སྨན་རྩིས་དྲ་བ། - མདུན་ངོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.03.2024
མདུན་ངོས། >>


ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

རྩིས་ལོ་ ༢༠༢༢ - ༢༠༢༣ ནང་ཧིམཱཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དེ་བཞིན་རྒྱ་གར་གཞུང་ལ་ཁྲལ་འཇལ་སྤྲོད་བྱེད་མཁན་ཁྲལ་པ་མཐོ་ཤོས་གྲས་སུ་ཡིན་པའི་ངོས་འཛིན་གྱིས་འབྲེལ་ཡོད་ཐོན་ཟོག་ཁྲལ་འབབ་ལས་ཁུངས་ནས་ཆེ་བརྗོད་ཀྱི་ཡི་གེ་ཞིག་འབྱོར་ཡོད།

ཆེ་བརྗོད་ཡི་གེ་དེའི་ནང་དུ་ཐོན་ཟོལ་ཁྲལ་འབབ་ལས་ཁུངས་ཀྱི་འགན་འཛིན་གཞོན་པའི་མཚན་ཐོག་ནས་གསུངས་དོན། འདས་པའི་རྩིས་ལོ་ ༢༠༢༢ - ༢༠༢༣ ནང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དེ་བཞིན་ཧིམཱཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་ནང་གི་ཁྲལ་པ་མཐོ་ཤོས་གྲས་སུ་ཡིན་པ་དགའ་སྤྲོ་ལྡན་པའི་སྒོ་ནས་བརྡ་ལེན་སྤྲོད་བཞིན་ཡོད་པ་དང་། ལས་ཁུངས་འདི་ནས་ཁྱེད་ཀྱི་ཁེ་ལས་དང་། རྗེས་སུ་སྐྱོང་བ། ཡིད་ཆེས། རྩོལ་བ་བཟང་པོར་སྙིང་ཐག་པ་ནས་ལེགས་གསོལ་ཞུ་རྒྱུ་དང་། འབྱུང་འགྱུར་དུའང་གཞུང་གི་ཁྲལ་འབབ་ཐད་ལ་ཁྱེད་ཀྱི་ངོས་ནས་རྩ་ཆེའི་བསྡུ་ཆ་སྤྲད་རྒྱུར་རེ་བ་གཙང་མ་ཡོད་ཅེས་འཁོད་ཡོད།








མཐའ་མའི་འདོན་ཐེངས་།: 22.03.2024 ཉིན། 12:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།