སྨན་རྩིས་དྲ་བ།

ནད་རིགས་སྔོན་འགོག་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.03.2011
གླེང་སྟེགས། >> འཕྲོད་བསྟེན་སྐོར།

འགྲོ་བ་གང་ཞིག་ཀྱང་མཐའ་མ་སྐྱེ་རྒ་ན་འཆིའི་གཞན་དབང་དུ་འགྲོ་དགོས་པ་ལས་དེ་ལ་ཟློག་ཐབས་མེད་པ་ནི་སྲོག་ལྡན་འགྲོ་བ་རྣམས་ཀྱི་ཆོས་ཉིད་ཁོ་ན་ཡིན་པ་ཀུན་ལ་བསྙོན་དུ་མེད། འོན་ཀྱང་རྫས་ཀྱི་ནུས་པ་བསམ་མི་ཁྱབ་ལ་བརྟེན་ནས་དུས་མ་ཡིན་པའི་སྐྱེ་རྒ་ན་འཆིའི་རྐྱེན་ངན་ལས་རེ་ཞིག་ཟློག་ཐུབ་པའི་སྐབས་ཀྱང་འབྱུང་གི་ཡོད་སྟབས་སྐྱེ་འགྲོ་རྣམས་ཀྱིས་རྩ་ཆེའི་རིན་བྲལ་གྱི་གོ་སྐབས་འདི་ལ་ངེས་པར་དམ་འཛིན་བྱ་དགོས།དེས་ན་དོན་གཉེར་ཅན་རྣམས་ཀྱིས་མིའི་ལས་ཁམས་བདེ་ཐབས་སུ་འཇིག་རྐྱེན་གཙོ་བོ་ནད་རིགས་དང་ཐག་རིང་དུ་གཏོང་རྒྱུ་དེ་དོན་གྱི་བྱ་བཞག་གཙོ་བོ་དེ་རེད། དེ་ལ་ནད་ཀྱི་སྔོན་འགོག་དང་ནད་ཀྱི་བཅོས་ཐབས་བཅས་ཐབས་ལམ་རིགས་གཉིས་སུ་ཡོད་པ་འདི་ལ་ཇི་ལྟར་བེད་སྤྱད་ན་ད་གཟོད་སྡུག་བསྔལ་དེ་དང་བྲལ་ཐུབ་བམ་ཞེ་ན། ངས་བལྟས་ཚོད་ལ་གཙོ་བོ་སྨན་པ་ལ་རག་ལས་པ་དང་། ཁོས་བཤད་ན་ནད་པ་ལས་རག་ལས་ཚུལ་ཟེར། ཁྱེད་ཀྱིས་བལྟས་ན་སྨན་ཡིན་ནམ་ཡང་ན་གཞན་ཞིག་གམ།

མཐའ་མའི་འདོན་ཐེངས་།: 31.03.2011 ཉིན། 11:47 AM

<< སྔ་མ།

དཔྱད་བརྗོད་བཀོད་པ།

པད་མ་ དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 06.08.2013 ཉིན། 10:24 AM
ཡག་པོ་འདུག་
AIDS ལ་གཉན་ནད་རེག་དུག་ཟེར་རེད་དམ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 16.10.2012 ཉིན། 6:37 PM
ཁ་བྱང་ལྟར། ལན་གནང་རོགས་ཞུ
gyatso@yahoo.com དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 03.05.2011 ཉིན། 4:31 PM
hhh athat is also good to hear form ther ekdkjfd
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 30.04.2011 ཉིན། 10:09 AM
ནད་གཞི་སྔོན་འགོག་ལ་ཟས་སྤྱོད་གཉིས་གལ་ཆེན་ཡིན་པས་སྨན་པ་དང་ནད་པ་གཉིས་ཀར་རག་ལུས་ཡོད།
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 30.04.2011 ཉིན། 9:59 AM
ནད་རིགས་སྔོན་འགོག་ལ་གཙོ་བོ་ཟས་དང་སྤྱོད་ལམ་ཚུལ་བཞིན་བསྟེན་རྒྱུ་དེ་ཡིན། དེ་ཡང་མི་སོ་སོའི་རང་བཞིན་དང་ཕོ་བའི་འཇུ་སྟོབས་ཆེ་ཆུང་།་དུས་བཞིའི་འགྱུར་ལྡོག་ལ་དཔག་པའི་ཟས་དང་སྤྱོད་ལམ་བསྟེན་ཚུལ་རབ་དང་རིམ་པ་ཡོད།
རིན་རྡོར། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 19.04.2011 ཉིན། 10:12 AM
ངས་བལྟས་ན་ནད་སྔོན་འགོག་ལ་གཙོ་པོ་དེ་སྨན་པ་ལ་རེག་ལས་ཡོད་པར་མཐོང་།

དཔྱད་བརྗོད་འགོད།