སྨན་རྩིས་དྲ་བ།

སྦྲུམ་མའི་རྩ་དང་ཁྲག་གི་རྩ་ལ་ཁྱད་པར་གང་ཡོད་དམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.05.2015
གླེང་སྟེགས། >>


སྦྲུམ་མའི་རྩ་དང་ཁྲག་གི་རྩའི་བར་ཁྱད་པར་གང་ཡོད།
[ཕྱི་རྒྱུད་རྩ་མདོའི་ལེའུ་ལས། ཁྲག་གི་རྩ་ནི་འབུར་ལ་འདྲིལ་བར་འཕར། །ཞེས་ཟས་སྐོམ་གང་ཟོས་པ་རྣམས་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ལེགས་པར་བྱེད་མི་ཐུབ་པར་སྙིགས་མ་དྭངས་མའི་རྩ་མིག་ཏུ་ཤོར་ཏེ་མཆིན་པའི་གནས་སུ་ཟུངས་སུ་བསྒྱུར་མི་ཐུབ་པར་ངན་ཁྲག་ལྷག་པར་འཕེལ་བའི་རྟགས་སུ་རྩ་རྒྱུད་འབུར་ལ་འདྲིལ་བ་བྱུང་བ་དང་། ཡང་དེ་ཉིད་ལས། སྦྲུམ་མའི་རྩ་ནི་འབུར་ལ་འདྲིལ་བར་འཕར། །ཞེས་ལས་དང་། རྣམ་ཤེས། ཕ་མའི་ཁུ་ཁྲག་གཉིས་འཛོམས་པ་ལས་མ་གང་ཞིག་གི་མངལ་དུ་ཕྲུ་གུ་ཆགས་པ་འགྱུར་ན་མ་དེའི་ཕྱག་རྩར་སྨན་པས་བརྟག་ན་རྩ་རྒྱུད་འབུར་ལ་འདྲིལ་བ་གོང་གི་རྩ་རྒྱུད་དང་གཅིག་མཚུངས་སྣང་མོད། སྦྲུམ་རྩ་དེ་དང་ཁྲག་རྩ་གཉིས་ལ་ཞིབ་ཏུ་བརྟག་ན་མི་འདྲ་བའི་ཆ་གང་ཡོད། ཁྱད་པར་སྦྲུམ་མའི་རྩ་དེ་བདུན་ཕྲག་གང་གི་དུས་སུ་སྨན་པས་གསལ་བར་རྟོགས་ཐུབ་བམ།]


ཐུགས་སྣང་གནང་།

   གོང་གི་བརྗོད་གཞི་ཐོག་རྩོམ་ཡིག་སྤེལ་འདོད་ཡོད་པ་རྣམས་ཀྱིས་ཆེད་རྩོམ་རྒྱས་བསྡུས་འཚམ་པ་ཞིག་བྲིས་ནས་གཤམ་གྱི་གློག་འཕྲིན་ཁ་བྱང་དུ་བསྐུར་གནང་ཡོང་བ་ཞུ། རྩོམ་ཡིག་གང་འབྱོར་བ་རྣམས་འདི་ག་སྨན་རྩིས་དྲ་རྒྱ་ཚོགས་ཆུང་གིས་ལྟ་ཀློག་རྗེས་ཚུད་པའི་རིགས་དྲ་ཐོག་ཏུ་འགོད་རྒྱུ་ལས་གཞན་ཕྱིར་སློག་དང་གནས་འཕྲིན་སོགས་སྤེལ་རྒྱུ་མིན།

   གོང་གི་བརྗོད་གཞི་དེ་ནི་དཔེ་མཚོན་ཙམ་ཡིན་ལ་གཞན་དུ་བོད་ཀྱི་སྨན་དང་རྩིས་ཀྱི་རིག་པ་དང་འབྲེལ་བའི་ལོ་རྒྱུས། ཞིབ་འཇུག སྨན་སྦྱོར། སྨན་བཅོས། དཔྱད་བསྡུར་སོགས་རང་གི་འདོད་མོས་ཡོད་པའི་བརྗོད་གཞི་གང་ཡང་རུང་བའི་སྟེང་རྩོམ་ཡིག་འབྲི་ཆོག

   རྩོམ་ཡིག་དང་ལྷན་དུ་རྩོམ་པ་པོའི་མཚན་ཆ་ཚང་བའི་སྟེང་། རྩོམ་ཡིག་ཚུད་པ་རྣམས་འབྱུང་འབྱུར་སྨན་རྩིས་དྲ་བ་དང་ཕན་ཚུན་འབྲེལ་བ་བྱེད་དགོས་སྲིད་སྟབས་ངེས་པར་དུ་ཁ་བྱང་ནམ་གློག་འཕྲིན་ཁ་བྱང་ཁ་གསལ་བསྐུར་གནང་རོགས།

རྩོམ་ཡིག་སྐུར་ཡུལ་གློག་འཕྲིན་ཁ་བྱང་།

mentsee@gmail.com

docpub@men-tsee-khang.org




མཐའ་མའི་འདོན་ཐེངས་།: 12.10.2020 ཉིན། 4:28 PM

<< སྔ་མ།