སྨན་རྩིས་དྲ་བ། - ལོ་འཁོར་པད་ཚལ།
 
 
ལོ་འཁོར་པད་ཚལ།

མིང་གཞན།   ལན་འཁོར་པད་ཚལ།   गोभी Cabbage 卷心菜   
 
སྐྱེ་དབྱིབས།   འདི་ནི་སྔོ་ལྡུམ་གྱི་རིགས་ཏེ།  རྩ་བ་དཀར་ཞིང་མཁྲེགས་པ།  མཐའ་འཁོར་གྱི་ལོ་མ་སྔོ་ལྗང་སྣུམ་ལ་ཆེ་བ་རྣམས་གྱེན་ཕྱོགས་སུ་བགྲད་དེ་ཡོད་ཅིང༌།  དཀྱིལ་དབུས་ཀྱི་ལོ་འདབ་རྣམས་གཅིག་ལ་གཅིག་བརྩེགས་ཀྱིས་འཁོར་ལོའམ་གོང་བུའི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་སྐྱེ་བ་ཞིག་ཡིན།  སྤྱིར་ཡུལ་དུས་ཀྱི་རྐྱེན་པས་ཆེ་ཆུང་དང༌།  དབྱིབས།  ཁ་དོག་བཅས་མི་འདྲ་བ་འབྱུང་ཞིང༌།  ཡུལ་གང་སར་འདེབས་འཛུགས་བྱེད་པ་མ་ཟད་སྤྱོད་ཁྱབ་ཆེ་བས་ངོས་འཛིན་བྱེད་སླ།
 
བེད་སྤྱོད།    ལོ་འཁོར་པད་ཚལ་སོས་པ་གཙང་འཁྲུ་བྱས་ཏེ།  བཙོ་བའམ་བརྔོ་གཡོ་བྱེད་ཆོག་ལ།  གྲང་ཚལ་དང་བསྙལ་ཚལ་ཡང་བཟོ་རུང༌། 
 
རོ་དང་ངོ་བོ།  རོ་མངར།  ངོ་བོ་བསིལ།
 
ཕན་ནུས།    ཕོ་བའི་སྦོ་འཁྲོག་དང་ཟུག་གཟེར་འཇོམས།  མཚེར་སྟོབས་གསོ།  གཉིད་འགུག  ཕོ་བའི་སྨུག་པོ་སེལ།  གཞན་ཡང་སྙིང་རླུང་དང༌།  འབྲས་ནད་སྔོན་འགོག་བྱེད་པར་ཕན་ཞིང༌།  ལོ་མ་སྣུམ་ལ་ཆེ་བ་རྣམས་ཀྱིས་ལུས་ཕྱི་ལ་འབྱར་བྱས་པས་རྨ་འབྲུམ་དང༌།  ཆུ་བུར།  སྲིན་ཐོར།  ཟ་རྐོང་བཅས་ལ་ཕན་པར་བཤད། 
དོ་སྣང༌།     བད་ཀན་གྲང་བའི་རིགས་ལ་གནོད།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།