སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།


༄༅། །གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

 ༡

 འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བ།

 ༢༥

 སྐྲན་སྨན་གྱིས་བཤིག་པ།

 ༢

 བྱང་ཁོག་ཆོས་ཀྱི་འཁོར་ལོ།

 ༢༦

 གློ་བ་ལས་རྣག་སྐྱུགས་པའི་སྨན་སྦྱོར།

 ༣

 ཚད་པ་བཅོས་པའི་གདམས་ངག་སྡུག་བསྔལ་ཞི་བྱེད།

 ༢༧

 རིམས་ནད་བསྲུང་བའི་གདམས་པ།

 ༤

 ཚད་པ་གསོ་བའི་གདམས་ངག་བདུད་རྩི་ཡང་ཐིགས། 

 ༢༨

 བདུད་རྩི་ཡང་ཐིགས་ཀྱི་གདམས་ངག

 ༥

 མཁྲིས་པ་སྒོས་བཅོས།

 ༢༩

 རྒྱའི་ལུམས་བཅོས་ཀྱི་མན་ངག

 ༦

 མཁལ་མ་སྒོས་བཅོས་ཀྱི་མན་ངག

 ༣༠

 མགོ་བོའི་ལུམས་བཅོས་ཀྱི་མན་ངག

 ༧

 གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན།

 ༣༡

 དམུ་ཆུ་འཕྲུལ་གྱི་འཛག་སྐེམས།

 ༨

 མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ།

 ༣༢

 ཤ་དུག་གི་སྔགས།

 ༩

 བཤལ་གྱི་གདམས་ངག་རིན་པོ་ཆེའི་ཆུ་རྒྱུན།

 ༣༣

 ཅོང་ཞིའི་གདམས་པ།

 ༡༠

 སྟོད་སྐྱུགས་འདྲེན་པའི་ལྕགས་ཀྱུ།

 ༣༤

 ནད་འཁྲུ་བའི་གདམས་པ།

 ༡༡

 ནི་རུ་ཧ་འདྲེན་པའི་འཁོར་ལོ།

 ༣༥

 བྱང་ཁོག་རིན་པོ་ཆེའི་རྣག་སྐེམས་ཀྱི་སྦྱོར་བ།

 ༡༢

 སྣ་བཤལ་འགུགས་པའི་ཕོ་ཉ།

 ༣༦

 བྱིས་པའི་མཆིན་ནད་བཅོས་པའི་ཐབས།

 ༡༣

 འཇམ་རྩི་བདུད་རྩི་འཕེལ་བྱེད།

 ༣༧

 ཕོ་ལོག་བཅོས་ཐབས།

 ༡༤

 རྩ་ལྟོ་སྦྲགས་མའི་བཤལ་གྱི་མན་ངག

 ༣༨

 ཁྲག་ཆོད་ཆེན་པོའི་གདམས་ངག

 ༡༥

 འཐོར་དཔྱད་རྒྱལ་པོའི་དཀོར་མཛོད།

 ༣༩

 བྱིས་རིམས་བསྲུང་བའི་གདམས་ངག

 ༡༦

 དུག་གསོ་བྱེད་བདུད་རྩི་འཕེལ་བྱེད།

 ༤༠

 གཉན་ནད་ཀྱི་ཁཎྜའི་སྦྱོར་བ།

 ༡༧

 ཤ་དུག་གསོ་བའི་གདམས་ངག་ཧ་ལ་འཇོམས་བྱེད།

 ༤༡

 མི་བཟད་གཉན་ནད་སྐྲངས་པའི་གཉེན་པོ།

 ༡༨

 སྐྲན་ཞི་བར་བྱེད་པའི་གདམས་པ།

 ༤༢

 གཟེར་བཅོས་པའི་མན་ངག

 ༡༩

 གག་ལྷོག་གསོ་བའི་གདམས་ངག་གཉན་ནད་འཇོམས་པའི་ཧ་ལ།

 ༤༣

 མཆུའི་བད་ཀན་བཅོས་པའི་གཉེན་པོ།

 ༢༠

 གཉན་ནད་རིགས་དགུ་བཅོས་པ།

 ༤༤

 རྨ་གསོ་བའི་གདམས་པ།

 ༢༡

 སེར་པོ་རྟ་འདོད་སྦྱོར་བ།

 ༤༥

 ཁྲག་གཅོད་རྒྱལ་པོའི་སྨན།

 ༢༢

 ལྦ་བ་ཡུལ་འདོན་གདམས་པ།

 ༤༦

 རྒྱ་ནད་ཚ་འཁྲུ་རྒྱུ་གཟེར་བཅོས་ཐབས།

 ༢༣

 ཆུ་སེར་གྱི་ཀོར་ལེའི་ཁྲུས།

 ༤༧

 མགོ་དཔྱད་པདྨ་དྲི་མེད།

 ༢༤

 སྐྲངས་འཇོམས་མཆོག་ཏུ་གྱུར་བའི་གདམས་པ།

 

 


                                          གཞུང་འདིའི་རྩོམ་པ་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ལོ་རྒྱུས་སྙིང་བསྡུས།

རྗེ་བཙུན་གྲགས་པ་རྒྱལ་མཚན་ཞེས་པ་ནི། རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ་ ༡༡༤༧ ལོར་འཁྲུངས་པ་དང་། ས་ཆེན་ཀུན་དགའ་སྙིང་པོའི་སྲས་ཡིན། དགུང་ལོ་བརྒྱད་ནས་བཅུ་གཉིས་བར་ཡབ་ཀྱི་དྲུང་དུ་ཐོས་བསམ་མཛད། བགྲང་བྱ་བཅུ་གཉིས་ལ་ཡབ་འདས་པས་འགྲོ་འོང་བཅུ་གསུམ་ནས་ས་སྐྱའི་གདན་སར་ཕེབས། དགུང་ལོ་བདུན་ཅུ་བར་འཚོ་ཞིང་གཞེས། གསུང་རྩོམ་པོད་བཞི་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ནང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་། ཞེས་གསུངས་པ་ལྟར་ས་སྐྱ་བཀའ་འབུམ་གྱི་དཀར་ཆག་ཏ་པར་སྨན་གཞུང་དེ་དག་བཞུགས། གཙོ་བོ་ཡན་ལག་བརྒྱད་པ་ཕྱག་བཞེས་གནང་བར་གྲགས། གསོ་དཔྱད་རྒྱལ་པོའི་དཀོར་མཛོད། ལ་དཔེ་ཚན་མང་དག་ཡོད་པ་ལས།

གཅིག་ནི། རླུང་མཁྲིས་བད་ཀན་གྱི་རྣམ་བཤད་སྐབས་འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བའི་ནང་ནད་ཀྱི་རྒྱུ་བད་ཀན་དང་། ནད་ཀྱི་རྟ་རླུང་། ནད་ཀྱི་དུག་མཁྲིས་པ་ཡིན་པར་གསུངས་ཤིང་། དེས་ན་ནད་ཀྱི་དུག་ཅེས་པ་ཕྱི་ལུགས་གསོ་རིག་ནང་དུའང་མིང་ཚིག་དེ་འདྲ་ཡོད་འདུག་ཀྱང་དུས་ཚོད་ཀྱི་ཐད་ནས་བྱས་ན་བོད་ཀྱི་སྨན་གཞུང་ནང་གི་ནད་དུག་ཅེས་པའི་མིང་དེ་ཧ་ཅང་སྔ་བ་དང་། ཚ་བ་དང་གཉན་རིམས་མཐའ་དག་གི་རྩ་བ་མཁྲིས་པ་ཡིན་ཞེས་སྔ་ས་ནས་གསལ་པོར་བཤད་འདུག

གཉིས་ནི། བྱང་ཁོག་གི་རྣམ་བཤད་ནང་། མཆིན་པ་ཁྲག་གི་མཚོ་ཡིན་པ་དང་། དོན་སྙིང་གི་འོ་མ་ལུས་ཕྱེད་ཀྱི་རྟེན། སྲོག་ཕྱེད་ཀྱི་གནད་མཆིན་པ་ལ་ཐུར་མ་སྤང་དགོས་ཚུལ། དེ་བཞིན་མཁལ་མ་ནི་སྲོག་པ་རྩའི་དཔྱང་རྡོ། དོན་སྙིང་གི་འཐེན་ཐག་ཡིན་ལུགས་དཔེ་དོན་ཤིན་ཏུ་མཚུངས་པ། ཁོ་བོས་ཕུང་པོ་གཤགས་ལས་ཁ་ཤས་མཐོང་དུས་སྙིང་ལ་བལྟས་ནས་མཁལ་མར་ནད་ཡོད་མེད་རྟོགས་པ་དང་། ཕྱོགས་མཚུངས་མཁལ་མར་བལྟས་ནས་སྙིང་ལ་ནད་ཇི་ཡོད་ཤེས་རྟོགས་བྱུང་བས་ཡིད་ཆེས་ཀྱི་གནས་སུ་གྱུར། གཞན་ཡང་སྣོད་དྲུག་ནང་ཚན་བསམ་སེའུའི་སྐོར། མིང་ཡོད་ལ་གཟུགས་མེད་པ་དཔེར་ན་ཆུ་ཟླ་དང་འདྲ་སྟེ། དོན་སྙིང་རྣམ་པ་ལྔ་ལ་དབང་། སྣོད་རྣམ་པ་དྲུག་ལ་གཏོགས་ཟེར། ཟས་ཟོས་པ་བཅུད་དུ་འགྱུར། སྐོམ་འཐུང་བ་ཁྲག་ཏུ་འགྱུར། ངོ་བོ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་བཞག་གོ ཁ་ཅིག་ན་རེ་ཁྲག་ཡིན་ཟེར། ཁ་ཅིག་ན་རེ་སྲོག་རྩ་ཡིན་ཟེར། ཁ་ཅིག་ན་རེ་ཤ་ཤ་རྨེན་བུ་ཡིན་ཡང་ཟེར། དེའི་གསང་ཚིགས་པ་བཅུ་གསུམ་ཡིན་ཏེ་ལུས་སྤྱི་ལ་ཁྱབ་པའི་གསང་ཡིན་ནོ། ཞེས་ངོས་འཛིན་མི་འདྲ་བའི་སྐོར་གསལ་བཤད་མཛད།

གསུམ་ནི། དཔྱད་ཀྱི་སྐབས་ལུམས་ཞེས་བྱ་བ་སྨན་གྱི་ནུས་པ་བ་སྤུར་སོང་བས་ཞེས་པ་དང་། མེ་བཙའ་ནི། མེའི་དྲོད་ཀྱིས་ཁྲག་དང་རླུང་དྲོས་པས་ཞི། གཏར་ག་ནི་ནད་སྒོ་རུ་འབྱིན་པ། བཤལ་གྱིས་ནད་གདོན་པ་ནི་གོས་དྲི་མ་ཅན་འཁྲུད་པ་དང་འདྲ་བ་སོགས་དཔྱད་ཀྱི་དགོས་པ་རྒྱུ་མཚན་སྙིང་པོར་གསུངས་པ།

བཞི་ནི། ཀླད་སྐྱོན་སྐོར་ལ། མིག་དང་། ལྕེ། འགྲོ་འདུག སྐད་ཆ་སོགས་ལ་བརྟག་དཔྱད་བྱེད་ཐབས་མགོ་དཔྱད་པདྨ་དྲི་མེད་ཅེས་པར་ཞིབ་རྒྱས་འཁོད་པ་བཅས་དངོས་འབྲེལ་རྒྱལ་པོའི་དཀོར་མཛོད་ལྟར་སྨན་དཔྱད་ཀྱི་ཐད་ལ་མ་ཚང་བ་མེད་པ་ལྟ་བུར་མངོན།

དམ་པ་འདིའི་རྣམ་ཐར་རྒྱས་པ་བདག་ཆེན་ཨ་མྱེས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ཤོག་གྲངས་ ༣༧ བ་ ༥ ནས་ཤོག་གྲངས་ ༤༦ བ་ ༡ བར་ཡོད་ཚུལ་དེབ་དམར་མཆན་འགྲེལ་དུ་གསལ།།

 

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།