སྨན་རྩིས་དྲ་བ། - སྐྱུར་ཚལ།

སྐྱུར་ཚལ།

ཀྲོ་མ་ཀྲུ།

ཁ་ཏིག་ཚལ།

ག་གོན།

གོང་ལ་ཕུག

སྒ་སྨུག

སྒོག་པ།

རྔ་དབྱུག་ཚལ།

ཆིན་ཚལ།

ཉུང་མ།

དོ་ལུམ་མ།

པ་ལག

པད་ཚལ།

མ་ཤ

མེ་ཏོག་པད་ཚལ།

ལ་ཕུག

ལོ་ཀི།

ལོ་འཁོར་པད་ཚལ།

སོ་ལོ་སྔོན་པོ།

སྲན་རིལ།

མཛུབ་ཚལ།

 

 

 

སྐྱུར་ཚལ།

 

མིང་གཞན། ཀེའུ། ཅུག་ཚལ། Chive  韭菜


སྐྱེ་དབྱིབས།
 འདི་ནི་ཞིང་སྐྱེས་སྒོག་པའི་རིགས་ཤིག་སྟེ། ལོ་རྐང་རིང་པོ་རལ་གྲི་ལྟར་སྨད་ཞེང་ཅུང་སྦོམ་ལ་སྟོད་ཞེང་རིམ་བཞིན་ཕྲ་བ།  མདོག་སྔོ་ལྗང་འཇམ་ལ་ས་ངོས་སུ་འདྲོང་པོར་སྐྱེ་བ་དང༌།  རྩ་བ་དཀར་པོ་རྩ་ཕྲན་ཚོམ་བུར་ཡོད་པ།  རྒས་དུས་སྡོང་རྐང་ཐུར་མ་འདྲ་བ་ཞིག་སྐྱེས་ཏེ་དེའི་རྩེར་མེ་ཏོག་དམར་པོའམ་སེར་པོ་བཞད་པ།  འབྲས་བུ་ཞིབ་ཆུང་མདོག་སྔོ་དཀར་འདོགས་པ་ཞིག་ཡིན། གནམ་གཤིས་སྙོམས་པའི་ཀླུང་ཐང་གི་ས་ཁུལ་གང་དུའང་འདེབས་འཛུགས་བྱེད་ཀྱི་ཡོད།

 

བེད་སྤྱོད།    ལོ་རྐང་གཙང་མ་བཀྲུས་ཏེ།  གཙོ་བོ་མོག་མོག་བཟོ་བ་དང༌།  ཕག་ཤའི་མཉམ་བརྔོ་བ། བསྙལ་ཚལ་དང་ཁུ་ཐང་བཟོ་ཆེད་བེད་སྤྱོད་བྱེད་ཆོག  

 

རོ་དང་ངོ་བོ།  རོ་ཚ།  ངོ་བོ་དྲོད།

 

ཕན་ནུས།    རྨ་རིགས་གསོ། སྐྲངས་པ་འཇོམས། གཅིན་ཁ་སྙི་བ་དང་ཁུ་བ་སྔ་འཆོར་བྱེད་པ་སྡོམ། ཡི་ག་འབྱེད། དྲོད་སྐྱེད། རླུང་གི་རྐྱེན་གྱིས་གཉིད་མི་ཁུག་པ་བཅས་ལ་ཕན།

 

དོ་སྣང༌།     ཚ་བ་དང༌། ཁྲག་ཤེད། མིག་ནད། མཁྲིས་པ་དང་ཡ་མའི་ནད་རིགས་ལ་གནོད།


ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།