སྨན་རྩིས་དྲ་བ། - སྨན་རྩིས་དྲ་ཚིགས་སྐོར།

སྨན་རྩིས་དྲ་ཚིགས་སྐོར།
སྨན་རྩིས་དྲ་བ་ཞེས་པ་འདི་ནི། བཙན་བྱོལ་བོད་ཀྱི་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པ་གཉིས་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་དེང་དུས་ཀྱི་འགྲོ་ལུགས་དང་བསྟུན་ནས་གསར་བསྐྲུན་ཞེས་པའི་རིག་གཞུང་དྲ་བ་ཞིག་ཡིན།

དྲ་བ་འདིའི་མིང་ལ། སྨན་རྩིས་དྲ་བ་ཞེས་བརྗོད་དགོས་དོན་ནི་གཉིས་ཏེ། གཅིག་ནི་དྲ་བ་འདིའི་བདག་པོ་ནི་སྨན་རྩིས་ཁང་ཡིན་པས་བདག་པོ་སྟོན་ཆེད་དང་། གཉིས་ནི་འདིའི་ནང་གི་བརྗོད་བྱ་ནི་སྨན་རྩིས་གཉིས་ཀྱི་རིག་གཞུང་ཡིན་པ་གཙོ་བོར་སྟོན་གྱི་ཡོད་པས་ནང་དོན་སྟོན་ཆེད་ཡིན།

འདི་ལ་རྩ་བའི་ས་བཅད་བཅུ་གཉིས་དང་ནང་གསེས་སུམ་ཅུ་སོ་གཅིག་ཐམ་པ་དང་། ཡིག་ཆ་རིང་ཐུང་གྲངས་བརྒྱད་ཅུ་ཐམ་པ། ཁྱོན་བསྡོམས་ཤོག་གྲངས་སུམ་སྟོང་མ་ཟིན་ཙམ་ཡོད།  ད་དུང་ཡང་ནང་གསེས་ཅི་ཙམ་དགོས་དམིགས་ལ་བལྟས་ནས་མུ་མཐུད་རྒྱ་བསྐྱེད་འགྲོ་རྒྱུ་ཡིན།

དྲ་བ་འདིའི་དམིགས་ཡུལ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཆེན་བཅུའི་ཡ་གྱལ་གསོ་བ་རིག་པ་དང་རྩིས་རིག་པའི་སྔར་ཡོད་ཀྱི་ལུགས་སྲོལ་བཟང་པོ་དག་ཡོད་པ་རྒྱུན་འཛིན་དང་དར་སྤེལ་གྱིས་མི་རབས་རྗེས་མའི་ཁྲོད་སྨན་རྩིས་རིག་པ་སྨྲ་བ་ཆར་ཤུལ་གྱི་ཤ་མོ་རྡོལ་བ་བཞིན་འབྱུང་ཐུབ་པ་དང་། དེ་བཞིན་དུ་ཕྱི་རབས་པ་རྣམས་ཀྱིས་རིག་པ་འདི་ལ་སྦྱང་བརྩོན་གྱིས་བློ་གྲོས་ཀྱི་རྣམ་དཔྱོད་ཡར་ངོའི་ཟླ་ལྟར་རྒྱས་ནས་གཞུང་ལུགས་འདི་ན་སྔར་མེད་པ་དང་ཁ་མ་གསལ་བའི་ཆ་ཤས་དག་སྐབས་དོན་དུ་བཟུང་ནས་ནང་འདྲེན་གྱིས་གསལ་ཁ་གཏོད་ཐུབ་ཅིང་ཁ་སྐོང་ཡོང་ཕྱིར་དང་།
གཞན་ཡང་། བོད་གངས་ཅན་གྱི་གཅེས་ནོར་ཏེ་བོད་ཡིག་ཐོག་རང་གི་རིག་གཞུང་ལ་ཞབས་འདེགས་བྱེད་སའི་སྟེགས་བུ་གསར་བའི་ལེ་ཚན་ཞིག་ཏུ་དམིགས་པ་དང་། དེ་བཞིན་དུ་སྨན་རྩིས་རིག་པའི་སྐོར་ལ་ཤེས་འདོད་དང་། ཞིབ་འཇུག་བྱེད་མཁན། ཀློག་པ་པོ། སློབ་སྦྱོང་བྱེད་མཁན་བཅས་དོན་གཉེར་ཅན་དག་གི་སླད་དུ་ཡུལ་ཕྱོགས་ངེས་མེད་དང་མི་རིགས་རྒྱུས་མེད་གང་ཞིག་གི་སྤྱི་ཚོགས་ཁྲོད་དུ་སླེབས་པར་གྱུར་ནའང་དཔེ་དེབ་དང་སྦྱོང་ཚན་མི་དགོས་པར་ཐད་ཀར་དྲ་ལམ་ནས་ཐུགས་འདོད་རྣམས་འགྲུབ་ཐུབ་པར་དམིགས་པ་བཅས་ཡིན།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།