སྨན་རྩིས་དྲ་བ།
སྦྲུམ་མའི་རྩ་དང་ཁྲག་གི་རྩ་ལ་ཁྱད་པར་གང་ཡོད་དམ།
ཕྱི་རྒྱུད་རྩ་མདོའི་ལེའུ་ལས། ཁྲག་གི་རྩ་ནི་འབུར་ལ་འདྲིལ་བར་འཕར། །ཞེས་ཟས་སྐོམ་གང་ཟོས་པ་རྣམས་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ལེགས་པར་བྱེད་མི་ཐུབ་པར་སྙིགས་མ་དྭངས་མའི་རྩ་མིག་ཏུ་ཤོར་ཏེ་མཆིན་པའི་གནས་སུ་ཟུངས་སུ་བསྒྱུར་མི་ཐུབ་པར་ངན་ཁྲག་ རྒྱས་པར་གཟིགས་་
སྨན་པ་དང་ནད་པའི་བར་ལ་འབྲེལ་བ་ཇི་འདྲ་ཞིག་དགོས་སམ།

སྨན་པ་བྱང་སེམས་ཆེ་ཞིང་ནད་གསོ་བ་ལ་མཁས་པ་ནད་པའི་ལུས་སེམས་ཀྱི་བདེ་སྡུག་ལ་ཁུར་དུ་ལེན་མཁན་ཞིག་དང་། ལྷག་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་མཁས་ཤིང་ནང་བྱིན་ཆུབ་པ་ཞིག་དང་། ལ་ལས་མཐོང་སྣང་བདེ་བ་ཞིག ངག་འཇམ་པ་ཞིག འགའ་ཞིག་གིས་རྒན་

རྒྱས་པར་གཟིགས་་
དཔལ་ལྡན་རྒྱུད་བཞི་བཀའ་དང་བསྟན་བཅོས་གང་ཡིན་སྐོར།

བོད་གངས་ཅན་གྱི་གསོ་རིག་རྩ་བ་དཔལ་ལྡན་རྒྱུད་བཞི་ཞེས་པ་འདི་ཉིད་ལ་སྔར་ནས་ད་ལྟ་བར་དུ་བཀའ་དང་བསྟན་བཅོས་གང་ཡིན་སྐོར་ལ་མཁས་པའི་བཞེད་ཚུལ་མི་མཐུན་པ་མང་ཞིང་། སྐབས་སྐབས་སུ་དེའི་སྐོར་ནས་རྩོད་གླེང་ཡང་འབྱུང་བཞིན་ཡོད་པ་རེད། ལ་ལས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུང་ཚུལ་དང་། ཁ་ཆེ་པཎ་ཆེན་

རྒྱས་པར་གཟིགས་་
ནད་རིགས་སྔོན་འགོག་སྐོར།

འགྲོ་བ་གང་ཞིག་ཀྱང་མཐའ་མ་སྐྱེ་རྒ་ན་འཆིའི་གཞན་དབང་དུ་འགྲོ་དགོས་པ་ལས་དེ་ལ་ཟློག་ཐབས་མེད་པ་ནི་སྲོག་ལྡན་འགྲོ་བ་རྣམས་ཀྱི་ཆོས་ཉིད་ཁོ་ན་ཡིན་པ་ཀུན་ལ་བསྙོན་དུ་མེད། འོན་ཀྱང་རྫས་ཀྱི་ནུས་པ་བསམ་མི་ཁྱབ་ལ་བརྟེན་ནས་དུས་མ་ཡིན་པའི་སྐྱེ་རྒ་ན་འཆིའི་རྐྱེན་ངན་ལས་རེ་ཞིག་ཟློག་ཐུབ་པའི་སྐབས་ཀྱང་འབྱུང་གི་ཡོད་སྟབས་སྐྱེ་འགྲོ་རྣམས་ཀྱིས་རྩ་ཆེའི་རིན་བྲལ་གྱི་གོ་སྐབས་འདི་ལ་ངེས་པར་དམ་འཛིན་བྱ་དགོས།དེས་ན་དོན་གཉེར་ཅན་རྣམས་ཀྱིས་མིའི་ལས་ཁམས་བདེ་ཐབས་སུ་འཇིག་རྐྱེན་གཙོ་བོ་ནད་རིགས་དང་ཐག་

རྒྱས་པར་གཟིགས་་
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་དང་ལོ་ཚིགས་སྐོར།
མཁས་པ་ལ་ལས་གཡུ་ཐོག་གསར་རྙིང་གཉིས་ལས་གཡུ་ཐོག་གསར་མ་མ་གཏོགས་རྙིང་མ་མི་འདོད་པ་དང་། གཡུ་ཐོག་གསར་རྙིང་གཉིས་སུ་འདོད་པ་དང་། འཁྲུངས་ཡུལ་དང་ལོ་ཚིགས་ཀྱང་སོ་སོར་འདོད་པ། གཡུ་ཐོག་རྙིང་མའི་འཁྲུངས་ལོ་ལ་སྤྱི་ལོ་༧༠༨། ༧༢༩། ༧༤༢། ༧༦༨། ༧༨༦། ༧༨༧། ༧༩༠།བཅས་ལ་འདོད་པ་དང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་དགུང་མཉམ་དུ་འདོད་པ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ རྒྱས་པར་གཟིགས་་
ལུས་ཤ་ཇི་ལྟར་སྐེམ་པར་བྱེད་དགོས་སམ།
དེང་དུས་གཞོན་ནུ་མང་དག་ཅིག་གིས་དང་དོད་བྱེད་བཞིན་པ་ནི་ལུས་ཤ་སྐེམ་པར་བྱེད་རྒྱུ་དེ་དང་། ལྷག་པར་དུ་གཞོན་ནུ་མ་ཀུན་གྱིས་རྒྱགས་པ་ཞེས་པའི་མིང་དེ་དང་དེའི་འཇུག་ཡུལ་གྱི་ལུས་པོ་རྒྱགས་པ་སྦོམ་པོ་དེ་ནི་མཐོང་མ་བདེ་བ་དང་ཐོས་པར་མི་སྤྲོ་བའི་གནས་བབ་ཅིག་ལ་ངོས་འཛིན་པར་མཐོང་བའི་ཚོར་སྣང་དང་འབྲེལ་བའི་བསམ་ཚུལ་ཞིག་ནི། མི་ཞིག་ལ་རྒྱགས་པ་ཡིན་བཞིན་དུ་རྒྱགས་པ་ཡིན་ རྒྱས་པར་གཟིགས་་
རེག་དུག་ན་ཚ་ནི་ཨེ་ཙི་ (AIDS) ཞེས་པའི་ན་ཚ་དེ་མིན།

རེག་དུག་གི་ན་ཚ་ནི་དཔལ་ལྡན་རྒྱུད་བཞིའི་དུག་ནད་ལེའུ་ནང་དུ་བསེ་དུག་ལས་བྱུང་བའི་ནད་གཞི་ཞིག་ཡིན་པ་གསུངས་པ་དང་། བསེ་ཤིང་ལས་བྱུང་བའི་ནད་གཞི་དེ་ལ་འགོས་ཁྱབ་ཀྱི་དབང་གིས་བསེ་མོག་ཀྱང་ཟེར་སྲོལ་ཡོད་པ་རེད། དེ་ཉིད་འགོས་ཁྱབ་བྱུང་ཚུལ་ནི་ཕོ་མོའི་མཚན་མ་ཕན་ཚུན་འབྲེལ་བ་ལས་འབྱུང་གི་ཡོད་ཅིང་། དེ་ལ་རྒྱུ་རྐྱེན་དང་ནད་རྟགས་བཅོས་ཐབས་སོགས་ཞིབ་ཅིང་རྒྱས་པ་རྒྱུད་ན་གསུང་ཡོད་པ་རེད། དེང་སྐབས་སྤྱི་ཚོགས་སུ་ཨེ་ཌི་སི་ཞེས་པ་དེ་རེག་དུག་ལ་གོ་ནས་འགྲེལ་བརྗོད་བཤད་མཁན་མང་པོ་ཡོད་ཀྱང་། དོན་ལ་དེ་གཉིས་རྒྱུ་རྐྱེན་ནད་རྟགས་གང་གི་ཆ་ནས་ཀྱང་གཅིག་པ་མ་ཡིན་པར་ཐ་དད་ཅིང་སོ་སོ་བ་ཞིག་ཡིན། ཨེ་ཌི་སི་ནི་ཕན་ཚུན་འགོས་ཁྱབ་ཏུ་འགྲོ་ཚུལ་ལ་རྣམ་པ་མི་འདྲ་བ་མང་བ་དང་། རེག་དུག་ནི་ཕོ་མོའི་མཚན་མ་ནས་ཁྲག་ངན་ཆུ་སེར་དང་རྨ་སོགས་ནས་འགོས་པ་ལས་གཞན་དུ་འགོ་མི་ནུས་པ་ཞིག་ཡིན་པར་འདོད་དོ།།

རྒྱས་པར་གཟིགས་་
ལུས་ཟུངས་གསོ་ཐབས་སྐོར།

ལུས་ཟུངས་གསོ་བྱེད་ཤ་འདྲ་གང་ཡང་མེད་ཚུལ་རྒྱུད་ན་གསུངས་འདུག་པ་དོན་དངོས་དང་མཐུན་ནམ། དེ་ལ་ལ་ལས་ཤ་ཁྲག་ལེགས་ཚུལ་དང་། ལ་ལས་ཤིན་ཏུ་མི་རུང་ཞིང་ཆེས་གནོད་ཚུལ། ལ་ལས་ཤིང་འབྲས་ཕན་ཚུལ། ལ་ལས་སྣུམ་ལྡན་གྱི་འབྲས་བུ་ལེགས་ཚུལ། ལ་ལས་སྔོ་ཚོད་བཟང་ཚུལ་སོགས་ཡུལ་སྲོལ་དང་ཚན་རིག་གནའ་སྲོལ་སོགས་བཤད་ཚུལ་དུ་མ་ཞིག་འབྱུང་གི་ཡོད་འདུག་པས་དོན་དངོས་སུ་གང་ལེགས་སམ།

རྒྱས་པར་གཟིགས་་
སྨན་རྩིས་དྲ་བའི་སྐོར་གྱི་བསམ་ཚུལ།

སྨན་རྩིས་དྲ་བ་འདི་ནི་སྨན་དང་རྩིས་ཀྱི་རིག་གཞུང་འདི་ཉིད་ཡོད་པ་རྒྱུད་འཛིན་དང་མེད་པ་ནང་འདྲེན་གཏོང་ཐབས་དང་། དེ་བཞིན་སྨན་རྩིས་རིག་པ་ལ་དང་དོད་ཡོད་མཁན་གྱི་ཀློག་པ་པོ་དང་ཉམས་ཞིབ་པ་སོགས་ ལ་དམིགས་སུ་དེང་དུས་དང་མཐུན་པར་དྲ་ལམ་ནས་བེད་སྤྱོད་

རྒྱས་པར་གཟིགས་་