སྨན་རྩིས་དྲ་བ། - སྨན་སྦྱོར་ཐོན་དངོས།

                        ཟླ་འོད་མཆིན་བཅུད་ཆེན་མོ།     
༄༅།།བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་ཟླ་འོད་མཆིན་བཅུད་ཆེན་མོ་འདིས། མཆིན་ནད་གསོ་བ་དང་། ཕོ་ནད་གསོ་བ། ཁྲག་ནད་གསོ་བ། མིག་གསལ་བར་བྱེད་པ། དུག་དང་སྨུག་པོའི་ཚད་རྙིང་འཇོམས་པ། རྒྱུན་དུ་བསྟེན་ན་མཆིན་པའི་བཅུད་ལེན་ཆེན་མོ་དང་ དམིགས་བསལ་མཆིན་པའི་འབྲས་སྐྲན་ཤིན་ཏུ་ཕན།
སྦྱོར་བ། ཅོང་མཛོ། ཁ་ཆེ་གུར་གུམ། བདུད་རྩི་བཅུད་རྒྱལ། འགྲོན་ཐལ། འབམ་སྤོས་དང་རེ་ལྕག་ཁཎྜ། རྩ་བརྒྱད་སྟོང་སྦྱར་སོགས་ལས་གྲུབ།
བསྟེན་ཐབས། རིལ་བུ་རེཞལ་ལག་གི་ཆུ་ཚོད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་གྱིས་མཆོད་རྒྱུའམ་ཡང་ན་སྨན་པའི་བཀའ་མངགས་ལྟར་ མཆོད་དགོས།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

                          རྒུན་འབྲུམ་བདུན་པ།
༄༅། །བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་རྒུན་འབྲུམ་བདུན་པ་འདིས། གློ་བའི་ནད་རིགས་སྤྱི་དང་ཁྱད་པར་དུ་གློ་ཚད། དབུགས་མི་བདེ་བ། གློ་ལངས་པ། ལུད་པ་ལུ་བ། བྲང་བསྡམ་པ། སྐད་འཛེར་བ་སོགས་ལ་ཕན།
སྦྱོར་བ། རྒུན་འབྲུམ། ཅུ་གང། གུར་གུམ། གླ་གང་། སེ་འབྲུ། ཤིང་ཚ། ཤིང་མངར་བཅས་ལས་གྲུ་པ་ཡིན།
བསྟེན་ཐབས། ཉིན་རེར་རིལ་བུ་གསུམ་ཐུན་ཞལ་ལག་གི་ཆུ་ཚོད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་དྲོད་འཇམ་གྱིས་བཞེས་པའམ་ཡང་ན་སྨན་པའི་ལམ་སྟོན་ལྟར་བཞེས་ཆོག 
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 



                         སླེ་ཏྲེས་ལྔ་ཐང་། 

༄༅། །བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་སླེ་ཏྲེས་ལྔ་ཐང་འདིས། དྲེག་གྲུམ་ནད་རིགས་སྤྱིི་དང་། ལྷག་པར་ཁྲག་འཁྱགས་སྟེ་ཁྲག་ གར་པོ་ཆགས་པ། ཁྲག་ཤེད་ནད། ཁྲག་འབྲས། གཅིན་སྙི་ཟ་ཁུའི་ནད་རིགས་སོགས་ལའང་ཕན།
སྦྱོར་བ། སླེ་ཏྲེས། ཨ་རུ། བ་རུ། སྐྱུ་རུ། རྒྱ་ཏིག་བཅས་ལས་གྲུབ་པ་ཡིན། 
དོ་སྣང་། གསོལ་སྨན་འདི་རང་བཞིན་ཅུང་བསིལ་བས་སྨན་པའི་ལམ་སྟོན་བཞིན་བསྟེན་དགོས།  
བསྟེན་ཐབས། ཉིན་རེར་ཕྱེ་མ་ཤོག་ཐུམ་ཆག་གཅིག་ཞལ་ལག་གྱི་ཚོུད་ཕྱེད་ཀའི་སྔོན་རྗེས་གང་རུང་དུ་ཆབ་ཁོལ་དྲོད་འཇམ་གྱི་བཞེས་པ་འམ་ཡང་ན་སྨན་པའི་ལམ་སྟོན་ལྟར་བཞེས་ཆོག 
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

                                                                   སྨན་གཅིག

༄༅།།བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་སྨན་གཅིག་འདིས། ཕོ་བའི་མེ་དྲོད་ཉམས་པ་དང། དང་ག་ཞན་པ། ཟུངས་ཁྲག་དམའ་བ། ཁྲག་ཤེད་དམའ་བ། བྱིས་པའི་འཚར་ལོངས་ཞན་པ་བཅས་ལ་ཕན།
སྦྱོར་བ། སེ་འབྲུ། གུར་གུམ། པི་པི་ལིང་། སུག་སྨེལ། ཤིང་ཚ་བཅས་ལས་གྲུབ།
བསྟེན་ཐབས།  ཉིན་རེར་ཤོག་ཆག་གཅིག་ཞལ་ལག་གི་ཆུ་ཚོད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་དྲོད་འཇམ་གྱིས་བཞེས་རྒྱུ།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

སྨན་གཉིས།

༄༅།།བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་སྨན་གཉིས་འདིས། མ་ཞུ་བ་དང་། དྲི་མ་འགག་པ། གླང་ཐབས། སྐྱུག་པ། ཕོ་སྨུག་ བཅས་ལ་ཕན།
སྦྱོར་བ། སྐྱུ་རུ་ར་དང་། སེ་འབྲུ། བ་ཤ་ཀ སུག་སྨེལ། པི་པི་ལིང་བཅས་ལས་གྲུབ།
བསྟེན་ཐབས།  ཉིན་རེར་ཤོག་ཆག་གཅིག་ཞལ་ལག་གི་ཆུ་ཚོད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་དྲོད་འཇམ་གྱིས་བཞེས་རྒྱུ།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

སྨན་གསུམ།

༄༅།།བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་སྨན་གསུམ་འདིས། བྲང་ཚ་ཆུ་སྐྱུར་དང་། ཁོག་པའི་ནང་གི་རྨ་རིགས། བྲང་བསྡམས་པ། དབུགས་མི་བདེ་བ། སྐད་འཛེར་བ། ལུད་པ་འགོག་དཀའ་བ། ངན་ཁྲག་རྒྱས་པ་བཅས་ལ་ཕན།
སྦྱོར་བ། ཅོང་ཞི་དང་། ཨ་རུ་ར། སྤང་རྩི། རེ་སྐོན། བ་ཤ་ཀ། བྲག་ཞུན། སྦྲང་རྩི་སོགས་ལས་གྲུབ།བསྟེན་ཐབས།  ཉིན་རེར་ཤོག་ཆག་གཅིག་ཞལ་ལག་གི་ཆུ་ཚོད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་དྲོད་འཇམ་གྱིས་བཞེས་རྒྱུ།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

 ཨུག་ཆོས་ལྔ་པ།

ཕན་ནུས། སྒྲ་བཅས་འོན་པ་སེལ་བའི་མན་ངག་ཡིན།

བསྟེན་ཚུལ། ཐེངས་རེར་རྣ་ནང་ཐིག་པ་རེ་གཉེིས་གཏིགས།
སྦྱོར་བ། ཨུག་ཆོས་དམར་པོའི་འབྲུ། ལ་ཕུག་སོགས་ལས་གྲུབ།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

   ༡༠༽ ཟངས་ཐལ་ཉེར་ལྔ།

༄༅། །བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་ཟངས་ཐལ་ཉེར་ལྔ་འདིས། གློ་ནད་སྤྱི་དང་ཁྱད་པར་དུ་གློ་གཅོང་། གློ་བའི་གཉན་ཚད། གློ་བ་ཆུ་བསགས་སོགས་ལ་ཕན།
བསྟེན་ཐབས།  རིལ་བུ་རེ་ཞལ་ལག་གྱི་ཚོུད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་ལམ་བ་ཡི་འོ་མ་དྲོན་མོས་མཆོད་རྒྱུ་ཡང་ན་སྨན་པའི་ལམ་སྟོན་ལྟར་བཞེས་དགོས། གསོལ་སྨན་འདི་སྨན་གཞན་བར་ཉུང་མཐར་ཚོུད་གཅིག་བར་མཚམས་བཞག་དགོས།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

ཞི་བྱེད་དྲུག་པ།

༄༅། །བོད་ཀྱི་གསོ་རིག་སྔོ་ཁྲོག་ལས་སྦྱོར་བཟོ་བྱས་པའི་ཞི་བྱེད་དྲུག་པའི་སྦྱོར་བ་འདིས། མ་ཞུ་ཕོ་སྦོས་གླང་ཐབས་དང་། ཐུར་སེལ་རྒྱུ་བ་ལོག་པ་དང་། བུ་དང་ཤ་མ་མ་ཐོན་དང་། བཤང་འགགས་སོགས་ལ་ཤིན་ཏུ་ཕན།
སྦྱོར་བ། མ་ནུ། སྒ་སྐྱ། ཅོང་ཞི། བུལ་ཏོག ལྕུམ་རྩ། ཨ་རུ་སོགས་ལས་གྲུབ་པ་ཡིན།
དོ་སྣང་། བུད་མེད་སྦྲུམ་མ་རྣམས་ནས་ངེས་པར་དུ་སྨན་པའི་ལམ་སྟོན་བཞིན་བསྟེན་དགོས།
བསྟེན་ཐབས། ཉིན་ལྟར་རིལ་བུ་གསུམ་ཐུན་ཞལ་ལག་གི་ཆུ་ཚོད་ཕྱེད་ཀའི་སྔོན་རྗེས་གང་རུང་ལ་ཆབ་ཁོལ་དྲོད་འཇམ་གྱི་བཞེད་པའམ་ཡང་ན་སྨན་པའི་ལམ་སྟོན་ལྟར་བཞེད་དགོས།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

སོ་སྣུམ་བདུན་པ། 

ཕན་ནུས། སོ་ཡི་ཟུག་གཟེར་དང་སོ་སྲིན་སོ་རླུང་ལ་སོགས་འཇོམས།
བསྟེན་ཚུལ། ཐེངས་རེར་སོ་སྐྱོན་ཅན་སྟེང་ཐིག་པ་རེ་གཉིས་གཏིགས། 
སྦྱོར་བ། ལི་ཤི བྱི་ཏང་ག ཕོ་བ་རི་སོགས་ལས་གྲུབ།
ཉར་ཚགས།  བསིལ་གྲིབ་དང་སྐམ་སར་འཇོག་དགོས།

 

 

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།