སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་སོ་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་སོ་དྲུག་པ། བྱིས་པའི་མཆིན་ནས་བཅོས་པའི་ཐབས།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱིས་པའི་མཆིན་ནད་བཅོས་པའི་ཐབས་ལ། དང་པོ་བརྟག་པ་ནི། ཤ་ཚ་ལ་རྩ་མི་བདེ་བ་དང་། དབུགས་ཐུང་ལ་རྔམ་པ་རིང་ཐུང་བྱེད། མིག་ལྡོག་ཅིང་འཛུམ་པ་དཀའ། མིག་སྔོ་ལ་ལུས་འདར་བ། ལག་པ་གཉལ་ནས་འདེད་པ་དཀའ་བ། ཤ་སེར་བ། བོལ་གོང་དང་། མིག་གི་ཡ་ཕུག་ཡོ་བ། རྐང་མཐིལ་དང་ལག་མཐིལ་སེར་བ། ནད་ལྡང་དུབ་བྱེད། ཕོ་བ་སྦོ། ཆུ་སྡོམ། ཆུ་མདོག་དམར་བའམ། སེར་པོ་འོང་། འཁྲུ་སྐྱུགས་བྱེད། སྐབས་སུ་འཁུན་དུ་འོང་། སྔ་དྲོ་དང་དགོང་ཀ་བདེ། དེ་ལྟར་འདུག་ན་མཆིན་པའི་རྟགས་སོ། །བཅོས་པའི་ཐབས་ནི། གུར་གུམ། བྲག་ཞུན། ཅུ་གང་། ཛཱ་ཏི། དོམ་མཁྲིས། ཏིག་ཏ། ཨ་རུ་ར་རྣམས་ཀ་ར་དཀར་པོ་དྲུག་འགྱུར་དང་། སྦྱར་ལ་གཏང་ངོ་། །འཁྲུ་བ་ལ་ཕྱེ་ཐུག་ཚོས་པ་ལ་སུག་སྨེལ་ཁ་ཚར་བཏབ་ལ་གཏང་ངོ་། །ཟས་རུལ་སུམས་དང་། བཤུལ་ཤ་མཐའ་དག་སྤང་། ཆང་ལ་སོགས་པ་ཚ་བ་སྐྱེད་པའི་ཟས་རྣམས་སྨད། སྤྱོད་ལམ་དྲག་ཤུལ་མཐའ་དག་སྤང་ངོ་། །བྱིས་པའི་མཆིན་ནད་བཅོས་ཐབས་སོ། །ས་མཱ་པྟ་ཨི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 2:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།