སྨན་རྩིས་དྲ་བ། - ལ་ཕུག
 
 
ལ་ཕུག

མིང་གཞན།  मूली Radish  蘿蔔
 
སྐྱེ་དབྱིབས། འདི་ནི་སྔོ་ལྡུམ་ཁོངས་གཏོགས་ལ་ཕུག་སྟེ་རིགས་མང་པོ་ཞིག་ཡོད་པར།  སྤྱིར་རྩ་བ་རྡོག་རིལ་ལམ་ཟླུམ་ནར་སྦོམ་ལ་མཐུག་པ་རྟིང་པ་རིམ་བཞིན་ཕྲ་ཞིང་ཁ་སྤུ་ཐར་ཐོར་ཡོད་པ།  ཕྱི་མདོག་དཀར་པོ་དང་དམར་པོ་རིགས་གཉིས་འབྱུང་བར་ནང་ཤ་དཀར་བ།  ལོ་མ་སྔོ་ལྗང་སྒྲོ་དབྱིབས་སམ་སྒོར་མོ་ལ་ལོ་རྐང་སྔོ་དཀར་དང་དམར་སྐྱ་ཅན་ས་ངོས་ནས་ཡར་བགྲད་དེ་སྐྱེ་བ།  མེ་ཏོག་དཀར་པོའམ་དམར་སྐྱ་བང་རིམ་མང་པོ་འཆར་བ།  གང་བུ་ཕྲ་ལ་ནར་མོ་འདོགས་པའི་ནང་དུ་འབྲུ་གུ་དམར་སྐྱ་ཆུང་ལ་རིལ་མོ་འབྱུང་བ་ཞིག་ཡིན།  ཡུལ་གང་སར་འདེབས་འཛུགས་བྱེད་ཀྱི་ཡོད།
 
བེད་སྤྱོད།     ལོ་རྐང་དང་རྩ་བ་སོས་པ་གཙང་འཁྲུ་བྱས་ཏེ།  ལོ་རྐང་ཐུག་སྡོར་དུ་འདེབས་སྤྱོད་བྱེད་པ་དང༌།  རྩ་བ་རྗེན་པར་ཟ་བ།  ཡང་ན་བཙོ་བའམ་བརྔོ་གཡོ་བྱེད་པ།  ཁུ་ཐང་བཟོ་བ་བཅས་བྱེད་ཆོག་ལ།  མོག་མོག་ཀྱང་བཟོ་རུང༌།
 
རོ་དང་ངོ་བོ།  རོ་མངར་ལ་ཚ་བ།  ངོ་བོ་དྲོད།
 
ཕན་ནུས།    མེ་དྲོད་སྐྱེད།  ཟས་འཇུ།  ལུད་པ་འདོན།  ལྐོག་ནད་དང་སྐད་འགགས་སེལ།  རྨ་རིགས་འཇོམས།  རླུང་ནད་སེལ།  ཆམ་ནད་དང་སྐྲན་ནད་སྔོན་འགོག་བྱེད།  དབུགས་བསགས་ནད་དང༌།  འབམ་ནད་དང་འཁྲུ་བ་གཅོད་པར་ཡང་ཕན།
 
དོ་སྣང༌།     ཁྲག་མཁྲིས་ཚ་བའི་ནད་རིགས་ལ་གནོད༌།  རྗེན་པས་ཁ་བསྲེག་ཅིང་ཕོ་ཁ་ན་བར་བྱེད།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།