སྨན་རྩིས་དྲ་བ། - ལོ་ཀི།
 
 
ལོ་ཀི།

མིང་གཞན།   ཁ་ཊ།   लौकी  Bottle gourd, 葫蘆瓜
 
སྐྱེ་དབྱིབས།   འདི་ནི་སྔོ་ལྡུམ་འཁྲི་ཤིང་གི་རིགས་ཤིག་སྟེ།  ཤིང་སྡོང་སོགས་དངོས་པོ་གཞན་ལ་འཁྲིལ་བའམ་ཡང་ན་ས་ངོས་ནས་ཕན་ཚུན་རིང་པོར་བརྐྱངས་ནས་སྐྱེ་བ།  རྩ་བ་སྙུང་རིལ་ཕྲ་ལ་ཁ་སྤུ་ལྟ་བུའི་རྩ་ཕྲན་ཐོགས་པ།  སྡོང་པོ་ཟུར་ལྔ་ཅན་ཅུང་སྦོམ་ལ་མཁྲེགས་པའི་ངོས་སུ་སྤུ་སོབ་དཀར་པོས་ཁེངས་པ། ཡལ་ཕྲན་ཕྲ་མོ་འཁྱིལ་བའམ་གཅུས་སྒྲིལ་གྱིས་སྐྱེ་བ།  ལོ་མ་ལྗང་སེར་འདབ་ཉག་ལྔ་ཅན་སྒོར་ལ་ཆེ་བ།  མེ་ཏོག་དཀར་སེར་འདབ་མ་ལྔ་ཅན་འཆར་བ། འབྲས་བུ་ལྗང་སྐྱ་མགོ་སྦོམ་ལ་མཇུག་ཕྲ་བ་ཤེལ་དམ་ལྟ་བུའམ་ཡང་ན་ཁུ་ཚུར་ཙམ་ཆེ་ཆུང་ངེས་མེད་སོགས་རིགས་འགའ་འབྱུང་ཞིང༌། སྨིན་ནས་མདོག་སེར་སྐྱ་ཆགས་ཏེ་འབོལ་ཉམས་ཆེ་བ། འབྲས་བུའི་ནང་དུ་ལྷ་བ་དཀར་སོབ་ཀྱིས་གང་བའི་གསེབ་ཏུ་འབྲུ་གུ་དཀར་པོས་ཁེངས་པ་ཞིག་ཡིན།  གནའ་དེང་གི་མི་རྣམས་ཀྱིས་འབྲས་བུའི་སྟོད་སྨད་དང་སྐེད་པར་རྩ་ཐག་གིས་བསྡམས་ཏེ་བུམ་པའི་དབྱིབས་བཟོས་ནས་ཆུ་སྣོད་དང༌།  ཡང་ན་འབྲས་བུའི་ཕྱི་སྐོགས་སྐམ་པོས་ཆུ་སྐྱོགས་བྱེད་པ།  རྒྱ་གར་པས་རྒྱུད་མང་སི་ཊར་སོགས་ཀྱི་སྒྲ་སྒམ་དུ་བེད་སྤྱོད་བྱེད་པའི་ཀ་པེད་ཡང་འདིའི་རིགས་ཡིན་པར་ནུབ་ཕྱོགས་པས་བཤད།  ཚ་བའི་ཁུལ་ལམ་ས་བབ་དམའ་བའི་རོང་ཁུལ་དུ་འདེབས་འཛུགས་བྱེད་ཀྱི་ཡོད།
 
བེད་སྤྱོད།    འབྲས་བུ་གཙང་འཁྲུ་བྱས་ཏེ།  རྐྱང་པ་བཙོ་བའམ་ཚལ་རིགས་གཞན་མཉམ་བརྔོ་གཡོ་བྱེད་ཆོག
 
རོ་དང་ངོ་བོ།  རོ་མངར་ལ་སྐྱུར།  ངོ་བོ་བསིལ།
 
ཕན་ནུས།    གློ་ལུ་བ་དང་གློ་ཚད་སེལ།  རྨ་ཐོར་འཇོམས།  ཚ་བའི་རྐྱེན་གྱི་དྲི་ཆུ་འགག་པ་འབེབ་པར་བྱེད་ཅིང༌།  འབྲུ་གུས་ཚ་འཁྲུ་གཅོད་པ་ལ་ཕན།
 
དོ་སྣང༌།     མེ་དྲོད་ཞན་པོའམ་གྲང་བའི་ནད་རིགས་ལ་གནོད།
 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།