སྨན་རྩིས་དྲ་བ། - ཁ་ཏིག་ཚལ།
 


ཁ་ཏིག་ཚལ།

མིང་གཞན།
 
     करेला 苦瓜
 
སྐྱེ་དབྱིབས།   འདི་ནི་འཁྲི་ཤིང་གི་རིགས་ཤིག་ཡིན།   ཤིང་སྡོང་སོགས་དངོས་པོ་གཞན་ལ་འཁྲིལ་ནས་སྐྱེ་བ། འབྲས་བུ་ལྗང་མདོག་ཅན་ལ་ལྟོ་བ་སྦོམ་ཞིང་རྩ་རྩེ་ཅུང་ཕྲ་བ།  ཕྱི་ཤུན་སྲ་ལ་སུལ་གཉེར་དང་འབྲུམ་རྡོག་ཆེ་ཆུང་མི་འདྲ་བས་ཁེངས་པ།  འབྲུ་གུ་ནི་འབྲས་བུ་མ་སྨིན་པའི་སྐབས་མདོག་དཀར་ཞིང༌།  སྨིན་ཚར་རྗེས་མདོག་དམར་པོ་འབྱུང༌།  ཚ་བའི་ཡུལ་དུ་འདེབས་འཛུགས་བྱེད་ཀྱི་ཡོད།  
 
བེད་སྤྱོད།    འབྲས་བུའི་ནང་འབྲུ་བཏོན་ཏེ་གཙང་མ་བཀྲུས་ནས།  བརྔོ་གཡོ་བྱེད་ཆོག་ལ།  ཚྭ་ཆུར་སྦང་བའམ་ཚྭ་བརྒྱབ་ཏེ་ཁ་ཏིག་གི་བྲོ་བ་བཏོན་ཆོག
 
རོ་དང་ངོ་བོ།  རོ་ཁ་བ།  ངོ་བོ་བསིལ།
 
ཕན་ནུས།    ཚ་བ་དང༌།  དུག་རིགས།  སྐོམ་ཚད།  རླུང་ཚད་དང་མཁྲིས་པའི་ནད་བཅས་ལ་ཕན་ ཞིང༌།  གཅིན་སྙི་ཟ་ཁུའི་ནད་(ཁྲག་མངར)ལ་ཡང་མཆོག་ཏུ་གྱུར་པ་ཡིན།
 
དོ་སྣང༌།     མེ་དྲོད་ཞན་པོ་དང་ཕོ་བ་ན་བའི་རིགས་ལ་གནོད།          

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།