སྨན་རྩིས་དྲ་བ། - མདུན་ངོས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.04.2024
མདུན་ངོས། >>

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཕྱི་ལོ་ ༢༠༢༤  ཟླ་ ༣ ཚེས་ ༢༥ ནས་ ཟླ་ ༤ ཚེས་ ༢༦ བར་ཁྱོན་ཉིན་གྲངས་ ༣༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་ནས་སྐབས་ཉེར་གཅིག་སྨན་པ་རྣམས་ལ་སྐམ་ཁབ་ཟབ་སྦྱོང་དང་ལྷན་དྷ་ས་ས་གནས་ཀྱི་ནད་པ་རྒན་གཞོན་བར་གསུམ་ལ་རིན་མེད་དཔྱད་བཅོས་གནང་ཡོད།

དེ་ཡང་བདུན་ཕྲག་དང་པོའི་ནང་སྐམ་ཁབ་རིག་པའི་རྩ་ཆེན་ ༡༤ སོགས་རྩ་རྒྱུད་ཀྱི་རྣམ་གཞག་དང་གསང་དམིགས་ ༤༥༠ ལྷག་ཙམ་གྱི་ལག་ཐབས་བཅས་ལ་སློབ་ཁྲིད་དང་སྨན་པ་སོ་སོའི་རང་ལུས་ལ་ཁབ་གཙག་སྟེ་སྦྱོང་བརྡར་བྱས།

བདུན་ཕྲག་གཉིས་པ་དང་གསུམ་པའི་ནང་སྔ་དྲོར་རིག་པའི་གཞུང་ལུགས་དང་ལག་ཐབས་སོགས་སྦྱོང་བརྡར་དང་ཕྱི་དྲོ་ནད་པར་བརྟག་དཔྱད་གནང་སྟེ་སྐམ་ཁབ་གཙོས་མེ་བུམ་དང་། ཕུར་མཉེ་སོགས་རིན་མེད་ཐོག་སྨན་བཅོས་ཞུས་ཡོད།

བདུན་ཕྲག་བཞི་པར་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་མུ་འཐུད་ནད་པར་ཉིན་གང་སྨན་བཅོས་ཞུས།

བདུན་ཕྲག་ལྔ་པར་སླར་ཡང་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྔ་དྲོ་ནས་ཕྱི་དྲོ་བར་ནད་པར་སྨན་བཅོས་ཞུས་ཡོད།

མདོར་ན། ཐོག་མའི་ཉིན་ ༦ རིང་སྐམ་ཁབ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། ཉིན་ ༢༡ རིང་ནད་པར་རིན་མེད་སྨན་བཅོས་ཞུས་པ་བཅས་ཁྱོན་ནད་པ་གྲངས་ ༢༩༢ ཙམ་ལ་སྐམ་ཁབ་སྨན་བཅོས་ཐེངས་ ༦༦༥ ཞུས་པས་གྲིབ་སྐྱོན་དང་། རྩ་དཀར། དཔུང་པ་མཁལ་རྐེད་པུས་ཚིགས་ན་མཁན་ནད་པ་མང་པོར་དྲག་སྐྱེད་དང་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན་ས་གནས་མི་མང་ནས་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད།།














མཐའ་མའི་འདོན་ཐེངས་།: 29.04.2024 ཉིན། 10:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།