སྨན་རྩིས་དྲ་བ། - མདུན་ངོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2024
མདུན་ངོས། >>



ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས་ལགས་ཟླ་ ༤ ཚེས་ ༩ ཞོགས་པ་ཆུ་ཚོད་ ༦ ཙམ་ལ་རྒྱལ་ས་དིལླིའི་སྨན་ཁང་ཞིག་ཏུ་དུས་མིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༤ བར་མཆོད་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། དེ་ནས་དམ་པ་དེ་ལ་མྱ་ངན་མཚོན་བྱེད་དབུས་ཀྱི་སྡེ་ཚན་ཡོངས་རྫོགས་ལས་མཚམས་བཞག་ཡོད། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་ཤུལ་ལུས་ནང་མི་གཉེན་ཚན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་སེམས་གསོ་ཞུ་བཞིན་མཆོག་གསུམ་སྨན་བླ་མཆེད་བརྒྱད་ལ་ལྷག་བསམ་དག་པའི་དགེ་བའི་སྟོབས་དང་། ལྷག་པར་ཇི་ལྟར་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བར་ཚེ་རབས་ནས་ཚེ་རབས་སུ་རྫེས་འཛིན་ཞལ་བཞེས་བཟང་པོ་ཡོད་པ་ལྟར་དམ་པ་དེ་འཕྲལ་མྱུར་ཕྱག་ན་པདྨོའི་གདུལ་ཞིང་དུ་མངོན་མཐོའི་ལུས་རྟེན་རིམ་བརྒྱུད་ཀྱིས་མཐར་ཐུག་ངེས་ལེགས་མངོན་དུ་འགྱུར་བའི་བསྔོ་སྨོན་ཞུ།།

 

དམ་པ་དེའི་སྐུ་པར་དང་ལོ་རྒྱུས་སྙིང་བསྡུས་བོད་མིའི་སྒྲིག་འཇུགས་བོད་ཡིག་དྲ་རྒྱ་ནས་ཟུར་འདོན་ཞུས་པ་འདི་ལྟར།



དམ་པ་ཁོང་ནི། ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ཉིན་ཅོན་ཏ་ར་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༠ ཟླ་བ་ ༡ ཚེས་ ༢༤  ནས་ཟླ་དྲུག་ཚོད་ལྟའི་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།  ཕྱི་ལོ་ ༢༠༠༠ ཟླ་བ་ ༨ ཚེས་ ༡༨ ནས་གཞུང་ཞབས་ངོ་མར་བསྐོ་གཞག་དང་ཤེས་རིག་ལས་ཁུངས་སུ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༡ ཚེས་ ༡༩  ནས་དྲུང་ཆེ་གཞོན་པར་གནས་སྤར་གནང་། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༢ ཚེས་ ༡༥   ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པའི་ལས་འགན་ཐོག་བཀོད་སྒྲིག  ཕྱི་ལོ་ ༢༠༡༠ ཚེས་ ༡༠ ཚེས་ ༡༣   ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར་གནང་། ཕྱི་ལོ་༢༠༡༠ ཟླ་བ་ ༡༠ ཚེས་ ༡༩  ནས་ཤེས་རིག་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེར་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༩ ཚེས་ ༡  དྲུང་ཆེ་ལས་འཕར་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༡༧ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ ཚེས་ ༡  ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བཀོད་སྒྲིག་གནང་ནས་ཐུགས་འགན་བཞེས་མུས་ཡིན་པ་བཅས།།










མཐའ་མའི་འདོན་ཐེངས་།: 12.04.2024 ཉིན། 11:00 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།