སྨན་རྩིས་དྲ་བ། - 2021-2022 རབ་གནས་ལྕཌ་གླང་ལོའི་ལོ་ཐོ།


                               རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་། ཕྱི་ལོ་ 2021-2022

དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།
སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།
ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།
ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།

ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ། གླང་ལོ་ཀུན་ལ་རང་སྐེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ། ལུག་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ། བྱ་སྦྲུལ་ཀུན་ལ་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་། འབྲུག་ཁྱི་ཀུན་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ། །ལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི་དག་དགུ་མིག་ཏུ། ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །བྱེ་བྲག་བྱིས་པར་གདུགས་དཀར་དང་།            

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། །ཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་ཆུ་སྦྲུལ་ལོ་གྲངས ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། ས་སྦྲུལ་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། ཤིང་སྦྲུལ་༥༧ དམ་སྲི་མི་ཁ་མནན། ལྕགས་སྦྲུལ ༢༡།༡༨ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། མེ་སྦྲུལ་ ༤༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་ལྕགས་ཕག ༥༡ རང་དུར་ཆུང་། མེ་ཕག ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པས་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ།། སླར། །མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག

                                                        དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

བརྩེ་ཆེན་ཟླ་མཛེས་རལ་པར་མཛེས་བརྒྱན་ཡང་། ཁྲོས་པའི་སྡང་མིག་མིག་གིས་བདུད་སྡེ་བསྲེགས། མི་སྨྲའི་བཏུལ་ཞུགས་བཞུགས་ཀྱང་ལྷས་མཆོད་མར། །གསང་ཚིག་གསང་བའི་མདུད་བརྒྱ་བཀྲོལ་དེར་བསྔགས། །ཕྲ་ཞིབ་གསལ་བའི་འབུམ་ཕྲག་གཟུགས་བརྙན་ཀུན། །འཆར་བཟོད་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རྒྱུད་རྒྱལ་དྲི་མེད་ཡངས་པའི་བཞིན་སྣོད་ངོས། །ཤར་བའི་དགུང་འདིའི་བདེ་དོག་འཆད་ལ་སྤྲོ།  །ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོགས་དང་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་སྡུག་བསྟན་ལ་ཐོག་མ་རུ། །དབུས་ཕྱོགས་བོད་ཟླ་གསུམ་པའི་གཅིག་ནས་བཟུང་། །ཉེར་དྲུག་དམར་པོ་རཱ་ཧུས་རྒྱལ་པོ་དང་། །ཡུལ་འབངས་འཐབ་རྩོད་འཁྲུག་པའི་ངོ་། །བཞི་པའི་གཅིག་ནས་སུམ་ཅུའི་བར་དུ་ནི། །ལྷག་སངས་ལྷན་གནས་རྒྱལ་པོ་བདེ་བར་བྱེད། ༈ ཤར་ཕྱོགས་བཞི་པའི་གཅིག་ནས་ལྔ་པ་ཡི། །སུམ་ཅུའི་བར་དུ་དམར་སངས་ལྷན་གནས་པས། །འཐབ་རྩོད་བདེ་སྡུག་འདྲེས་མར་སྤྱོད་པ་ཡིན། །ལྔ་པའི་ཉེར་ལྔ་ནས་བུང་བདུན་པ་ཡི། །བརྒྱད་བར་ཉི་ལྷག་སངས་གསུམ་ལྷན་སྤྱོད་པས། །ཆར་ཆུ་བཏང་སྙོམས་དུ་ནི་བབས་པར་བཤད། ། ༈ ཤར་ལྷོ་དྲུག་པའི་བརྒྱད་ནས་བདུན་པ་ཡི། །བཅོ་ལྔ་ཉི་ལྷག་དམར་སངས་ལྷན་གཅིག་ཏུ། །འཛོམས་པས་བདེ་དོག་བཏང་སྙོམས་ཚུལ་གནས་འགྱུར། །རིམ་བཞིན་བརྒྱད་པའི་བརྒྱད་ཀྱི་བར་དུ་ནི། །ཉི་དམར་ལྷན་གནས་ཐན་དང་འཐབ་རྩོད་ངོ། ༈ ལྷོ་ཕྱོགས་བརྒྱད་པའི་བརྒྱད་ནས་དགུ་པ་ནི། །ཕྱི་མའི་བརྒྱད་བར་ཉི་མིག་ལྷག་པ་གསུམ། །གནས་འགྱུར་ལོ་ཏོག་བཟང་ཡང་འཐབ་རྩོད་འབྱུང་། ། ༈ ལྷོ་ནུབ་དགུ་པ་ཕྱི་མའི་ཚེས་བརྒྱད་ནས། །འགོ་བཟུང་བཅུ་པའི་ལྔ་བར་ཉི་མ་དང་། །ལྷག་པ་དམར་པོ་་མཇུག་བཅས་འཛོམས་གྱུར་པས། །ཐན་པ་དང་ནི་འཐབ་རྩོད་ཆེ་བའི་ངོ་། ། ༈ ནུབ་ཕྱོགས་དགུ་པ་སྔ་མའི་ཉེར་ལྔ་ནས། །བཅུ་པའི་སྟོང་བར་ལྷག་སངས་ལྷན་སྤྱོད་པས། །རྒྱལ་པོ་ཡུལ་བཅས་བདེ་ཞིང་ལོ་ཏོག་བཟང་། །འོན་ཀྱང་བཅུ་གཅིག་ཚེས་ཤར་བས་བཟུང་སྟེ། །ཉི་མིག་སངས་མཉམ་འཛོམས་དེས་ཐན་པ་དང་། །འཐབ་རྩོད་དག་གི་ངོ་ཅུང་སྣང་བར་འགྱུར། ། ༈ནུབ་བྱང་ལོ་ནི་ཧྲིལ་པོར་སྤེན་པ་གནས། །ས་གཡོ་མུ་གེ་སོགས་ཀྱི་ངོ་ཆེ་ཡང་། །བཅུ་གཅིག་ཚེས་ཤར་ནས་བཟུང་དང་པོ་ཡི། །ཉ་བར་ལྷག་སངས་དུས་དེས་མཉམ་སྤྱོད་པས། །ལོ་ཅུང་ལེགས་ཤིང་བདེ་བའང་ཅུང་ཞིག་འཕེལ། །  བྱང་ཕྱོགས་ལོ་ཧྲིལ་ཕུར་བུས་རྒྱལ་པོ་དང་། །ཡུལ་བཅས་བདེ་བར་འཁོད་ཀྱང་དང་པོ་ཡི། །གཉིས་ནས་གཉིས་པའི་བཅུ་གཅིག་ཉི་ལྷག་སངས། །ལྷ་སྤྱོད་ལོ་ཏོག་ས་རུ་ཆར་དང་ནི་། །ཐན་པ་ལ་སོགས་འབྲས་བུ་འདྲེས་མར་སྤྱོད། །བྱང་ཤར་གསུམ་པའི་གཅིག་ནས་སུམ་བཅུའི་བར། །ལྷག་སངས་གནས་པས་ལོ་ལེགས་འོང་བ་ཡིན། །

                                                                                 གནམ་གཤིས་སྔོན་བརྡ།

དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ཆུ་ས་ཆུ་མེ་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཁ་ཆར་དང་ཐན་རེས་མོས་འོང་ཞིང་ཆར་རླུང་སྦྲགས་མའམ་ཁ་ཆར་འབྲིང་། ། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་འཐིབ་ཤས་ཆེ། །ཆར་རླུང་གངས་སོགས་སྦྲགས་མར་བབས་ངོ།

བོད་ཟླ་གཉིས་པ།

སྤྱིར་ཟླ་འདིར་གནམ་འཁོར་བ་མང་ཞིང་ཆར་གྱི་བབས་ཚད་འབྲིང་།

བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་ཆར་ཅུང་ཟད་བབས་ཀྱང་རླུང་གིས་གཏོར་ཉེན།

བོད་ཟླ་བཞི་པ།

སྤྱིར་ཟླ་འདིར་གནམ་དྭངས་ཤིང་དྲོད་རླུང་ལྡང་།

བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་ཆར་རླུང་སྦྲགས་མར་འོང་བ་མང་ཞིང་ཆར་གྱི་རྒྱུན་བཟང་།

བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་།

བོད་ཟླ་བདུན་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་ཞིང་ཟླ་སྨད་དྲོ་གྲང་འགྱུར་ལྡོག་ཆེ།

བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་ཆར་དཀོན་ཞིང་གནམ་དྭངས་པ་དང་། །རླུང་འཚུབ་ཀྱང་ལྡང་ངོ།

བོད་ཟླ་དགུ་པ་སྔ་མ།

སྤྱིར་ཟླ་འདིར་ཐན་ངོ་ཆེ་ཞིང་། ཟླ་སྨད་རླུང་འཚུབ་ལྷག་པར་ལྡང་ངོ་།

བོད་ཟླ་དགུ་པ་ཕྱི་མ།

སྤྱིར་ཟླ་འདིར་གནམ་འཁོར་ཆེ་ཞིང་རླུང་འཚུབ་ལྡང་།

བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་ཁ་ཆར་འབྲིང་ལ་མེ་སྐྱོན་ཆེ་བའི་ཉེན།

བོད་ཟླ་བཅུ་གཅིག་པ།

སྤྱིར་ཟླ་འདིར་ཁ་བའི་བབས་ཚད་འབྲིང་ལ་འཐིབ་དྭངས་རེས་མོས་འོང་།

བོད་ཟླ་བཅུ་གཉིས་པ།

སྤྱིར་ཟླ་འདིར་གནམ་འཐིབས་དྭངས་རེས་མོས་བྱེས་པས་བབས་ཚད་མི་སྙོམས་ཤིང་སབས་རེ་ཐན་ལ་སྐབས་རེ་གངས་ཆེ་བའི་ངོ་།

 

                                                                སརྦ་མངྒ་ལཾ།

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།