སྨན་རྩིས་དྲ་བ། - སྲན་རིལ།
 
 
སྲན་རིལ།

མིང་གཞན།   मटर   Pea  豌豆
 

སྐྱེ་དབྱིབས།
 
  འདི་ནི་ཞིང་སྐྱེས་འབྲུའི་སྡེ་སྲན་མའི་རིགས་ཤིག་སྟེ།  སྡོང་རྐང་ལྗང་དཀར་ཁོང་སྟོང་ལ་ཡལ་ག་ཅན་སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་ཞིང༌།  ལོ་མ་སྔོ་ལྗང་ཆུང་བ་གཉིས་རེ་སྦྲེལ་ཏེ་ཁ་སྤྲོད་ཚུལ་དུ་སྐྱེ་བ།  མེ་ཏོག་དཀར་པོའམ་མུ་མེན་ཕྱེ་མ་ལེབ་ཀྱི་དབྱིབས་ཅན་འཆར་བ།  གང་བུ་ལྗང་མདོག་གཟུགས་ནར་མོའི་ནང་དུ་འབྲས་བུའམ་འབྲུ་གུ་ལྗང་ནག་རིལ་མོ་ ༥ ནས་ ༡༠ བར་འདོགས་པ་ཞིག་ཡིན།  ཡུལ་གང་སར་འདེབས་འཛུགས་བྱེད་ཀྱི་ཡོད་པས་ཤེས་སླ།
 
བེད་སྤྱོད།    གང་བུ་སོས་པ་རྗེན་པར་རམ་ཡང་ན་བཙོས་ཏེ་ཕྱི་པགས་དང་ནང་འབྲུ་གཉིས་ཀ་ཟ་ཆོག་ལ། འབྲས་བུའམ་ནང་འབྲུ་སོས་པ་ཚལ་རིགས་གཞན་མཉམ་བཙོ་བའམ་བརྔོ་གཡོ་བྱེད་པ།  ཡང་ན་འབྲས་བུ་སྐམ་པོ་བརྔོས་ཏེ་ཟ་བའམ་བཙོ་སྐོལ་བྱས་ཏེ་སྲན་ཐུག་གམ་ལྡ་ལི་བཟོ་བ་དང༌།  ཞིབ་འཐག་ཕྱེ་མས་ཟན་ཉོག་བཟོ་རུང་བ་མ་ཟད།  གསར་སྐྱེས་ལོ་སྡོང་ལྗང་པ་ཡང་ཚོད་མར་བེད་སྤྱོད་བྱེད་ཆོག
 
རོ་དང་ངོ་བོ།   རོ་མངར།  ངོ་བོ་བསིལ།
 
ཕན་ནུས།    འབྲས་བུས་དུག་རིགས་བྱེར་བ་གཅིག་ཏུ་སྡུད།  མཁྲིས་པ་སེལ།  རྨ་དང་འབྲུམ་ནད་ལ་ཕན།  ལོ་སྡོང་གི་ཚོད་མས་མ་ཞུ་བ་འཇུ་བར་བྱེད།  དང་ག་འབྱེད།  ལུས་ཀྱི་སྣུམ་པའི་ཆ་རྣམས་ཕྱིར་འདོན་པ་དང་ལྦ་བ་བཅས་ལ་ཕན།  སྲན་མའི་མེ་ཏོག་གིས་ཁྲག་ཤོར་བ་གཅོད་ཅིང༌།  མཁལ་ནད་ལ་ཕན།
 
དོ་སྣང༌།  བད་རླུང་དང་གྲང་བའི་རིགས་ལ་གནོད། 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།