སྨན་རྩིས་དྲ་བ། - མདུན་ངོས།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2024
མདུན་ངོས། >>


ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༦ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་སྐབས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༤༠ ལོན་པ་གཅིག་དང་། ༣༠ ལོན་པ་གསུམ། ༢༠ ལོན་པ་ ༡༣ འབྱུང་བ་རྣམས་ལ་ཕྱག་ཁྱེར་དང་ཕྱག་རྟགས་བསྩལ་ཡོད་ཅིང་། ཁོང་རྣམ་པའི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ།

 

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་ལོ་ ༤༠ ལོན་པ་གཅིག

༡། སྨན་རམས་པ་ཡེ་ཤེས་མཁའ་འགྲོ་ལགས།

སྨན་རམས་པ་ཡེ་ཤེས་མཁའ་འགྲོ་ལགས་ཕྱི་ལོ་ ༡༩༨༣ ཟླ་ ༧ ཚེས་ ༡ ཉིན་ཐོག་མར་ལྡི་ལི་བོད་སྒར་དང་། དེ་ནས་ལྡི་ལི་མ་ཡུར་སྦི་ཧཱར་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༤ ཟླ་ ༨ པར་ཨི་ཀྲ་ན་གར་ཡན་ལག་གི་སྨན་སྤྲོད་དུ་གནས་སྤོས་སོང་། སྨན་རམས་པ་དམ་པ་པདྨ་རྡོ་རྗེ་ལགས་ཀྱི་དྲུང་ནས་བོད་ཀྱི་གསོ་བ་རིག་པའི་སློབ་འཁྲིད་ཞུས་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༡༠ པར་ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་བཀོད་སྒྲིག་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་ས་ལུ་སྒ་ར་ཡན་ལག་སྨན་ཁང་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡ ནས་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༤ ནས་དེ་གའི་འགན་འཛིན་སྨན་པར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང་། ཕྱི་ལོ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ ཉིན་ནས་དབུས་གངས་སྐྱིད་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འཁུར་གནང་མུས་དང་སྦྲགས་སྨན་པ་གཞོན་སྐྱེས་རྣམས་ལ་བརྟག་དཔྱད་སྨན་བཅོས་དང་ལག་ལེན་སོགས་ཀྱི་ཟབ་འཁྲིད་ཀྱང་གནང་གི་ཡོད་པ་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༤༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུ་མུས་ཡིན།

 

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་ལོ་ ༣༠ ལོན་པ་གསུམ།

༢། སྨན་རམས་པ་ཚེ་རིང་ནོར་བུ་ལགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་སྨན་རམས་པ་ཚེ་རིང་ནོར་བུ་ལགས་བོད་རང་སྐྱོང་ལྗོངས་བོད་སྨན་སློབ་གྲྭ་ནས་ ༡༩༨༦ ལོར་གསོ་རིག་སྨན་པའི་སློབ་ཐོན་ཟིན། ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་འབྱོར་རྗེས་སྨན་རྩིས་ཁང་དུ་ཡིག་རྒྱུགས་ཚད་ལོན་གྱིས་སྨན་པ་དཀའ་བཅུ་པའི་ཕྱག་འཁྱེར་གནང་སོན་བྱུང་སྟེ་ལྡི་ལི་དང་། ཀ་ཏ། དྷ་ས་ཡན་ལག་སྨན་ཁང་བཅས་སུ་བརྟག་དཔྱད་སྨན་པའི་ལས་ཚབ་ཏུ་ཕེབས་འཐུས་བྱུང་། ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༢༥ ཉིན་སྨན་སྦྱོར་སྡེ་ཚན་དུ་བསྐོ་གཞག་ཞུས། ཟླ་ ༡༠ ཚེས ༢༩ ཉིན་སྨན་རྫས་ཉམས་ཞིབ་སྡེ་ཚན་དུ་ཉམས་ཞིབ་སྨན་པར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༡ ལོར་སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་ནས་བཟུང་ད་ལྟ་བར་སྡེ་འགན་ཕྱག་ལས་འགན་འཁུར་གནང་མུས་དང་། ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ཉིན་སྨན་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ཉིན་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༤ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་ལ་འདེམས་ཐོན་བྱུང་བ་མ་ཟད། སྨན་རྩིས་ཁང་གི་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་མིའང་གནང་མུས་ཡིན། སྨན་རྫས་ཉམས་ཞིབ་དང་། སྔོ་སྨན་འཚོལ་ཞིབ། སྨན་རྒྱུ་མཁོ་སྒྲུབ་སོགས་ཀྱི་ཕྱིར་བོད་དང་ས་སྦྲེལ་ཧི་མ་ལ་ཡའི་རི་རྒྱུད་དང་བལ་ཡུལ། འབྲས་ལྗོངས་བཅས་སུ་དུས་ནས་དུས་སུ་ཕྱོགས་ཕེབས་གནང་གི་ཡོད། ནོར་སྦེ་དང་། ཨུ་རུ་སུ། ཨ་རི། འཇར་མ་ནི་བཅས་སུ་ཕྱི་རྒྱལ་བར་བོད་སྨན་ངོ་སྤྲོད་གནང་བ་དང་། དེ་བཞིན་རྒྱ་གར་ནང་གི་སྨན་པ་གཞོན་སྐྱེས་ཚོར་གཏར་གྱི་ལག་ལེན་ཟབ་ཁྲིད་དང་སྨན་རྫས་ཀྱི་སྤུས་ཚད་ལེགས་ཞན། གཞན་ཡང་སྨན་རྩིས་མཐོ་སློབ་ཀྱི་སློབ་མ་རྣམས་ལ་སྔོ་སྨན་དང་སྨན་རྫས་བཅས་ཀྱི་ཟབ་འཁྲིད་ཀྱང་གནང་གི་ཡོད་པ་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༣། སྨན་རམས་པ་པ་སངས་སྒྲོལ་དཀར་ལགས།

སྨན་རམས་པ་པ་སངས་སྒྲོལ་དཀར་ལགས་ཕྱི་ལོ་ ༡༩༩༣ ལོར་ནི་ཛམ་མུ་ལྡིན་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་བསྐོ་གཞག་དང་། དེ་ནས་ཟླ་ཤས་རྗེས་ཀོ་ལི་གྷལ་ཡན་ལག་སྨན་ཁང་ཏུ་གནས་སྤོས་ཞུས། ཕྱི་ལོ་ ༡༩༩༤ ལོར་བལ་ཡུལ་ཅ་སྤེལ་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འགན་ཐོག་བསྐོ་གཞག་གནས་སྤོས་དང་། ཕྱི་ལོ་ ༡༩༩༨ ལོར་རྡོ་རྗེ་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྐོ་བཞག་ཞུས། ཕྱི་ལོ་ ༢༠༠༣ ལོར་བལ་ཡུལ་ཅ་སྤེལ་ཡན་ལག་གི་འགན་འཛིན་སྨན་པར་གནས་སྤོས་སོང་། ཕྱི་ལོ ༢༠༠༤ ཟླ་ ༤ ཙེས་ ༡ ཉིན་སྨན་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཉིན་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༠༥ ལོར་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྐོ་བཞག་གིས་ད་ཚེས་བར་མི་ལོ་ཧྲིལ་པོ་ ༣༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༤། ངག་དབང་སྒྲོལ་མ་ལགས།

སྨན་རྩིས་ལས་སྣེ་བ་ངག་དབང་སྒྲོལ་མ་ལགས་ཐོག་མ་ཕྱི་ལོ་ ༡༩༩༣ ལོར་ཀ་ཏ་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་བསྐོ་གཞག་དང་དེ་རྗེས་ས་ལུ་སྒར་ཡན་ལག་སྨན་ཁང་དུ་གནས་སྤོས་ཞུས། ཕྱི་ལོ་ ༡༩༩༦ ལོར་ར་དབང་ལ་ཡན་ལག་སྨན་ཁང་དང་། ཕྱི་ལོ་ ༡༩༩༧ ལོར་སྒང་ཏོག་ཡན་ལག་སྨན་ཁང་། ཕྱི་ལོ་ ༡༩༩༨ ལོར་ས་ལུ་སྒ་ར་ཡན་ལག་སྨན་ཁང་། ཕྱི་ལོ་ ༢༠༠༠ ལོར་ལྡི་ལི་བོདྡྷ་བྷི་ཧར་ཡན་ལག་སྨན་ཁང་། ཕྱི་ལོ་ ༢༠༡༢ ལོར་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་བཅས་སུ་སྨན་སྤྲོད་ཀྱི་ལས་འགན་ཐོག་གནས་སྤོས་སོང་། ཕྱི་ལོ་ ༢༠༡༣ ལོར་ལྡི་ལི་བོདྡྷ་བྷི་ཧར་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང་ཕྱི་ལོ་ ༢༠༡༥ ལོར་ཐོན་རྫས་ལེ་འགྱུར་སྡེ་ཚན་གྱི་ཕྱིར་ཚོང་ཅ་དངོས་ཚོང་འགྲེམས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༨ ལོར་དྷ་སྟེང་ཕྱིར་ཚོང་ཁང་གི་ཚོང་དཔོན་དང་། ཕྱི་ལོ་ ༢༠༡༩ ལོར་དྷ་སྟེང་ཡན་ལག་སྨན་ཁང་གི་སྨན་སྤྲོད་ལ་གནས་སྤོས་སོང་། ཕྱི་ལོ་ ༢༠༢༣ ལོ་ནས་ད་ལྟ་བར་དྷ་སྟེང་འཇམ་དཔྱད་ཁང་དུ་སྣེ་ལེན་པ་དང་དྷ་སྟེང་ཡན་ལག་སྨན་ཁང་གི་ལས་དྲུང་གཅིག་ལྕོག་གནང་མུས་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་ལོ་ ༢༠ ལོན་པ་བཅུ་གསུམ།

༥། སྨན་རམས་པ་བདེ་ཆེན་ཆོས་སྒྲོན་ལགས།

སྨན་རམས་པ་བདེ་ཆེན་ཆོས་སྒྲོན་ལགས་སྨན་སློབ་སྐབས་ ༡༡ པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་སློབ་མཐར་ཕྱིན་རྗེས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་བསྐོ་གཞག་ཞུས། ཕྱི་ལོ་ ༢༠༠༤ ལོར་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་དང་། ཕྱི་ལོ་ ༢༠༠༨ ལོར་སྤོག་ར་ཡན་ལག་དང་ཅ་སྤེལ་ཡན་ལག་སྨན་ཁང་གཉིས་སུ་གནས་སྤོས་ཞུས། ཕྱི་ལོ་ ༢༠༡༠ ལོར་སྦིར་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པ་དང་ད་ཚེས་བར་དེ་གའི་འགན་འཛིན་སྨན་པའི་ལས་འཁུར་གནང་མུས་ཡིན། ཕྱི་ལོ་ ༢༠༡༣ ལོར་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ལས་དུས་རིང་ཀ་ཛ་ཀིས་ཐན་དུ་བརྟག་དཔྱད་སྨན་བསྐོར་བསྐྱོད་པ་དང་བཅས་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༦། སྨན་རམས་པ་མིག་དམར་ལྷ་མོ་ལགས།

སྨན་རམས་པ་མིག་དམར་ལྷ་མོ་ལགས་སྨན་སློབ་སྐབས་ ༡༡ པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་སློབ་མཐར་ཕྱིན་རྗེས་ཐོག་མར་སྦེལ་ཀོབ་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༤ ལོར་ནི་ཛམ་མུ་ལྡིན་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཨེམ་དྷ་བྷཊ་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་གནས་སྤོས་དང་སྦྲགས་འགན་འཛིན་སྨན་པའི་ཕྱག་འགན་བཞེས། ཕྱི་ལོ་ ༢༠༡༡ ལོར་སླར་ཡང་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་ཞུས། ཕྱི་ལོ་ ༢༠༡༣ ལོར་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༦ ལོར་ཨེམ་དྷ་བྷཊ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྐོ་གཞག་སོང་། ཕྱི་ལོ་ ༢༠༢༢ ལོར་སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་སྨན་དགེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༣ ལོར་སྦེང་ལོར་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱིས་དེ་གའི་འགན་འཛིན་སྨན་པའི་ལས་འཁུར་ཞུ་མུས་ཡིན། ལས་དུས་རིང་ཡོ་རོབ་རྒྱལ་ཁབ་ཕཱ་རན་སི་དང་སུད་ཙི། སི་པན་བཅས་ལ་སྨན་སྐོར་དང་། ཕྱི་ལོ་ ༢༠༡༣ ལོར་ར་ཤི་ཡ་མཉམ་འཛིན་སྨན་ཁང་དུ་ཟླ་བ་ ༡༠ རིང་བརྟག་དཔྱད་སྨན་པ་གནང་པ་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༧། སྨན་རམས་པ་པདྨ་བཟང་མོ་ལགས།

སྨན་རམས་པ་པདྨ་བཟང་མོ་ལགས་སྨན་སློབ་སྐབས་ ༡༡ པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་སློབ་མཐར་ཕྱིན་རྗེས་ཐོག་མར་མེའོ་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་བསྐོ་གཞག་སོང་། ཕྱི་ལོ་ ༢༠༠༣ ལོར་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༠༤ ལོར་མེའོ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༠༧ ལོར་མན་པཊ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༣ ལོར་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༣ ལོར་སླར་ཡང་མེའོ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༩ ལོར་ཨུ་རུ་སུར་བརྟག་དཔྱད་སྨན་བསྐོར་ལ་ཆེད་བཅར་ཞུས་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༨། སྨན་རམས་པ་བློ་བཟང་མཁས་མཆོག་ལགས།

སྨན་རམས་པ་བློ་བཟང་མཁས་མཆོག་ལགས་སྨན་སློབ་སྐབས་ ༡༡ པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་སློབ་མཐར་ཕྱིན་རྗེས་ཐོག་མར་རྟ་དབང་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་གཞག་སོང་། ཕྱི་ལོ་ ༢༠༠༣ ལོར་འབུམ་ལྡི་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༡༢ པའི་ནང་ས་ལུ་སྒ་ར་ཡན་ལག་སྨན་ཁང་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༠༥ ལོར་སླར་ཡང་འབུམ་ལྡི་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༩ ལོར་སྦེལ་ཀོབ་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་གནས་སྤོས་དང་། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ཉིན་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༤ ལོར་བྷན་དྷ་ར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་སོང་། ཕྱི་ལོ་ ༢༠༡༧ ནས་ད་བར་ཧོན་སུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ཐུགས་འགན་བཞེས་མུས་དང་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༩། སྨན་རམས་པ་པདྨ་ཚེ་མཚོ་ལགས།

སྨན་རམས་པ་པདྨ་ཚེ་མཚོ་ལགས་སྨན་སློབ་སྐབས་ ༡༡ པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་སློབ་མཐར་ཕྱིན་པ་དང་སྦྲགས་རྒྱུད་གསུམ་བློར་རྒྱུགས་ཕུལ། ཐོག་མར་ཏེ་ཛུ་ཡན་ལག་སྨན་ཁང་དུ་ལོ་ལྔ་དང་མུམ་བྷེ་ཡན་ལག་སྨན་ཁང་དུ་ལོ་གསུམ་གྱི་འགན་འཛིན་སྨན་པའི་ལས་འགན་བཞེས། ཕྱི་ལོ་ ༢༠༡༠ ལོར་རྒྱུད་བཞི་ཨིན་བསྒྱུར་སྡེ་ཚན་དུ་གནས་སྤོས་ཀྱིས་རྒྱུད་བཞི་ཨིན་བསྒྱུར་དང་སྨན་རྩིས་དུས་དེབ་ཀྱི་རྩོམ་སྒྲིག་ཚོགས་མི་གནང་། ཕྱི་ལོ་ ༢༠༡༣ ལོར་སྨན་རམས་པའི་རྒྱུགས་འབྲས་རྩེ་ཕུད་བཞེས་ནས་སྨན་རྩིས་མཐོ་སློབ་ཏུ་སྨན་དགེ་གནང་རིང་༼གངས་རིའི་ལང་ཚོ༽ཨིན་ཡིག་དུས་དེབ་ཀྱི་ལམ་སྟོན་པ་དང་ཞུ་དག་པ། འཇམ་དཔྱད་སློབ་མ་སྐབས་ ༡-༢-༣ བཅས་ཀྱི་སློབ་འཁྲིད་དགེ་རྒན་གནང་། ཕྱི་ལོ་ ༢༠༢༡ ནས་ད་ཚེས་བར་ཏི་ཛུ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་གནང་བཞིན་པ་མ་ཟད་བོད་ཀྱི་ཤེས་རིག་ཐ་སྙད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི། སྨན་རྩིས་ཁང་གི་ནད་དང་སྨན་གྱི་ཐ་སྙད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་ཐུགས་འགན་བཞེས་མུས་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༠། ལྷ་མོ་ཚེ་རིང་ལགས།

སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་སྨན་རྩིས་ལས་སྣེ་བ་ལྷ་མོ་ཚེ་རིང་ལགས་ཐོག་མར་ཕྱི་ལོ་ ༢༠༠༢ ལོར་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་བསྐོ་གཞག་སོང་། ཕྱི་ལོ་ ༢༠༠༣ ལོར་ར་དབང་ལ་ཡན་ལག་སྨན་ཁང་གི་རྩིས་པར་གནས་སྤོས་དང་། ཕྱི་ལོ་ ༢༠༠༦ ལོར་དྷ་ས་སྨན་སྦྱོར་སྡེ་ཚན་གྱི་ལས་དྲུང་དུ་གནས་སྤོས་ཞུས། ཕྱི་ལོ་ ༢༠༠༨ ལོར་འཛིན་སྐྱོང་ཁོངས་སུ་ཕྱིར་ཚོང་ཟོག་གཉེར་གྱི་ལས་འགན་དང་། ཕྱི་ལོ་ ༢༠༠༩ ལོར་སྨན་མཛོད་དང་སྨན་ཚོང་སྡེ་ཚན་ཁོངས་སུ་ལས་འགན་རང་འཇགས་ཐོག་གནས་སྤོས་བྱུང་། ཕྱི་ལོ་ ༢༠༡༠ ལོར་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང་རྩིས་པ་ལས་དྲུང་བཅས་ཀྱི་ལས་འགན་བཞེས། ཕྱི་ལོ་ ༢༠༡༧ ལོར་དྷ་སྟེང་ཡན་ལག་སྨན་ཁང་གི་ལས་དྲུང་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནས་དྷ་སྟེང་ཤོད་གཉིས་ཀྱི་ལས་དྲུང་གཅིག་ལྕོགས་ཀྱི་ལས་འགན་ཞུས། ཕྱི་ལོ་ ༢༠༢༣ སྤྱི་ཟླ་ ༢ པ་ནས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དུ་གནས་སྤོས་ཞུས། ལས་ཡུན་རིང་ཡུ་རོབ་རྒྱལ་ཁབ་ལི་ཐོ་ནི་ཡ་(Lithunia)དང་པོ་ལན་(Poland)བཅས་སུ་སྨན་བསྐོར་དང་འགྲེམས་སྟོན་ཕྱོགས་བསྐྱོད་ཕེབས་ཡོད་པ་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༡། ཀརྨ་ཚེ་རིང་ལགས།

ཡན་ལག་སྤྱི་ཁྱབ་སྡེ་ཚན་གྱི་རྩིས་པ་འབྲེལ་མཐུད་པ་ཀརྨ་ཚེ་རིང་ལགས་ཐོག་མ་ཕྱི་ལོ་ ༢༠༠༢ ལོར་སྦུབ་ནིཤ་ཝར་ཡན་ལག་སྨན་ཁང་གི་རྩིས་པར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༣ ལོར་ལ་དྭགས་རིག་གཞུང་བསྟི་གནས་ཁང་གི་འགྲེམས་སྟོན་ཚོང་ཁང་གི་འགན་འཁུར་བ་དང་སྨན་ཁང་གི་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་བཞེས། ཕྱི་ལོ་ ༢༠༡༨ ལོར་ལ་དྭགས་རིག་གཞུང་བསྟི་གནས་དང་ལྕོག་ལམ་སར་ཡན་ལག་སྨན་ཁང་གཉིས་ཟླ་སྒྲིལ་གྱིས་དེ་གའི་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༡ པོའི་ནང་ལ་དྭགས་རིག་གཞུང་བསྟི་གནས་ཀྱི་རྩིས་པའི་ལས་འགན་གནང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ནང་དྷ་ས་དབུས་ཡན་ལག་སྤྱི་ཁྱབ་སྡེ་ཚན་དུ་གནས་སྤོས་ཀྱིས་རྩིས་པ་འབྲེལ་མཐུད་པའི་ལས་འཁུར་ཞུས་མུས་ཡིན། ལས་ཡུན་རིང་Lithuniaདུ་སྨན་བསྐོར་དང་འགྲེམས་སྟོན་ཆེད་ཕེབས་པ་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༢། བསྟན་འཛིན་དཔའ་བོ།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་མཛོད་གཉེར་བསྟན་འཛིན་དཔའ་བོ་ལགས་ཐོག་མར་ཕྱི་ལོ་ ༢༠༠༢ ལོར་མེའོ་ཡན་ལག་སྨན་ཁང་གི་རྩིས་པར་གསར་བསྐོ་གནང་། ཕྱི་ལོ་ ༢༠༠༣ ལོར་རྟ་དབང་ཡན་ལག་སྨན་ཁང་གི་རྩིས་པར་གནས་སྤོས་དང་། ཕྱི་ལོ་ ༢༠༠༧ ལོར་ཌལ་ཧོར་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་འགན་ཐོག་གནས་སྤོས་ཞུས། དགུན་དུས་རྡོ་གདན་སྨན་བསྐོར་དུ་རྩིས་པ་གནང་རྒྱུ་དང་དུས་ནས་དུས་སུ་རྟ་ཕོ་དང་ཇིས་པ་ཡན་ལག་སྨན་ཁང་བཅས་སུ་སྨན་བསྐོར་དུ་བསྐྱོད་ཀྱི་ཡོད། ཕྱི་ལོ ༢༠༡༦ ལོར་ཕྱིར་ཚོང་ཅ་དངོས་དང་དེབ་ཚོང་ཁང་གི་འགན་འཁུར་བར་གནས་སྤོ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༩ ལོར་སྨན་མཛོད་སྨན་ཚོང་སྡེ་ཚན་གྱི་རྩིས་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༢༠ ལོར་དབུས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་མཛོད་གཉེར་གྱི་ལས་གནས་ཐོག་གནས་སྤོས་དང། ཞོར་དུ་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་གཞོན་གནང་མུས་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༣། བསོད་ནམས་ཆོས་འཕེལ་ལགས།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་མཛོད་གཉེར་བསོད་ནམས་ཆོས་འཕེལ་ལགས་ཐོག་མ་ཕྱི་ལོ་ ༢༠༠༢ ལོར་ཤི་ལོང་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གསར་བསྐོ་བྱུང་ཞིང་། ཕྱི་ལོ་ ༢༠༠༤ ལོར་རྟ་དབང་ཡན་ལག་སྨན་ཁང་གི་རྩིས་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༠༦ ལོར་མེ་རཊ་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་འགན་ཐོག་གནས་སྤོས་དང་། ཕྱི་ལོ་ ༢༠༡༡ ལོར་དང་སློབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས་ཞུས། ཕྱི་ལོ་ ༢༠༡༩ ལོར་དྷ་ས་དབུས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་མཛོད་གཉེར་ལ་གནས་སྤོས་བྱུང་བ་དང་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༤། སྲིད་ཆོས་སྒྲོལ་མ་ལགས།

བདེ་སྐྱིད་གླིང་ཡན་ལག་གི་སྨན་རྩིས་ལས་སྣེ་སྲིད་ཆོས་སྒྲོལ་མ་ལགས་ཐོག་མ་ཕྱི་ལོ་ ༢༠༠༢ ལོར་ར་དབང་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༣ ལོར་ལ་དྭགས་རིག་གཞུང་བསྟི་གནས་ཀྱི་སྣེ་ལེན་པར་གནས་སྤོས་ཞུས། ཕྱི་ལོ་ ༢༠༡༥ ནས་ད་ཚེས་བར་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་དུ་སྨན་སྤྲོད་གནང་མུས་དང་བཅས་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༥། སྒྲོལ་དཀར་ལགས།

སྨན་སྦྱོར་སྡེ་ཚན་གྱི་བཟོ་སྐྲུན་ལས་བྱེད་སྒྲོལ་དཀར་ལགས་ནི་ཐོག་མ་ཕྱི་ལོ་ ༡༩༩༥ ལོར་ལས་མིའི་ངོ་བོར་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་སྨན་སྦྱོར་སྡེ་ཚན་གྱི་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༧ ལོར་འཛིན་སྐྱོང་སྡེ་ཚན་ཁོངས་ཀྱི་བུ་བཅོལ་ཁང་གི་མ་མ་དང་། ཕྱི་ལོ་ ༢༠༠༨ ལོར་འཛིན་སྐྱོང་སྡེ་ཚན་གྱི་ཡིག་སྐྱེལ། ཕྱི་ལོ་ ༢༠༠༩ ལོར་སྨན་མཛོད་དང་སྨན་ཚོང་སྡེ་ཚན་ཁོངས་སུ་སྦྲག་པའི་ལས་འགན་བཞེས་ཡོད། ཕྱི་ལོ་ ༢༠༡༠ ལོར་སླར་ཡང་བུ་བཅོལ་ཁང་གི་མ་མར་གནས་སྤོས་དང་། ཕྱི་ལོ་ ༢༠༡༧ ལོར་ལས་བྱེད་ཚོམ་བུ་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༢༠ ལོ་ནས་ད་ཚེས་བར་སྨན་སྦྱོར་སྡེ་ཚན་དུ་ལས་འཁུར་ཞུ་མུས་བཅས་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༦། བློ་བཟང་དངོས་གྲུབ་ལགས།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་བཟོ་སྐྲུན་ལས་བྱེད་བློ་བཟང་དངོས་གྲུབ་ལགས་ཐོག་མ་ཕྱི་ལོ་ ༡༩༩༦ ལོར་ལས་མིའི་ངོ་བོར་འཛུལ་ཞུགས་དང་ཕྱི་ལོ་ ༢༠༠༢ ལོར་ས་ཁང་སྡེ་ཚན་གྱི་ཤིང་བཟོ་བའི་ལས་ངོར་བསྐོ་གཞག་གནང་། ལས་འགན་ཁོངས་སུ་ས་ཁང་གི་དགོས་མཁོའི་ཅ་དངོས་རིགས་ཉོ་རྒྱུ་དང་སྡེ་ཚན་ཁག་གི་དགོས་མཁོ་ལྟར་འཛིན་ཆས་གསར་བཟོ་དང་བཟོ་བཅོས་རིགས་གནང་གི་ཡོད། ཕྱི་ལོ་ ༢༠༢༣ ལོར་དངོས་སུ་སྔོ་སྦྱོར་སྡེ་ཚན་དུ་གནས་སྤོས་ཀྱིས་ད་བར་ཞབས་ཞུ་སྒྲུབ་མུས་བཅས་ཁྱོན་མི་ལོ་ཧྲིལ་པོ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཡོད།

 

༡༧། བཀྲིས་ལགས།

ནི་ཛམ་མུ་ཏིན་ཡན་ལག་སྨན་ཁང་གི་ཁང་སྲུང་ཟུར་པ་བགྲེས་ཡོལ་བ་བཀྲིས་ལགས་ནི་ཐོག་མར་ཕྱི་ལོ་ ༢༠༠༣ ལོར་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་གད་པར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༦ ལོར་པ་ནི་པཊ་སྤོས་བཟོ་སྡེ་ཚན་གྱི་བཟོ་སྐྲུན་ལས་བྱེད་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༡༡ ལོར་ལྡི་ལི་ཕྱིར་ཚོང་སྡེ་ཚན་དུ་དོ་བྲིལ་དང་དོ་འདམ་པའི་ལས་འགན་ཐོག་གནས་སྤོས་ཞུས། ཕྱི་ལོ་ ༢༠༡༧ ལོར་ལྡི་ལི་ནི་ཛམ་མུ་ཏིན་ཡན་ལག་སྨན་ཁང་དུ་ཁང་སྲུང་གི་ས་མིག་ཏུ་གནས་སྤོས་བྱུང་བ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༣༡ བར་ཁྱོན་མི་ལོ་ཧྲིལ་པོ་ ༢༠ རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ཏེ་སྒྲིག་གསལ་ལྟར་བགྲེས་ཡོལ་ཐོན།






མཐའ་མའི་འདོན་ཐེངས་།: 12.04.2024 ཉིན། 9:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།