པད་ཚལ། |
པད་ཚལ།
མིང་གཞན། ཚོདདཀར། Chinese cabbage 白菜 སྐྱེ་དབྱིབས། འདི་ནི་སྔོ་ལྡུམ་གྱི་རིགས་ཤིག་སྟེ། སྤྱིར་རྩ་བ་ཆུང་ལ་ཕྲ་བ། ངར་པ་དཀར་པོ་ལེབ་མོ་མང་པོ་གཅིག་ལ་གཅིག་བཏུམས་ཏེ་ཡར་འདྲོངས་ངེར་སྐྱེ་ཞིང༌། ལོ་མ་ལྗང་སྐྱ་མཐའ་ངོས་མི་སྙོམས་ཤིང་རྩ་རིས་དོད་པ་ངར་པའི་བར་དཀྱིལ་ཙམ་ནས་སྟོད་ཕྱོགས་སུ་རིམ་པས་ཆེར་རྒྱས་ཏེ་མགོ་ཅུང་ཟད་དཀྱུས་གཅིག་ཏུ་བཏུམས་པའི་རིགས་གོང་གི་པར་གཡས་པ་དང༌། ཡང་ལོ་མ་ལྗང་ནག་ཆེ་ལ་སྒོར་མོ་མང་པོ་ས་ངོས་སུ་ཁ་བགྲད་དེ་སྐྱེ་བའི་རིགས་གོང་གི་པར་གཡོན་པ་ལྟ་བུ་བཅས་སྤྱིའི་དབྱེ་བ་གཉིས་དང་ནང་གསེས་ཀྱི་རིགས་མང་པོ་ཞིག་ཡོད། ཡུལ་གང་སར་འདེབས་འཛུགས་བྱེད་ཅིང་སྤྱོད་ཆེ་བས་ཤེས་སླའོ༌།
བེད་སྤྱོད། ལོ་སྡོང་ཡོངས་རྫོགས་་གཙང་མ་བཀྲུས་ཏེ། བཙོ་བའམ་བརྔོ་གཡོ་བྱེད་ཆོག་ལ། བསྙལ་ཚལ་ཡང་བྱེད་རུང༌། རོ་དང་ངོ་བོ། རོ་མངར། ངོ་བོ་ཅུང་བསིལ། ཕན་ནུས། ཚ་བ་སེལ། ཆམ་པ་དང་གློ་ལུ་བ་འཇོམས། མིད་གག་ནད་དང་སྐད་འགག་པ་སེལ། ཕོ་ལོང་རྒྱུ་མའི་རྨ་རུལ་གསོ་ཞིང་ཁྲག་ཤོར་གཅོད། གཞན་འབྲས་ནད་སྔོན་འགོག་བྱེད་པ་ལ་ཡང་ཕན། དོ་སྣང༌། གློ་རླུང་དང་མཚེར་རླུང༌།བཤལ་བ་དང་ཕོ་བ་གཟེར་བའི་ནད་རིགས་ལ་གནོད། |
སྨན་རྩིས་དྲ་བ། - པད་ཚལ།
ནང་གསེས་དཀར་ཆག
ཡིག་ཆ་གསར་ཤོས།
བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།
ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།
བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།
འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།
ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།
ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།
ལེའུ་དང་པོ། ཀླད་དོན་གླེང་སློང་བ།
ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།
ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།
ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།