སྨན་རྩིས་དྲ་བ། - མདུན་ངོས།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.01.2024
མདུན་ངོས། >>


འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཉེ་བའི་ཆར་ཨུ་རུ་སུའི་ཡུལ་དུ་འགྲོ་ཕན་སྨན་རྩིས་ཁང་གི་མིང་དང་། ཁ་བྱང་། ཁ་པར། ཚོང་རྟགས། ལས་རྟགས་སོགས་རྫུན་བཟོ་བྱས་ཏེ། འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཡིན་ཁུལ་དེ་གའི་ཉམ་ཆུང་ནད་པ་རྣམས་ལ་འགྲེམས་སྤེལ་གྱིས་བསླུ་བྲིད་བྱེད་བཞིན་ཡོད་པའི་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་ཞིག་འཐོན་འདུག

འགྲོ་ཕན་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་དང་། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་བཅས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཇི་བཞིན་སྨན་རིལ་སྤྱི་དང་། རིན་ཆེན་རིལ་བུ། གཞན་ཡང་བྱུག་སྣུམ་སོགས་གསོ་རིག་ཐོན་དངོས་རྣམ་གྲངས་གང་མང་བཟོ་སྐྲུན་ཞུ་བཞིན་ཡོད་ལ། ཐོན་དངོས་རྣམས་ཀྱང་སྨན་སྦྱོར་ལག་ལེན་ཚད་ལྡན་བརྒྱུད་ནས་ཡོང་བ་མ་ཟད་དེང་རབས་ཚན་རིག་གི་ལམ་ནས་སྤུས་ཚད་སྟངས་འཛིན་གྱི་བརྟག་དཔྱད་ཆ་ཚང་བ་བྱེད་མུས་ཐོག་མང་ཚོགས་ལ་མཁོ་འདོན་ཞུ་བཞིན་ཡོད། དེར་བརྟེན་འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ལོངས་སུ་སྤྱོད་མཁན་རིས་མེད་མང་ཚོགས་ནས་ཀྱང་ཕན་ནུས་ཐད་གདེང་འཇོག་ཆེན་པོ་ཡོད་པ་མ་ཟད་ཡིད་ཆེས་བློ་འཁེལ་གནང་བཞིན་ཡོད།  རྒྱུ་མཚན་དེ་ལ་བརྟེན་ནས་ཕལ་ཆེར་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཡོངས་རྫོགས་དངུལ་རྐྱང་ཁོ་ན་མ་གཏོགས་སེམས་རྒྱུ་མེད་མཁན་གཡོ་ཁྲམ་ཅན་ཚོས་འགྲོ་ཕན་སྨན་རྩིས་ཁང་གི་མིང་དང་། ཚོང་རྟགས། ལས་རྟགས་སོགས་རྫུན་བཟོ་བྱས་ཏེ་བེད་སྤྱོད་ལོག་པ་བྱེད་བཞིན་ཡོད་པའི་གནས་ཚུལ་འཐོན་པར་འགྲོ་ཕན་སྨན་རྩིས་ཁང་ནས་འབྲེལ་ཡོད་ས་གནས་ལས་ཁུངས་ཀྱིས་གང་མྱུར་ཐེ་བྱུས་ཡོང་བ་དང་། གནས་ཚུལ་འདི་གང་མགྱོགས་བཀག་འདོམ་བྱེད་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

དེ་དང་མཉམ་དུ་འགྲོ་ཕན་སྨན་རྩིས་ཁང་གི་གསོལ་སྨན་དང་གསོ་རིག་ཐོན་དངོས་ལོངས་སུ་སྤྱོད་མཁན་རིས་མེད་མང་ཚོགས་ནས་ཀྱང་རང་དང་རང་གི་དགའ་ཉེ་སྤུན་གྲོགས་ཚང་མའི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དགོངས་པ་ཆེ་བཞེས་ཀྱིས་སྤྱང་གྲུང་འཛོམས་པོ་གནང་ནས་འགྲོ་ཕན་སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུས་པའི་ཚད་ལྡན་གསོལ་སྨན་དང་གསོ་རིག་ཐོན་དངོས་ཁོ་ན་མ་གཏོགས་གསོ་རིག་སྨན་པ་རྫུན་མའམ་དེབ་སྐྱེལ་མེད་པའི་སྨན་པ། དེ་བཞིན་དོགས་གཞི་ཡོད་པའི་གསོལ་སྨན་རྫུན་རིགས་གང་ཡང་ཉོ་སྒྲུབ་དང་ལོངས་སུ་སྤྱོད་རྒྱུ་མེད་པ་ཐུགས་འཇགས་འཚལ།

དོན་གཉེར་ཅན་གྱི་རྒྱ་ཆེ་མང་ཚོགས་ལ་རེ་སྐུལ་ཞུ་རྒྱུར། འགྲོ་ཕན་སྨན་རྩིས་ཁང་གི་གསོལ་སྨན་དང་གསོ་རིག་ཐོན་དངོས་གང་ཡང་རྫུན་མའི་རིགས་ལག་སོན་བྱུང་ན་ངེས་པར་དུ་འགྲོ་ཕན་སྨན་རྩིས་ཁང་དབུས་དང་ཡན་ལག་སྨན་ཁང་སུ་ལའང་འབྲེལ་བ་གནང་ན་འཐུས་པས་དེ་ལྟར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།།

རྫུན་བཟོ་བྱས་པའི་སྨན་ཤོག་དཔེ་མཚོན་གཉིས།










མཐའ་མའི་འདོན་ཐེངས་།: 19.01.2024 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།