སྨན་རྩིས་དྲ་བ། - དཔེ་དེབ་གསར་བསྐྲུན་ཁག

༄༅། །བོད་ཀྱི་སྨན་རྩིས་རིག་པར་དོན་གཉེར་ལྡན་པའི་རྒྱ་ཆེ་སེར་སྐྱ་མང་ཚོགས་ཀྱི་སྙན་ལམ་དྲུང་དུ།

དྷ་ས་བོད་ཀྱི་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་སྨན་རྩིས་རིག་པ་དང་འབྲེལ་བའི་དཔེ་དེབ་གསར་པའམ་དཔར་ཐེངས་གསར་
ཤོས་ཁག་དགོས་མཁོ་མཆིས་ཚེ་བོད་ཀྱི་སྨན་རྩིས་ཁང་གི་"སྨན་རྩིས་དཔེ་དེབ་དང་ཐོན་དངོས་ཚོང་ཁང་"ནང་དངོས་སུ་ཉོ་རྒྱུ་ཡོད་ལ།
གཞན་ཡང་གློག་འཕྲིན་ཁ་བྱང་འདིའི་བརྒྱུད་ནས་ཀྱང་མངགས་ཉོ་བྱ་རྒྱུ་ཡོད།
Contact: for products and publications order by mail                                               Men-Tsee-Khang Exports                                               (Tibetan Medical & Astro. Institute)                                               PT-62/5, Near Post Office, Kalkaji                                               New Delhi-110019, India                                               Tel: 0091-11-26214897/26436823                                               Fax: 0091-1892-26211738                                               Email: mtkexports@vsnl.net / info@tibetan-medicine.org

 

  དེབ་མིང་།         བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།
                            (གསོ་རིག་རྒྱུད་བཞི།)

  ཚད་གཞི།          8 X 10.5 Inches

  ཤོག་གྲངས།        ༥༣༥ 536p

  རྒྱབ་ཤ               མཉེན་པོ། / Paperback

   པར་ལོ།              ཕྱི་ལོ་ ༢༠༡༨ ཟླ་ ༡༠། Oct, 2018

  དེབ་རིན།           

 

 

 

 

འདི་ནི་ལྕགས་རི་པར་མ་ལ་མ་ཕྱི་མཛད་ནས་ ༢༠༠༦ ལོར་ཞུས་དག་བྱས་ཤིང་དཔར་བསྐྲུན་ཞུས་པའི་པར་རྩ་ལ་བསྐྱར་ཞིབ་བྱས་པའི་དེབ་ཅིག་ཡིན། འདིའི་ནང་འདོན་ཐེངས་སྔ་མར་གསལ་ཆ་མེད་པའི་ལེའུ་སོ་སོའི་མགོར་ལེའུའི་མཚན་དང་། དེ་བཞིན་རྒྱུད་ཕྱི་མ་གསུམ་གྱི་དོན་ཐམས་ཅད་གནས་བཅུ་གཅིག་དང་། སྐབས་བཅོ་ལྔ། མདོ་བཞི་བཅས་ཀྱི་སྡེ་ཚན་ཁ་གསལ་བཀོད་ཡོད་པ་མ་ཟད། ལེའུ་སོ་སོའི་ནང་བསྟན་པའི་ས་བཅད་རྣམས་ཀྱི་རྩ་བ་འབུར་ནག་ཏུ་སྟོན་ཡོད་པས་ཀློག་པ་པོ་རྣམས་ཀྱིས་བདེ་བླག་ཏུ་མཐོང་ནུས་པ་དང་། ལྷག་པར་དེབ་ཀྱི་ཚད་གཞི་སྔར་ལས་ཅུང་ཟད་ཆེ་བ་ཡོད་པ་མ་ཟད་ཡིག་ཕྲེང་སྔ་ཕྱི་བར་གྱི་སྟོང་ཆ་ཡང་གང་འཚམ་བཞག་ཡོད་ན་མཆན་བུ་བློ་འདུན་བཞིན་དུ་བཀོད་ཆོག མདོར་ན་ད་ལྟའི་དཔལ་ལྡན་རྒྱུད་བཞི་འདི་ནི་འདོན་ཐེངས་སྔ་མ་གང་གིའང་ནང་དུ་མེད་པའི་ལྟ་བདེ་ལ་ནང་དོན་ས་བཅད་འཚོལ་བདེ་ཞིང་རྙེད་སླ་བ། དཔེ་དེབ་འདི་ཐོལ་བྱུང་དུ་ཁ་ཕྱེ་ཡང་རྒྱུད་གང་དང་། བརྗོད་བྱ་གནས་སོགས་དང་། ལེའུ། ལེའུའི་ས་བཅད་སོགས་ཅིག་ཅར་དུ་ཤེས་ཐུབ་པའི་དགེ་མཚན་ཡོད། 

 


  དེབ་མིང་། བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་ལས་མང་ངག་རྒྱུད་ཅེས་བྱ་བ།

(དབྱིན་སྒྱུར།) དེབ་དང་པོ།

ཤོག་གྲངས། ༤༥༡ / 451 Pages

རྒྱབ་ཤ     མཁྲེགས་པོ། Hardcover

ཚད་གཞི། 7 X 9.5 inches

པར་ལོ།   March, 2018

དེབ་རིན།


དཔལ་ལྡན་རྒྱུད་བཞི་ལས་གསུམ་པ་མན་ངག་ཡོན་ཏན་རྒྱུད་ཀྱི་ལེའུ་དང་པོ་མན་ངག་རྒྱུད་ཞུས་པའི་ལེའུ་ནས་ལེའུ་ཉེར་བདུན་པ་ཆམ་རིམས་

བཅོས་པའི་ལེའུ་བར་གྱི་ཨིན་བསྒྱུར་བྱས་པའི་དེབ་ཅིག་ཡིན། བཞུགས་སྒར་སྨན་རྩིས་ཁང་གི་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་ཨིན་
སྒྱུར་ཚན་པ་ནས་ལྕགས་པོ་རིའི་རྒྱུད་བཞིའི་པར་མ་ལ་གཞི་བཅོལ་ཏེ་རྒྱུད་འགྲེལ་ཕལ་མོ་ཆེ་ལ་ཞིབ་ལྟ་བྱས་ནས་བསྒྱུར་ཡོད། དེབ་འདི་ནི་རྒྱལ་
སྤྱིའི་ནང་བོད་ཀྱི་གསོ་བ་རིག་པར་དོན་གཉེར་ཡོད་པ་རྣམས་ནས་གསོ་རིག་དགོངས་དོན་རྨ་མེད་པར་རྟོགས་ཐུབ་པའི་སླད་དུ་ངལ་བ་དང་དུ་
ལེན་པའི་གྲུབ་འབྲས་ཤིག་ཡིན། ད་དུང་ཡང་མན་རྒྱུད་ལེའུ་ལྷག་མ་རྣམས་ཀྱི་ཨིན་སྒྱུར་དེབ་ཕྲེང་རིང་པོར་མི་ཐོགས་པར་མུ་མཐུད་པར་སྐྲུན་
ཞུ་འཆར་ཡོད།
 



ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།