སྨན་རྩིས་དྲ་བ། - ཉུང་མ།
 
 
ཉུང་མ།
 
མིང་གཞན།  शलजम     Turnip  大頭菜  蕪菁
 
སྐྱེ་དབྱིབས།   འདི་ནི་ལ་ཕུག་གི་རིགས་ཤིག་ཡིན་ལ། རྩ་བ་རྐང་གཅིག་སྒོར་སྒོར་སྦོམ་ལ་རྒྱས་ཤིང་རྟིང་པ་རིམ་བཞིན་ཕྲ་བ།  ཕྱིའི་ཁ་འཁོར་གྱི་མདོག་དམར་པོ་དང་ཞབས་འཁོར་དཀར་པོ་ཡིན་ཞིང་ནང་ཤ་དཀར་པོ་ཡོད་པ།  ལོ་མ་ལབ་ལོ་ལས་ཁ་མདོག་ལྗང་ཤས་ཆེ་བ་དང་སྤུ་དཀར་རྩུབ་པོ་མི་འབྱུང༌།  ཡུལ་གང་སར་འདེབས་འཛུགས་བྱེད་ཅིང༌།  སྐྱེ་སའི་དབང་གིས་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད།  
 
བེད་སྤྱོད།    རྩ་བ་གཙང་མ་བཀྲུས་ཏེ།   བཙོ་བའམ་བརྔོ་གཡོ་བྱེད་ཆོག་ལ།  སོས་པ་རྗེན་པར་ཟ་རུང༌།  ལོ་མ་ཡང་ཟས་སུ་བྱེད་སྲོལ་ཡོད། 
 
རོ་དང་ངོ་བོ།  རོ་ཚ་ལ་མངར་བ།  ངོ་བོ་དྲོད།

ཕན་ནུས།
  
  དུག་གི་ནད་རིགས་འགོག་ཅིང་བསྡུ་གསོད་བྱེད།  རླུང་ནད་དང་སྦོས་སྐྲངས་སེལ། བད་ཀན་ཚིལ་འཕེལ་འབྲི་བར་བྱེད་པ་བཅས་ལ་ཕན།               
 
དོ་སྣང༌།     མཁྲིས་པ་དང་བཤལ་ནད་རིགས་ལ་གནོད།
 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།