སྨན་རྩིས་དྲ་བ། - ཤེལ་གོང་དང་ཤེལ་ཕྲེང་།


དྲི་མེད་ཤེལ་གོང་།

                        མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

                        སྡེ་ཚན། ༡  རིན་པོ་ཆེ་སྨན་སྡེ་བཤད་པ།

                        སྡེ་ཚན། ༢  རྡོའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༣  སའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༤  རྩིའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༥  ཤིང་གི་སྨན་སྡེ་བཤད་པ།

                        སྡེ་ཚན། ༦  ལྡུམ་བུ་ཐང་སྨན་གྱི་སྡེ་བཤད་པ།

                        སྡེ་ཚན། ༧  སྔོའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༨  ལན་ཚྭའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༩  སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༠  ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༡  ཆུའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༢  མེའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༣  གདུས་པའི་སྨན་སྡེ་བཤད་པ།

 

 

དྲི་མེད་ཤེལ་ཕྲེང་།

                        མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

ས་བཅད་དང་པོ། ཀླད་དོན་སྤྱི་སྡོམ་བཤད་པར།

                        དང་པོ། གླེང་གཞི་ཁུངས་སྟོན་པ།

                        གཉིས་པ། གླེང་བསླང་བ་རྣམ་པར་དབྱེ་བ།

ས་བཅད་གཉིས་པ།

                        སྡེ་ཚན། ༡  རིན་པོ་ཆེ་སྨན་སྡེ་བཤད་པ།

                        སྡེ་ཚན། ༢  རྡོའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༣  སའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༤  རྩིའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༥  ཤིང་གི་སྨན་སྡེ་བཤད་པ།

                        སྡེ་ཚན། ༦  ལྡུམ་བུ་ཐང་སྨན་གྱི་སྡེ་བཤད་པ།

                        སྡེ་ཚན། ༧  སྔོའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༨  ལན་ཚྭའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༩  སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༠  ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༡  ཆུའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༢  མེའི་སྨན་སྡེ་བཤད་པ།

                        སྡེ་ཚན། ༡༣  གདུས་པའི་སྨན་སྡེ་བཤད་པ།

ས་བཅད་གསུམ་པ།

                        དགེ་བ་རྗེས་ཀྱི་དོན་བཤད་པ།

                        མཇུག་བྱང་།

 

 

༄༅། །དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།


བོད་གངས་ཅན་གྱི་ལྗོངས་སུ་གསོ་དཔྱད་མཁས་པའི་མཚན་སྙན་ཡོངས་སུ་གྲགས་པ་དེའུ་དམར་བསྟན་འཛིན་ཕུན་ཚོགས་དཔལ་བཟང་པོ་མཆོག་ནི་གོ་འཇོ་གསེར་ཁར་ཞེས་པར་ཡབ་བི་ཇིའི་རིགས་རྡོ་རྗེ་བཀྲ་ཤིས་དང་། ཡུམ་དཀར་པོ་བཟའ་ལྷ་དགའ་ཞེས་པ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་མོ་གླང་(ཕྱི་ལོ་༡༦༧༢)ལོར་སྐུ་བལྟམས།(མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་མཛད་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནང་ཤིང་སྦྲུལ་(ཕྱི་ལོ་༡༧༢༥)གསལ་ཡང་། ཁོང་གི་གསུང་རྩོམ་སྤྲུལ་པའི་སྨན་ཞིང་ལྟ་ན་སྡུག་གི་གསོལ་འདེབས་མཇུག་བྱང་དུ། རང་ལོ་བཅུ་གཉིས་ཤིང་བྱི་ཞེས་བཀོད་འདུག་པས་དེ་ནས་ཡར་དེད་ཆུ་མོ་གླང་ཡིན་པ་གསལ་ལ། ཡང་པུ་རི་སྐྲ་བཅིང་གི་སྔགས་ཆོག་དུག་འཇོམས་རྨ་བྱའི་རྒྱལ་པོ་ཞེས་པའི་མཇུག་བྱང་དུའང་རབ་བྱུང་བཅུ་གཉིས་པའི་མེ་ལུག་(ཕྱི་ལོ་༡༧༢༧)ཟླ་བ་བཅུ་པའི་ཡར་ཚེས་ཞེས་བཀོད་འདུག་པར་གཞིགས་ན་དགུང་གྲངས་ང་ལྔ་བཞེས་པ་མེ་ལུག་ཡིན་ངེས་པས། དེའི་ཕྱིར་རབ་བྱུང་བཅུ་གཅིག་པའི་ཉག་མ་ཞེ་བརྒྱད་པ་ཆུ་གླང་ཡིན་པ་རྟོགས་ཐུབ་པས་དེ་ལྟར་བཀོད།)

དེའུ་དམར་ཞེས་པ་ནི་གྲོང་ཚོའི་འགྲམ་ལ་རི་དེའུ་དམར་པོ་ཞིག་ཡོད་པའི་ཉེ་ལོགས་སུ་མཚམས་ཁང་བརྒྱབ་ནས་བཞུགས་པས་མཚན་དེ་ལྟར་བྱུང་། སྐུ་ན་ཆུང་ངུའི་དུས་ནས་ཡབ་དང་ཁུ་བོ་ལས་ཡི་གེ་དང་སྨན་བསླབས། ཁམས་པ་སྒར་དུ་བླ་མ་ཀུན་དགའ་བསྟན་འཛིན་རིན་པོ་ཆེ་ལས་རབ་བྱུང་བཞེས། བླ་མ་ཀུན་དགའ་བསྟན་འཛིན་རིན་པོ་ཆེ་དང་ཀརྨ་བསྟན་འཕེལ་གཉིས་ཀྱི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་ཇི་སྙེད་དང་། ལྷག་པར་གསོ་དཔྱད་དང་སྐར་རྩིས་གཉིས་ལ་སྦྱངས་བརྩོན་མཐའ་འཁྱོལ་གནང་། སློབ་གཉེར་ཆེད་དབུས་སུ་ཕེབས་ནས་སེ་རར་ཆོས་ཞུགས་ཀྱིས་བཀའ་པོད་ལྔ་ལ་སྦྱངས་པ་མཛད་པས་མཁས་པར་གྱུར། དེ་ནས་མཚུར་ཕུར་ཀརྨ་པའི་དགོན་པར་བྱོན་ཏེ། དཀར་རྩིས་དང་། སྒྲ་དང་སྡེབ་སྦྱོར། ཚེའི་རིག་པ་སོགས་ཀྱི་གཞུང་ལ་སྦྱངས་པ་མཛད་ནས་ཕྱིར་ཁམས་སུ་ལོག་སྟེ། སྨན་རྩིས་གཙོས་པའི་མདོ་སྔགས་རིག་གནས་སོགས་ཀྱི་ཟབ་ཁྲིད་གནང་ནས་སློབ་མ་མཐའ་ཡས་པ་བསྐྱངས་ཤིང་། གསོ་དཔྱད་བསྟན་པའི་སྒྲོན་མེ་སྦར་བར་མཛད་དེ་གཞན་གྱིས་གསོ་མི་ནུས་པའི་ནད་པ་མང་པོ་སོས་པར་མཛད་ནས་མཚན་སྙན་ཕྱོགས་མཐར་གྲགས་པས། རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་རྒྱ་དཔོན་ཆེན་པོ་ཞིག་ལ་ནད་དྲག་པོས་བཏབས་ནས་སྨན་པ་ཕལ་གྱིས་གསོ་མ་ནུས་པར་དེའུ་དམར་སྨན་པ་ལ་ཞུས་པས་གསོ་བ་སྦྱར་ནས་ནད་སེལ་བར་མཛད། རྒྱ་དཔོན་དེས་རྒྱ་ནག་གོང་མར་སྙན་ཞུ་ཕུལ་ནས་ཆེས་མཐོའི་གོ་དབང་སྟེར་རྒྱུ་བྱས་པར་དེའུ་དམར་པས་ང་དགེ་སློང་ཞིག་ལ་དེས་མཁོ་བ་མེད། དེ་བས་རྒྱ་ཡུལ་དུ་སྨན་རྫས་རིག་པར་དབྱེ་འབྱེད་བྱེད་པ་མཁོ་གསུངས་པ་ལྟར། རྒྱ་དཔོན་དེས་གྲོགས་ཕན་ཞུས་ནས་རྒྱ་ནག་རི་བོ་རྩེ་ལྔ་སོགས་རྒྱ་ཡུལ་མང་པོར་བྱོན་ནས་བོད་སྨན་ལ་མཁོ་བའི་སྨན་རྫས་རྣམས་ཀྱི་ངོས་འཛིན་དང་ལས་སྣོན་བྱེད་ཚུལ་ཞིབ་ཕྲ་གཟིགས་པ་དང་། བཟོ་རིག་པའི་གནས་ལའང་བལྟ་སྐོར་བྱས་ནས་ལག་ལེན་མི་ཉུང་བ་གྲུབ་པར་བྱས་སྟབས་ཁོང་གིས་བཟོས་པའི་དཀར་ཡོལ་དང་། ལི་བཟོས་སྦྱོར་བའི་སངས་རྒྱས་སྟོང་སྐུར་གསེར་འགྱུར་བྱུག་པ་སོགས་བཟོ་རིག་སྣ་ཚོགས་མཛད་པ་ལས་ད་ལྟའང་དཀར་ཡོལ་དང་། གསེར་སྐུ་བརྒྱ་སྐོར་ཁམས་སྒར་ཆོས་གླིང་དུ་བཞུགས་པ་མཇལ་རྒྱུ་ཡོད་པར་གྲགས།

ཁོང་དགུང་གྲངས་ཞེ་གསུམ་བཞེས་པ་ཤིང་ལུག་ལོར་རྒྱ་ནག་གླང་ཆེན་འགྱིང་རིར་བྱོན་སྐབས་ལྟ་ན་སྡུག་གི་ཞིང་བཀོད་གསུངས་པའང་དེའི་མཛད་བྱང་དུ་གསལ། བླ་མ་ངག་དབང་ཀུན་དགའ་བསྟན་འཛིན་རིན་པོ་ཆེ་དགོངས་པ་རྫོགས་རྗེས། ཁོང་གི་དགོངས་རྫོགས་ལ་དམིགས་ནས་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་རྡོ་རྗེ་གདན་དུ་བླ་མའི་གདུང་མཆོད་རྒྱ་ཆེན་པོ་བྱས། འཕགས་ཡུལ་གྱི་སྨན་རིག་ལ་ཞིབ་ཕྲའི་གཟིགས་རྟོགས་གནང་ནས་ལྗགས་རྩོམ་གྱི་ཆ་རྐྱེན་བཟོས། སྐབས་དེའི་རྒྱ་གར་རྒྱལ་པོས་ཀྱང་གཟིགས་པ་ཆེ། དེ་ནས་བོད་དབུས་སུ་བྱོན་ཞིང་ལྕགས་རི་རིག་བྱེད་གླིང་དུ་སྨན་རྫས་མང་པོའི་ངོས་འཛིན་གྱི་ཐད་སྔར་གཟིགས་ཞིབ་གནང་བའི་མྱོང་ཚོར་སྤེལ་ནས་གསུང་གླེང་མཛད། སྐབས་དེར་སྟོད་ལུང་ལྡིང་ཁའི་ཆོས་གྲྭར་བཞུགས་དུས་ལྷོག་པའི་དམར་ཁྲིད་ཆེན་མོ་གསུང་རྩོམ་གནང་བ་དང་། བྱང་གི་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་དོ་བོ་ཆེའི་གནས་སུ་བཞུགས་དུས་འཚོ་བྱེད་ཚུལ་ཁྲིམས་རྡོ་རྗེས་རྩོམ་ཞུ་བསྐུལ་བར་སྨན་གཏོང་ཚུལ་གྱི་སྐོར་གླེང་བ་ཞེས་པའི་གསུང་རྩོམ་མཛད། དེ་ནས་མདོ་ཁམས་ཕྱོགས་སུའང་ཆབ་མདོ་བྱམས་པ་ཆོས་གླིང་དུ་བཞུགས་སྐབས། ལུས་གནད་གསལ་བའི་སྟོང་ཐུང་རྩོམ་གནང་མཛད་པ་དང་། རྒྱལ་བ་ཀརྨ་པའི་གདན་སར་རོ་དྲུག་སྨན་གྱི་སྡེབ་སྦྱོར་གསལ་བར་འགྲེལ་བ་དྲང་སྲོང་ཞལ་ལུང་བ་ཀུ་ལའི་འདབ་ཕྲེང་དང་ཁམས་རི་བོ་ཆེར་བཞུགས་དུས་སྨན་བཅོས་བདུད་རྩིའི་ཕྲེང་བ། ནང་ཆེན་རྒྱལ་པོའི་ཕོ་བྲང་སྒར་ཆེན་འཁྱིལ་ཀེ་བཀྲ་ཤིས་འཁྱིལ་བར་བཞུགས་སྐབས་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་རིང་གིས་ཞུས་ནས་དུག་བཅོས་ཀྱི་སྐོར་དང་། རིན་ཆེན་རིལ་བུ་བསྟེན་ཐབས་སོགས་དུ་མ་ཞིག་དང་། སྡེ་དགེ་རྒྱལ་པོའི་བུ་རིན་པོ་ཆེས་ཞུས་ནས་གསང་སྨན་སྐོར་དང་། གློ་གསོའི་སྐོར་རྣམས་དངུལ་མདའི་ཕོ་བྲང་ཆེན་པོར་གསུངས་པ་སོགས་དང་།

ཤེལ་ཕྲེང་མཛད་པའི་གནས་པའི་གནས་ཨ་ཁྱ་ཤ་པ་ཏི་ནི་གོ་འཇོ་རྫོང་དང་འདབ་འབྲེལ་བའི་འཇོ་མདའ་རྫོང་གི་ས་ཉ་ཤིས་སུ་ཨ་ཁྱ་རི་ཁྲོད་ཡོད་པ་དེ་ཡིན་ལ་སྐབས་དེར་དགུང་གྲངས་ང་ལྔ་མེ་ལུག་ལོ་ཡིན། ཡང་ཉག་བཤེས་སྐུ་འབུམ་ཕུན་ཚོགས་བདེ་ཆེན་དུ་བྱང་ཁོག་ཡུལ་ཐིག་གསུངས་པར་གསལ་བ་སོགས་མཛད་བྱང་ལས་ཐོན་པ་རྣམས་ཀུན་གྱིས་ཤེས་གསལ་ཡིན་ལ། རྗེ་ཉིད་ཀྱི་བཞུགས་གནས་གཙོ་བོ་ནི་གོ་འཇོ་གསེར་ཁའི་དེའུ་དམར་ཟབ་རྒྱས་ཆོས་གླིང་ཡིན་པ་དང་། གསུང་རྩོམ་མང་ཆེ་བའང་དེ་ནས་མཛད་པར་ངེས། ཁོང་གིས་གསོ་བ་རིག་པའི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་པའི་འོད་ཟེར་གྱི་སྣང་བས་སྐྱེ་འགྲོའི་ནད་ཀྱི་མུན་པའི་ཟུག་རྔུ་མཐར་བསྐྲད་དེ་བདེ་སྐྱིད་ཀྱི་དགེ་མཚན་རྣམ་པར་བཞད་པའི་མོད་ལ་རྗེ་དེའི་མཚན་སྙན་རབ་ཏུ་རྒྱས་པ་ན། ལྷ་རོང་རྒྱལ་པོའི་ཡིད་ལ་ཁོ་བའི་སྲིད་དབང་ལའང་མཐར་གནོད་པར་འགྱུར་སྙམ་པའི་ཕྲག་དོག་མི་བཟོད་པ་སྐྱེ་ནས་སྡང་ཤུགས་དྲག་པོས་ཁོང་གི་བརྩམས་ཆོས་པོ་ཏི་བཅུ་ཕྲག་འགའ་ཡོད་པ་ལས་འགའ་ཤས་མེ་ལ་བསྲེགས་པ་དང་། འགའ་ཤས་ཆུ་ལ་བསྐྱུར་བ་སོགས་བྱ་ངན་སྣ་ཚོགས་རྐྱེན་པས་ཁོང་ཡུལ་དེ་ནས་ཞལ་གྱེས་དགོས་བྱུང་སྟེ་རྒྱ་ནག་ཡུན་ནན་དུ་སྐུ་ཚེ་མཐའ་འཁྱོལ་བའི་མཛད་པ་གནང་བ་སོགས་ཞིབ་གནས་རྗེ་རང་གི་རྣམ་ཐར་དུ་གསལ།

དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ནས་སྐུ་ངལ་དང་བར་ཆད་ལ་ཇི་མི་སྙམ་པར་སྐུ་ཚེ་གཅིག་རིང་བོད་ཀྱི་གསོ་རིག་སྤྱི་དང་། ལྷག་པར་སྨན་རྫས་རིག་པའི་ཐད་ལ་བརྩོན་ཞིབ་གནང་བའི་མཛད་རྗེས་དང་གྲུབ་འབྲས་ནི་སུས་ཀྱང་འགྲན་ཟླ་མེད་པ་ཡོངས་གྲགས་ལྟར་དང་། ད་ལྟ་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་གཅེས་བསྡུས་རིན་ཆེན་ཕྲེང་བ་ཞེས་པའི་ནང་གང་ཉིད་ཀྱི་གསུང་རྩོམ་དྲུག་ཅུ་རྩ་གྲངས་ཕྱོགས་བསྡུས་གནང་འདུག་པར་མ་ཟད། གཞན་ཡང་དེར་མ་འདུས་པའི་དེའུ་དམར་བ་ཉིད་ཀྱི་གསུང་རྩོམ་གྲས་ལས་དཔེ་མིང་གཞན་དུ་གསལ་བའི་སྐོར་ནི། དཔལ་ལྡན་རྒྱུད་བཞིའི་མཆན་འགྲེལ། བཟོ་གནས་ཉེར་མཁོའི་བུམ་ཆེན་དང་བུམ་ཆུང་། རོ་རྐྱང་པ་དང་ལྡན་འདུས་ཚོགས་པ་སོགས་ནང་ཚན་དབྱེ་བ་བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་ང་དྲུག་གི་རྡེལ་འགྲེམས་བྱ་ཚུལ། སྙན་བརྒྱུད་ཟིན་བྲིས་ལྷན་ཐབས་བཅུད་ལེན། དུས་ཀྱི་འཁོར་ལོའི་རབ་བྱེད་དགུ་པའི་ལྡེ་མིག གཤིན་རྩིས་མེ་ལརྣམ་དགུ། རེའུ་མིག་དམར་ནག་འཁོར་མ་བཅས་དཀར་ནག་གི་རྩིས་སོགས་ཡོད་དོ།།

མདོར་ན། རྗེ་ཉིད་ཀྱིས་སྨན་དཔྱད་ཡར་རྒྱས་ཀྱི་ཆེད་དུ་སྐུ་ཚེ་གང་བོར་བོད་ཡུལ་མདོ་དབུས་ཁམས་གསུམ་དང་ རྒྱ་དཀར་ནག་བཅས་པའི་ཡུལ་གྲུ་མང་པོར་ཞབས་ཀྱིས་བཅགས་ནས་སྐུ་ངལ་ཁྱད་དུ་བསལ་ཏེ་སྨན་རྗས་འཚོལ་ཞིབ་དང་། ནད་པར་གཟིགས་སྐྱོང་གནང་བ་བརྒྱུད་ནས་གསོ་རིག་གི་སྐོར་ལྗགས་རྩོམ་མ་ཚང་བ་མེད་པ་ལྟ་བུ་མཛད་རྗེས་རླབས་པོ་ཆེ་གཞན་དྲིང་མི་འཇོག་པའི་སྤོབས་པ་མངའ་བ་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའི་ཤེས་ལྡན་པ་སྤྱི་དང་། བོད་ཀྱི་གསོ་དཔྱད་རིག་པར་དགའ་ཞེན་ཅན་ཀུན་ལ་ལྐོག་ཏུ་མ་གྱུར་ཅིང་། ཕྱི་རབས་གསོ་རིག་འཛིན་པའི་སྨན་པ་ཀུན་གྱིས་ནམ་ཡང་བརྗེད་དུ་མི་བཏུབ་པའི་གཡུང་དྲུང་མི་ཤིགས་པའི་རྡོ་རྗེའི་ངོ་བོར་གནས་རྒྱུར་གོར་མ་ཆག །

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བཤད་པ།

སྔོ་སྨན་ངོས་འཛིན་གཡུ་ཐོག་དགོངས་རྒྱན།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་ལྔ་པ་ལེགས་གྲུབ།

ལུས་སེམས་འཕྲོད་བསྟེན་ཟུང་འབྲེལ་སྐོར།

ངོ་མཚར་རྩ་བདུན་བརྟག་པའི་ཚུལ།

གསར་འགོད་གསལ་བསྒྲགས།

གཞིའི་སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ།

ཆགས་པའི་རྩའི་སྐོར་གྱི་བཞེད་ཚུལ།

ཨ་རིར་རིག་གཞུང་གོ་རྟོགས་ཆེད་བསྐྱོད་རྒྱུ།

དཔོན་ཚང་ཡེ་ཤེས།

དཀོན་མཆོག་འགྲོ་ཕན་དབང་པོ།

འབྲི་གུང་ཆོས་གྲགས།

གཙང་སྨན་ཡེ་ཤེས་བཟང་པོ།

བླ་སྨན་ཆེན་པོ་ཐབས་མཁས་པ།

འཆི་རིམ་དང་ཐུགས་དམ་སྐོར།