སྨན་རྩིས་དྲ་བ། - གོང་ལ་ཕུག
 
 
གོང་ལ་ཕུག
 
མིང་གཞན།   ལ་སེར། गाज Carrot    胡蘿蔔
 
སྐྱེ་དབྱིབས།   འདི་ནི་ལ་ཕུག་གི་རིགས་ཤིག་ཡིན་ལ།  རྩ་བའི་དབྱིབས་ལ་ཕུག་དང་མཚུངས་མོད་ཁ་དོག་དམར་སེར་འབྱུང་གི་ཡོད།  སྡོང་རྐང་མང་པོ་ས་ངོས་ལ་ཐོན་ཏེ་ལོ་མ་སིབ་སིབ་སྔོ་ལྗང་ཅན་ཐོགས་པ།  ཡུལ་མང་ཆེ་བར་འདེབས་འཛུགས་བྱེད་ཀྱི་ཡོད།  
 
བེད་སྤྱོད།    རྩ་བ་སོས་པ་གཙང་མ་བཀྲུས་ཏེ།  རྗེན་པར་ཟ་བ།  གྲང་ཚལ་དང་ཚལ་གཞན་མཉམ་བརྔོ་གཡོ་བྱེད་པ།  ཡང་ན་བཙོ་བའམ་ཁུ་ཐང་བཟོ་ཆོག་ལ།  ལོ་མ་ཡང་ཟས་སུ་བྱེད་རུང།  
 
རོ་དང་ངོ་བོ།  རོ་མངར།  ངོ་བོ་སྙོམས།
 
ཕན་ནུས།    ཟུངས་ཁྲག་གསོ། མཆིན་སྟོབས་སྐྱེད།  ཚ་བ་སེལ།  དུག་འཇོམས།  མིག་གསལ་བར་བྱེད།  མཚན་ལོང་སེལ།  པགས་པ་རྩུབ་པོ་འཇམ་པར་བྱེད།  གཞན་ཡང་བཤང་འགག་སེལ་ཞིང༌།  འབྲས་ནད་སྔོན་འགོག་བྱེད་པ་བཅས་ལ་ཕན།
 
དོ་སྣང༌།     མེ་དྲོད་ཞན་པོའི་རིགས་ལ་གནོད།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།