སྨན་རྩིས་དྲ་བ། - སྒོག་པ།
 
 
སྒོག་པ།

མིང་གཞན།
   སྒོག་སྐྱ།  लहसुन  Garlic   大蒜
 
སྐྱེ་དབྱིབས།   འདི་ལ་རྩ་བའི་རྡོག་པོ་ལྷུ་མང་པོ་ཕྱོགས་གཅིག་ཏུ་འབྱར་བའི་ཚུལ་གྱིས་སྐྱེ་བའི་རིགས་གཅིག་དང༌།  གཞན་ལྷུ་མེད་པ་རྡོག་པོ་གཅིག་རང་ལས་མི་སྐྱེ་བའི་རིགས་ཤིག་ཡོད་པར།  ལྷུ་རེ་རེ་པགས་ཤུན་དཀར་པོས་བཏུམས་ཤིང༌།  རྩ་བའི་ཞབས་སུ་ཁ་སྤུ་ལྟ་བུའི་སྤུ་ཕྲན་མང་པོ་ཐོགས་ཡོད།  ལོ་མ་ལྗང་འཇམ་རིང་བ་རལ་གྲི་འདྲ་བ་རྩ་བ་ནས་དྲང་ཐད་དུ་སྐྱེ་བ་ཞིག་ཡིན།  གནམ་གཤིས་སྙོམས་པའི་ས་ཁུལ་གང་དུའང་འདེབས་འཛུགས་བྱེད་ཀྱི་ཡོད།  
 
བེད་སྤྱོད།    རྩ་བའི་རྡོག་པོའམ་ལྷུ་ཡི་པགས་ཤུན་བཤུས་ཏེ།  གཙོ་བོ་ཟས་སྤོད་བྱེད་པ་དང༌།  རྗེན་པ་ཡང་ཟ་ཆོག།  
 
རོ་དང་ངོ་བོ།   རོ་ཚ་བ།  ངོ་བོ་དྲོད།
 
ཕན་ནུས།    རླུང་ནད་སེལ།  དུག་འཇོམས།  སྲིན་གསོད།  དྲོད་དང་འཇུ་སྟོབས་སྐྱེད།  གླང་ཐབས་དང་སྐྲན་ནད་སེལ།  ཡི་ག་འབྱེད།  སྲིན་དང་ཆུ་སེར་མཛེ་ནད་སེལ།  རྨ་དང་ཤ་བཀྲ་འཇོམས།  དབུགས་བསགས་དང་ཆམ་ནད་སེལ།  རྒྱུ་གཟེར་བཤལ་ནད་གཅོད།  གཉིད་མེད་པ་བཅས་ལ་ཕན།
 
དོ་སྣང༌།     ལུས་དྲོད་སྐྱེད་ཅིང༌།  མཁྲིས་ནད་ཡ་མའི་ནད་རིགས་ལ་གནོད།  རྗེན་པ་ཟས་པས་ཁ་ལྕེ་དང་ཕོ་བ་བསྲེག་པར་བྱེད།  ཁ་ལ་དྲི་ངན་སློང༌།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།