སྨན་རྩིས་དྲ་བ། - 2016-2017 རབ་གནས་མེ་སྤྲེལ་ལོའི་ལོ་ཐོ།

  རབ་བྱུང་༡༧ བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ལོ། 

༄༅། །དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།

སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།

ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།

ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ།། སྤྲེལ་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ།། ྋསྟག་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ།། ྋབྱི་འབྲུག་གཉིས་ནི་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་།། ྋསྦྲུལ་ཕག་གཉིས་ལ་བཞི་བཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ།། ྋལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི་དག་ ྋདགུ་མིག་ཏུ། །ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

བྱེ་བྲག་བྱིས་པར་གདུགས་དཀར་དང་། །བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན།། ྋཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་ས་བྱི་ལོ་གྲངས་ ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །ཤིང་བྱི་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ལྕགས་བྱི་༥༧ དམ་སྲི་མི་ཁ་མནན། །མེ་བྱི་ ༢༡།༨༡ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །ཆུ་བྱི་ ༤༥ གཤེད་དུར་ཆེར་བབས་པས།  །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་མེ་རྟ་ ༥༡ རང་དུར་ཆུང་། །ཆུ་རྟ་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ་། །འབད་པ་ཤིན་ཏུ་གལ་ཆེའོ།།

སླར། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།


 དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

༈ མིག་གསུམ་མིག་གིས་འཇིག་རྟེན་བླང་དོར་གནས། །ཕྲ་ཞིང་ཕྲ་བ་འབྱེད་དང་ལྷན་ཅིག་ཏུ། །ལུས་ཅན་ལ་འཚེ་ལུས་མེད་དཔུང་གི་ཚོགས། །ཐལ་བའི་རྡུལ་བརླག་ཐལ་བའི་དབང་ཁྱོད་རྒྱལ། །སྟོང་དང་དྲུག་བརྒྱ་ལྷ་ཡི་སྐྱེད་ཚལ་ངོས། །དགའ་བའི་ལྷ་མོ་ཉེར་བརྒྱད་དང་རོལ་བའི། །གཟའ་མཆོག་དཔའ་བོའི་བགྲོད་པ་ལས་བརྩམས་ཏེ། །བླང་དོར་འབྱེད་པ་འདི་ཡང་རྟེན་འབྱུང་ཤིས། །དགུང་འདིར་ྋདབུས་དང་ྋཤར་ཕྱོགས་སུ། །བཞི་པའི་ཚེས་ཤར་ནས་བཟུང་སྟེ། །ལྔ་པའི་སྟོང་བར་ཉི་མས་ཐན་ངོ་ཡང་། །དཀར་པོ་དང་ནི་ཟླ་བུ་ཟུང་། །ལྷན་སྤྱོད་ལོ་ལེགས་བདེ་སྐྱིད་ལྡན།། ྋཤར་ལྷོར་ལོ་ཧྲིལ་སྒྲ་གཅན་གྱིས། །འཐབ་རྩོད་ཅུང་མང་ལྷག་པར་དུ། །ཟླ་བ་བཞི་པའི་ཡུན་ལ་ནི། །ལྷ་ཡི་བླ་མ་ཕྱིར་ལྡོག་ངང་། །ལྷན་སྤྱོད་ནད་མཚོན་མུ་གེའི་ངོ་།། ྋལྷོ་ཕྱོགས་སྒྲ་མཁན་ཟླ་གསུམ་པའི། །ཚེས་ཤར་དུ་ནི་ཕྱིར་ལྡོག་དང་། །དེ་བཞིན་བཞི་པ་ཕྱི་མ་ཡི། །ཉ་དང་དང་པོའི་ཚེས་ཤར་ལ། །ཕྱིར་ལྡོག་སྤྱོད་ཡུན་ནད་མཚོན་དང་། །མུ་གེའི་ངོ་ཅུང་ཤར་ན་ལས། །ལོ་ཧྲིལ་བདེ་སྐྱིད་ལྡན་པ་འབྱུང་།། ྋལྷོ་ནུབ་གསུམ་པའི་ཟླ་དཀྱིལ་ནས། །དགུ་པའི་ཟླ་མཇུག་དལ་འགྲོས་ནི། །མུ་གེའི་འཇིགས་དང་ལྷག་པར་དུ། །་བཞི་པའི་ཉེར་གཉིས་ནས་བཟུང་སྟེ། །ལྔ་པའི་སྟོང་བར་དམར་པོ་ཡང་། །ཕྱིར་ལྡོག་ངང་ནས་ལྷན་སྤྱོད་པས། །ནད་ཡམས་དམག་འཁྲུག་གང་ཙམ་ངོ་། །བཅུ་གཉིས་ཚེས་ཤར་ནས་བཟུང་སྟེ། །ཕུར་བུས་བདེ་སྐྱིད་ལྡན་པ་འབྱུང་།། ྋནུབ་ཕྱོགས་གསུམ་པའི་ཚེས་ཤར་ནས། །བཞི་པའི་ཉ་དང་དེ་བཞིན་དུ། །དྲུག་པའི་བཅུ་ནས་བརྒྱད་པ་ཡི། །ཉེར་བརྒྱད་དམར་པོས་འཐབ་རྩོད་དང་། །དགུ་པའི་ནང་དུ་དཀར་པོ་དང་། །ཟླ་བུས་བདེ་མཉམ་བྱེད་ན་ཡང་། །བཅུ་པའི་གཅིག་ནས་འཆར་ལོ་ཡི། །གཉིས་པའི་སུམ་ཅུ་བར་དུ་ནི། །དལ་འགྲོས་མུ་གེས་འཇིགས་ལ་དོགས།། ྋནུབ་བྱང་ལོ་སྟོད་བདེ་སྐྱིད་ལྡན། །འོན་ཏེ་བརྒྱད་པའི་ཉེར་གཉིས་ནས། །བཅུ་པའི་གནམ་སྟོང་དམག་དཔོན་གྱིས། །བདེ་མིན་འཐབ་རྩོད་དེ་བཞིན་དུ། །དང་པོའི་བརྒྱད་ནས་གཉིས་པའི་སྟོང་། །ཀེ་ཏུས་གོང་བཞིན་འཐབ་རྩོད་ངོ་། །ྋབྱང་ཕྱོགས་ཀེ་ཏུས་ལོ་ཧྲིལ་པོར། །འཐབ་རྩོད་མི་བདེའི་ངོ་ཤར་ཡང་། །བཅུ་གཅིག་ཉེར་བདུན་ནས་བཟུང་སྟེ། །དཀར་པོས་ཅུང་ཞིག་བདེ་མཉམ་དང་། །འཆར་ལོའི་དང་པོའི་ཚེས་ཤར་ནས། །རྒྱལ་འབངས་བདེ་སྐྱིད་དཔལ་ལ་སྤྱོད།།


 གནམ་གཤིས་སྔོན་བརྡ།

དགུང་འདིར་གཟའ་རྣམས་ཕལ་ཆེ་བ་ས་མེ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས་གནམ་འཁོར་ཆེ་ཡང་རླུང་གིས་གཏོར་ཉེན་ཅུང་ཞིག་ཤར།     བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་རེའུ་མིག་ནང་གསལ།

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་གཟའ་རྣམས་ཟླ་སྟོད་དུ་ཆུ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཁ་རླུང་སྦྲགས། ཟླ་སྨད་དུ་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབ་ཤས་ཆེ་ཞིང་རླུང་པོ་ལྡང་།

བོད་ཟླ་གཉིས་པ།

སྤྱིར་ཟླ་འདིའི་གཟའ་རྣམས་ས་མེ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ།

བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་མེ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཐིབ་ཅིང་དྲོད་རླུང་ལྡང་།

བོད་ཟླ་བཞི་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་སྐར་ལ་སྤྱོད་པ་ཤས་ཆེ་བས་ཐན་ཤས་ཆེ།

བོད་ཟླ་བཞི་པ།

ཕྱི་མ།

སྤྱིར་ཟླ་འདིར་ཟླ་སྟོད་དུ་གཟའ་རྣམས་ས་མེ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས་འཐིབ་ཤས་དང་། ཟླ་སྨད་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས་ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་།

བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཐིབ་ཤས་ཆེ་ཞིང་ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་ཉེན།

བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་མེ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ་ཡང་ཆར་གྱི་བབས་ཚད་འབྲིང་།

བོད་ཟླ་བདུན་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་མེ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབ་ངོ་ཙམ་ལས་ཆར་གྱི་བབས་ཚད་འབྲིང་། ཐན་པ་མང་།

བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་རླུང་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་གཤིས་དྲོ་གྲང་འགྱུར་ལྡོག་ཆེ། ཆར་གྱི་བབས་ཚད་ཞན།

བོད་ཟླ་དགུ་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་མེ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་བ་ཙམ་ལས་ཆར་གྱི་འབབ་ཚད་ཞན་ཙམ་སྣང་།

བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་ཆུ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབ་ཤས་ཆེ་ཞིང་ཆར་སིམ་བབས་ངོ་།

བོད་ཟླ་བཅུ་གཅིག

སྤྱིར་ཟླ་འདིར་གཟའ་རྣམས་ས་ཆུ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབས་དྭངས་རེས་མོས་ཀྱིས་ཁ་རླུང་འཚུབ་པ་མང་།

བོད་ཟླ་བཅུ་གཉིས།

སྤྱིར་ཟླ་འདིར་གཟའ་རྣམས་ས་ཆུ་མེ་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབས་ཤས་ཆེ་ཞིང་ཁ་ཆར་འབྲིང་། སརྦམངྒལཾ།།

 

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།