སྨན་རྩིས་དྲ་བ། - ག་གོན།

 
 
ག་གོན།

མིང་གཞན།
  ཨ་གོན། ककड़ी Cucumber 黃瓜    
 
སྐྱེ་དབྱིབས། འདི་ནི་ཀ་པེད་ཀྱི་རིགས་ཤིག་ཡིན།  ཤིང་སྡོང་སོགས་དངོས་པོ་གཞན་ལ་འཁྲིལ་ནས་སྐྱེ་བ།  འབྲས་བུ་ཆེ་ཆུང་ངེས་མེད་ཁ་མདོག་ལྗང་དཀར་དང་ལྗང་ནག་འདྲ་མིན་འདོགས་པ།  ནང་ཤ་དཀར་པོ་ཆུ་ཅན་ལ་འབྲུ་གུ་ཡང་དཀར་པོ་ཕྲ་ལ་ཆུང་བ་ཡོད།  གནམ་གཤིས་དྲོ་བའི་ཡུལ་གྱི་སྐམ་ས་དང་ཞིང་སར་འདེབས་འཛུགས་བྱེད་ཀྱི་ཡོད།  
 
བེད་སྤྱོད།  འབྲས་བུ་སོས་པ་གཙང་མ་བཀྲུས་ཏེ།  རྗེན་པར་ཟ་བའམ་གྲང་ཚལ་བཟོ་བ།  བཙོ་བའམ་བརྔོ་གཡོ་བྱེད་པ།  བསྙལ་ཚལ་ཡང་བྱེད་ཆོག        
 
རོ་དང་ངོ་བོ།  རོ་མངར་ལ་བསྐ་བ།  ངོ་བོ་བསིལ།
 
ཕན་ནུས།    ཚ་བ་དང་ཁ་སྐོམ་པ་སེལ།  ཆུ་འབེབ།  ཚད་འཁྲུ་གཅོད།  ཁྲག་ཤེད་མཐོ་བ་དམའ་བར་བྱེད།  བད་ཀན་སྨུག་པོ་འཇོམས་པ་བཅས་ལ་ཕན་ཞིང༌།  གཞན་ཡང་རྗེན་པ་གཤག་གཏུབ་བྱས་ཏེ་ངོ་གདོང་ལ་སྦྱར་བས་དུས་མ་ཡིན་པའི་གཉེར་མ་དང་སྲིན་ཐོར་སེལ་ལ།  མེས་འཚིག་རྨ་དང་པགས་པ་འཇམ་པར་བྱེད་པ་བཅས་ལ་ཕན།
 
དོ་སྣང༌།    མེ་དྲོད་ཞན་པོ་དང༌། མཁལ་གྲང་ནད། གྲང་བས་བཤལ་བ་བཅས་ལ་གནོད།    
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།