ་སྟེ། །མེ་ཏོག་སྣ་ཚོགས་བདུད་རྩི་ལྔ་ལུམས་དང་། །འབྲུ་སྣ་ལྔ་ཡི་ལུམས་ཀྱིས་ན་སར་བདུག །རུས་རྩ་བྱེད་[བྱེར་]ན་ལྷ་བ་བྲོས་པ་ཡིན། །དེ་ལ་སྨན་[དང་]མར་སྦྱར་གཏེལ་[ཏེལ་]པས་བསྐོལ། །གླད་[ཀླད་]པ་བྱེད་[བྱེར་]ན་ཆུ་སེར་དང་ཐོག་ལྷུང་། །རྨ་དང་སྣ་སྒོ་ཆུ་ལུམ་[ལུམས་]ཆུ་སེར་འདྲེན། །རྒྱ་ཚ་ཁ་རུ་ཚ་དང་ཟིལ་[ཟེ་]ཚ་གསུམ། །བྱང་པ་ཉ་ཕྱིས་དོམ་མཁྲིས་རྣམ་པ་གསུམ། །ནད་མ་ཚེར་སྔོན་ཨ་བྷི་ཤ་[ཥ་]གསུམ་བཏང་། །མ་ཐུབ་རུ་[རུས་]མཐོང་ཕྱེ་ནས་རྣག་ཆུ་འདོན། །ནས་ཀྱི་འབྲུ་འཐོར་འདྲ་ན་འཚོ་བ་སྟེ། །ལུ་གུ་ཉལ་འདྲ་ཅིག་[གཅིག་]ཏུ་འཁྱིལ་ན་འཚོད་[འཚོ་]། །དར་ཚག་[གཙགས་]དྲག་[རྣག་]ཕྱུང་རྗེས་ལ་གསོ་སྨན་བཏབ། །དར་སྟེང་ཆུ་སེར་ལྷུང་བའི་རྟགས་བྱུང་ན། །རྨ་མེད་གཞན་དུ་ཐིག་ལེ་བྱུང་བ་ན། །དེག་སེར་[དོགས་སར་]སྐྲ་གཞར་ཆུ་ལྕག་རྒྱབ་[བརྒྱབ་]པ་ཡིས། །རླངས་པ་དྲོད་ཆེ་མནན་པའི་གཟེར་མིག་ན། །ཤ་དྲ་རུས་བདར་རྒྱུས་པ་ཆུ་རྣག་བཙལ། །ལོག་གནོན་བྱེད་དུས་སྙིང་གམ་[ཁམས་]ཆུང་མི་དགོས། །ལྷ་བ་བྱེར་བ་བཟང་ངན་སྤྲད་པ་དང་། །ཀླད་རུས་མཚམས་ནས་ཆུ་རྣག་ཅི་ཐོན་གྱིས། །རྩ་ཁྲིད་པ་ལ་ཕྱི་ཁྲིད་ནང་ཁྲིད་གཉིས། །ཕྱི་ཁྲིད་བཤུལ་ཤ་འཁྲིད་ཅིང་བཞུག་ཏེ་[གཞུག་ཏོ་]སྐྲངས། །ཡན་ལག་ཤ་སྦྲིད་ཚོར་བ་ཆུང་བ་དང་། །ལུས་ཀྱི་ཚ་སྐྱིས་[སྐྱེས་]བདུད་རྩི་ལྔ་ལུམས་བྱ། །ཕྱི་ནང་རྩ་སྦྱང་ག་པུར་རྩ་ལྔ་སྦྱར། །ནང་རྩར་ཁྲིད་ན་སྟོད་ལྗི་[ལྕི་]ཚ་བ་སྐྱེ། །ལུས་ལྗི་[ལྕི་]ཕྲུམ་སེར་ཁྱེར་ལ་དབུགས་མི་བདེ། །གློ་ཆུང་སོར་ན་ག་པུར་རྩ་ལྔ་ལ། །མུ་ཏིག་ཉ་སྐྱོག་[སྐྱོགས་]མི་དོམ་མཁྲིས་པ་བསྣན། །འབྲས་བུ་གསུམ་གྱི་ཁུ་བས་ཕུལ་ལ་བཏང་། །བསྲེག་མིག་བཅུ་གསུམ་མེ་ཡིས་བསྡམ་པ་ཡིན། །བྱེ་བྲག་སྙིང་ལ་བབས་ན་སྙིང་མི་དགའ། །ཡན་ལག་རིང་[རེངས་]ལ་མིག་སླར་[སླེ་]ཁ་ལྐུགས་ཤ་[ལ]། །ཛ་[ཛཱ་]ཏི་ག་པུར་ཨ་རུ་ཙནྡ་[ཙན་དན་]དང་། །ཨ་བྱག་ཀ་ར་སྦྱར་ནས་བཏང་བ་ཡིན། །གློ་ལ་བབས་ན་སྟོད་གཟེར་འབུགས་[དབུགས་]ཐུང་གིས། །རྔམ་པ་ཆེ་འོང་ཅུ་གང་ལྔ་པ་ནི། །གྷི་ཝང་ཨུད་དཔལ་[ཨུཏྤལ་]རྒུན་འབྲུམ་སྲོ་ལོ་དང་། །ཀ་ར་སྦྱར་ནས་བཏང་བས་གློ་བབས་སེལ། །མཆིན་པར་བབས་ན་ལུས་དང་ཤེས་པ་བྱིང་། །མིག་འཛུམ་དཀའ་བས་གུར་གུམ་བཞི་པ་ནི། །འགྲི་གང་[འབྲི་རྐང་]ཀན་དྷ་[ཀཎྚ་]ཀ་རི་ག་པུར་དང་། །གསེར་གྱི་མེ་ཏོག་དང་ཀ་ར་སྦྱར་ནས་བཏང་། །མཚེར་པར་བབས་ན་མཆུ་འཕྱང་སྦྲིད་པ་གྱོང་། །རྒོད་[དགོད་]མི་ཤེས་ན་ལི་ཤི་ལྔ་པ་ནི། །ད་ལི་[ལིས་]རུ་རྟ་ལི་ག་དུར་ཧོར་[ཧོང་]ལེན། །ཀ་ར་ལྔ་པོ་སྦྱར་ནས་བཏང་པ་ཡིན། །མཁལ་མར་བབས་ན་དཔྱི་མིག་བླ་[བརླ་]རྐང་གཟེར། །ཚང་ར་མི་ཐེག་རྐང་བཤལ་དྲི་ཆུ་སྡོམ། །དགྱེ་དགུ་མི་ཤེས་འབྲས་བུའི་སྨན་མར་སྦྱར། །སུག་སྨེ་[སྨེལ་]ད་ལི་[ལིས་]ཤིང་ཚ་སྡིག་སྲིན་དང་། །དོམ་མཁྲིས་གསེར་གྱིེ་བྱེ་མ་སྦྲང་དང་སྦྱར། །མེ་བཙའ་ཕྱེ་མ་རིག་པ་སྤྱི་དང་འཁྲུལ[འཕྲུལ]། །གླད་[ཀླད་]པ་བཞའ་[གཞའ་]ན་ཤིང་ཀུན་གསུམ་པ་བཏང་། །ཤ་ཆང་བརྡེག་ཅིང་ཨ་ས་བ་ཡིས་བདུག །སྦོས་ན་ཚ་སྦོས་རྒྱལ་བློན་ཁོང་དུ་བཏང་། །ཧུང་[ཧོང་]ལེན་བསྣན་ལ་རྨར་བཏབ་ཞེ་[ཞ་]ཉེས་མནན། །སྲིན་བལ་ག་པུར་ཆུར་བཅུར་[བཅུག་]རྨ་སྟེང་བཀབ། །ཞེ་[ཞོ་]དང་ཨ་རུའི་ཐང་བརྟེན་[བསྟེན་]རྩ་གུང་བསྣན། །རྨ་ཤི་རྣག་སྐྱ་ཆུ་སླ་བསིལ་བཅུད་བརྟན[བསྟེན་]། །གྲང་སྦོས་བཞའ[གཞའ་]འདྲ་སྲིན་བལ་མལ་[མར་]བཙོས་བསྣན། །རྣག་སྦོས་དང་ཁ་མི་བདེ་གཉིད་བྲོ་ཞིང་། །ལུས་ལྗི་[ལྕི་]རྨྱང་འདོད་མིག་དམར་ལུད་པ་མང་། །སྦྲང་[བྲང་]འདབ་སྐྱལ་[སྐྱ་]ལ་སྐམ་ན་གསིང་[གསེང་]བུག་བཙང་། །དར་ཐོག་རྣག་འཁྱིལ་ཡིན་པས་ཤ་བུ་[འུ་]འཛེར་ཐབས་སྐྱེ། །རྒྱ་ཚ་ཕུར་མོའི་ལོ་མ་དན་དྷ་[ད་]དང་། །རུ་རྟ་བཏབ་ནས་ཞག་གཅིག་ལྟོ་བ་བཀུག །རྣག་རུལ་དེས་མ་ཐོན་ན་རྒྱ་ཚ་དོམ་འཁྲིས་[མཁྲིས་]དང་། །གུར་གུམ་ཆང་སྦང་བ་ལྒང་ཕུག་ཏུ་བླུག །རྣག་གིས་འགྲིམ་ལམ་གསེང་ཕུག་གཏོད་ལ་བསལ། །ཤ་རྨེན་བྱུང་ན་མི་བཅད་ཐུར་མས་བསྲེག །སྨྱོས་ནས་གཙུག་དང་རྐང་མཐིལ་བདུན་དྲུག་སྙིང་ཁ་བསྲེག །ཞོ་ཤ་ཛ་[ཛཱ་]ཏི་ག་པུར་ཨ་ཀ་རུ། །གུར་གུམ་རྒྱ་ཚ་སྒོང་[སྒོ་]ང་བཏང་ནས་ཟས་བཅུད་བརྟེན[བསྟེན]། །ལྐུག་ན་ཀླད་ལྐུགས་རུས་[ལྐུགས་]རྩ་ལྐུགས་གསུམ། །ཀླད་པ་འཁྱོམ་ལུག་དར་ཐོག་རྣགས་བསོག་ན། །གླད་[ཀླད་]ལྐུགས་ག་པུར་ཅུ་གང་གུར་གུམ་དང་། །ཙན་དན་མུ་ཏིག་ཏ་[ཉ་]སྐྱོགས་དོམ་མཁྲིས་དང་། །ཀ་ར་བཏང་ནས་ལྟག་ལྟ་[རྩ་]གཉིས་གཏར་བསྲེག །སྣ་ཁྲག་བྱུང་ན་ལྕེ་ལྐག་[འོག་]རྩ་ལ་གཏར། །ཆུ་ཆགས་[ཆག་]བྱས་ནས་གན་རྐྱལ་ཉལ་བྱས་ནས། །ཡན་ལག་བཞི་ནས་མཉམ་འཐེན་རྐང་ཞབས་བརྡུང་། །ལྐུག་པ་དེས་མ་ཕྱེད་ན་སྣ་སྦྱོང་བཏང་། །རུས་དུམ་གླད་[ཀླད་]རུས་བར་སོང་ཀླད་མནན་ན། །རྩ་ཤོར་ཆུ་བྱེར་རུས་ལྐུགས་སྐུགས་[ལྐུགས་]བཟོ་བྱ། །རྩ་ལྐུགས་རྩ་དཀར་བཅོས་པའི་ལེའུར་ཤེས། །ཞེས་གསུངས་སོ།།

 གསོ་བྱའི་ནད་འབུམ་ནག་པོ་ལས་མགོ་རྨ་གསོ་བའི་ལེའུ་སྟེ་དོན་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།