སྨན་རྩིས་དྲ་བ། - 2022-2023 རབ་གནས་ཆུ་སྟག་ལོའི་ལོ་ཐོ།


 རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག   ཕྱི་ལོ་ 2022-2023

༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།

སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།

ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།

ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

ལོ་འདིའི་ཀེག་རྩིས་ནང་གསལ་བའི།། དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས།། ཟུར་འདོན་ཞུས་པ་འདི་ལྟར་ཏེ།། སྟག་ལོ་ཀུན་ལ་རང་ཀེག་ཤར།། ནད་པའི་མདུན་བསྐྱོད་མཁར་ལས་སྤོངས།། ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་།། འབུམ་དང་གདུགས་དཀར་ཏོག་གཟུངས་འདོན།། ཀེག་བཟློག་ལ་སོགས་བཟློག་རིམ་བྱ།། སྤྲེལ་ལོ་ཀུན་ལ་བདུན་ཟུར་རྩུབ།། སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་།། ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན།། ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ།། རྟ་ཁྱི་ཀུན་ལ་མཐུན་གསུམ་རྩུབ།། དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་།། ཕག་སྦྲུལ་ཀུན་ལ་བཞི་གཤེད་དམ།། ལོ་སྐར་ཆེ་ཆུང་ལ་བབས་པས།། ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ།། ཚོང་དང་བྱེས་སུ་འགྲོ་བ་སྤོངས།། སྨན་མདོ་དང་ནི་སྨན་བླ་ཡི།། ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན།། འཆི་ངེས་སྲོག་བསླུ་དག་ཀྱང་བྱ།། ལོག་མེན་ཕོ་ཁྱི་མོ་འབྲུག་ལ།། གནམ་སྒོ་བབས་པས་ཐོག་མི་འབུབ།། ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན།། སྐྱེས་པ་ཕག་དང་བུད་མེད་སྦྲུལ།། ས་སྒོ་ལ་བབས་ས་ལས་སྤོངས།། ས་སྙིང་མཚན་བརྒྱ་རྨ་བྱ་ཆེ།། འདོན་ཞིང་བབས་སྤར་ཕོ་ལི་དང་།། བུད་མེད་ཁམ་སྟེང་བབས་པ་རྣམས།། མཁར་ལས་རོ་བག་ཐབ་གཞོབ་འཛེམས།། བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི།། དཀར་གསུམ་བོན་དང་རྒན་བྱིས་རྩུབ།། ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ།། གཉིས་ནག་ཀུན་དང་སྐྱེས་དར་གནད།། ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་།། ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་།། བཞི་ལྗང་བུད་མེད་ཀུན་ལ་ངན།། གདུགས་དཀར་ལོ་གྲངས་འདོན་པར་བྱ།། ལྔ་སེར་བནྡེ་རྣམས་ལ་ངན།། མཚན་བརྗོད་འདོན་ཞིང་དམར་གཉིས་ལ།། རྒན་དང་བྱིས་པར་ངན་པས་ན།། ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན།། ལོ་གྲངས་འདི་དག་དགུ་མིག་ཏུ།།

  ༡

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

 

ཚུད་པས་སྤྱི་བཅོས་གཞུང་ལྟར་ལ།། བྱེ་བྲག་བྱིས་པར་གདུགས་དཀར་དང་།། བུད་མེད་རྣམས་ལ་སྒྲོལ་བསྟོད་དང་།། སྐྱེས་པ་དར་མར་རྣམ་རྒྱལ་མའི།། གཟུངས་དང་རྒན་པོར་བརྒྱད་སྟོང་པ།། རྒན་མོར་བགྲེས་ཞུས་མི་དཔོན་ལ།། རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས།། བློ་གྲོས་བཟང་མོས་ཞུས་མདོ་དང་།། འཇམ་དཔལ་མཚན་བརྗོད་བཅས་པ་འདོན།། ཕོ་མོ་ཁྱད་མེད་དུར་མིག་ཏུ།། ཚུད་པ་ཤིང་རྟ་ལོ་གྲངས་ ༩།༦༩ ཡིས།། དགྲ་བཟློག་དུར་སྲིའི་མནན་པ་བྱ།། ལྕགས་རྟ་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ།། བསྙེན་བཀུར་གཏོ་གླུད་གཏོང་བ་དང་།། མེ་རྟ་ ༥༧།༡༡༧ དམ་སྲི་མི་ཁ་མནན།། ཆུ་རྟ་ ༢༡།༨༡ རང་དུར་ཆེ་ལ་བབས།། བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ།། ས་རྟ་ ༤༥།༡༠༥ གཤེད་དུར་ཆེར་བབས་པས།། གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་།། གཞན་ཡང་ཆུ་བྱི་ ༥༡།༡༡༡ རང་དུར་ཆུང་།། ས་བྱི་ ༡༥།༧༥ གཤེད་དུར་ཆུང་བབས་པས།། རྟེན་ལ་མཆོད་འབུལ་ངན་སྤྲང་ལ།། སྦྱིན་དང་སྲོག་བསླུ་བཅས་པར་བརྩོན།། དེ་བཞིན་དུར་ཚུད་གཞན་རྣམས་དང་།། ངན་ཀེག་བབས་རིགས་ཐམས་ཅད་ཀྱིས།། རང་རང་འཁོས་བསྟུན་རྣམ་དཀར་ལ།། འབད་པ་ཤིན་ཏུ་གལ་ཆེའོ།། སླར་སྨོན་པ། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར།། མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར།། མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས།། མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།


དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

ཟླ་ཚེས་སྤྱི་བོའི་རྒྱན་འཛིན་མིག་གསུམ་པ།། དྲག་པོར་གྲགས་ཀྱང་ཞི་བའི་ཐུགས་རྗེ་ཅན།། བཅོམ་ལྡན་ཐལ་བའི་དབང་དང་རི་་སྐྱེས་མས།། ཤིས་པའི་དངོས་པོ་དེང་འདིར་བདག་ལ་སྩོལ།། འཇིག་རྟེན་བདེ་སྡུག་སྤྱི་མཐུན་ལས་སྣང་ཡང་།། ལྐོག་གྱུར་གནད་དེ་གསལ་བར་མཐོང་བའི་ཕྱིར།། ལྷ་ཆེན་གསུང་གི་ལམ་བཟང་ལ་བརྟེན་ནས།། དེང་འདིར་ལུང་བཟང་སྨྲ་ལ་མགྲིན་མདུད་གྲོལ།། ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན།། ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ།། དབུས་སུ་བཟུང་ནས་ཕྱོགས་དང་ཕྱོགས་མཚམས་ཀྱི།། རྒྱལ་ཁམས་བདེ་སྡུག་བསྟན་ལ་ཐོག་མ་རུ།། ༈ དབུས་ཕྱོགས་གསུམ་པའི་ཉེར་གསུམ་ནས།། ལྔ་པའི་ལྔ་བར་ཉི་མས་ཐན་པ་དང་།། དྲུག་པའི་སྟོང་ནས་ལོ་མཇུག་དམར་པོ་ཡིས།། ནད་དང་འཐབ་རྩོད་མེ་སྐྱོན་ཉེན་དུ་བཤད།། ༈ ཤར་ཕྱོགས་ལྔ་པའི་བཅུ་གཉིས་ནས་བཟུང་སྟེ།། དྲུག་པའི་བཞི་བར་ཉི་ལྷག་མཉམ་སྤྱོད་ཅིང་།། ལོ་ཏོག་བཟང་ཞིང་ཆར་ཆུ་སྙོམས་པ་འོང་།། དྲུག་པའི་གཉིས་ནས་བདུན་པའི་ཚེས་བཞི་བར།། པ་སངས་སྤྱོད་པས་རྒྱལ་པོ་ཡུལ་འཁོར་བདེ།། ༈ ཤར་ལྷོར་བདུན་པའི་ཉེར་བརྒྱད་ནས་བཟུང་སྟེ།། བརྒྱད་པའི་གཅིག་བར་ཉི་སྤེན་པ་སངས་གསུམ།། ལྷན་འཛོམས་བདེ་སྡུག་སྤེལ་མར་འབྱུང་བ་ཡིན།། ༈ ལྷོ་ཕྱོགས་དང་ནི་ནུབ་ཕྱོགས་ཡུལ་གཉིས་ལ།། ལོ་ཧྲིལ་བདེ་སྐྱིད་མངའ་ཐང་རྒྱས་པ་འབྱུང་།། ༈ ལྷོ་ནུབ་ལོ་ཧྲིལ་ཀེ་ཏུས་འཐབ་རྩོད་འབྱུང་།། ༈ ནུབ་བྱང་ལོ་ཧྲིལ་སྤེན་པས་མུ་གེའི་ངོ་།། ༈ བྱང་ཕྱོགས་བཞི་པའི་ཚེས་ཤར་ནས་བརྩམ་སྟེ།། སྟོང་བར་དམར་པོས་འཁྲུག་རྩོད་འཇིགས་པ་དང་།། དགུ་པའི་ཟླ་མཇུག་ནས་བཟུང་བཅུ་གཅིག་གི། ཉ་བར་ཕུར་བུས་ཆོས་སྤྱོད་བྱ་བ་འཕེལ།། ༈ བྱང་ཤར་་ཧུས་འཐབ་རྩོད་ངོ་ཤར་ཡང་།། བཞི་པའི་ཚེས་ཤར་ནས་བཟུང་དགུ་པ་ཡི།། ཟླ་དཀྱིལ་དེ་བཞིན་བཅུ་གཅིག་ཟླ་སྨད་ནས།། ལོ་རྫོགས་བར་དུ་ཕུར་བུས་ཆོས་སྤྱོད་འཕེལ།།

 

གནམ་གཤིས་སྔོན་བརྡ།

༄༅། །དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ལོ་སྟོད་ས་ཆུ་མེ་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས་ཁ་ཆར་དང་ཐན་པ་རེས་མོས་འོང་ཤིང་ཆར་ཆུ་འབྲིང་། ལོ་སྨད་ཆུ་རླུང་གཉིས་ལ་སྤྱོད་པ་ཤས་ཆེ་བས་ཆར་རླུང་སྦྲགས་མའམ་ཁ་ཆར་ཅུང་ཞིག་བཟང་། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་འཐིབ་ཤས་ཆེ། གངས་ཆར་རླུང་འཚུབ་སོགས་དཀོན།

བོད་ཟླ་གཉིས་པ།

སྤྱིར་ཟླ་འདིར་གནམ་འཁོར་བ་མང་ཞིང་ཁ་ཆར་གྱི་བབས་ཚད་འབྲིང་།

བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་གནམ་དྭངས་ཤིང་དྲོད་རླུང་ལྡང་ངོ་།།

བོད་ཟླ་བཞི་པ།

སྤྱིར་ཟླ་འདིར་གནམ་དྭངས་ཤིང་ཚ་དྲོད་ཆེ།

བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་ཆར་རླུང་སྦྲགས་མར་འོང་བ་མང་ཞིང་ཆར་གྱི་རྒྱུན་བཟང་།

བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་བ་ཡིན།

བོད་ཟླ་བདུན་པ།

སྤྱིར་ཟླ་སྟོད་ཆར་རྒྱུན་བཟང་ཞིང་། ཟླ་སྨད་དྲོ་གྲང་འགྱུར་ལྡོག་ཆེ།

བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་ཆར་དཀོན་ཞིང་གནམ་དྭངས་བ་དང་རླུང་འཚུབ་ཀྱང་ལྡང་ངོ་།།

བོད་ཟླ་དགུ་པ།

སྤྱིར་ཟླ་འདིར་ཐན་ངོ་ཆེ་ཞིང་རླུང་འཚུབ་ལྷག་པར་ལྡང་ངོ་།།

བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་གངས་ཆར་འབྲིང་ལ་འཐིབས་དྭངས་རེས་མོས་བྱེད།

བོད་ཟླ་བཅུ་གཅིག་པ།

སྤྱིར་ཟླ་འདིར་ཁ་བའི་བབས་ཚད་བཟང་ཞིང་སྐབས་རེ་རླུང་གིས་གཏོར་བར་བྱེད།

བོད་ཟླ་བཅུ་གཉིས་པ།

སྤྱིར་ཟླ་འདིར་གནམ་འཐིབ་དྭངས་རེས་མོས་བྱེད་ཅིང་བབས་ཚད་མི་སྙོམས་པས་སྐབས་རེ་ཁ་ཆར་དང་རླུང་སྦྲགས་མ་མང་བའི་ངོ་།།

 སརྦ་མངྒལཾ།།

 

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།