སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་སོ་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་སོ་ལྔ་པ། བྱང་ཁོག་རིན་པོ་ཆེའི་རྣག་སྐེམས་ཀྱི་སྦྱོར་བ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱང་ཁོག་རིན་པོ་ཆེའི་རྣག་སྐེམས་འདི་ལ་དངུལ་ཆུ་ཞོ་གཅིག མུ་ཟི་སྲང་གཉིས། ཨ་རུ་ར་ཚུམ་གཅིག དེ་རྣམས་ཞིབ་པར་བཏགས་ལ་རང་གི་དྲི་ཆུས་སྦྱར་སྟེ། རྫ་སོ་བཏང་བའི་ནང་དུ་མུ་ཟི་མ་བཏུལ་བ་སྲང་གཅིག་འོག་ཏུ་བཏིང་། དེའི་སྟེང་དུ་ཟངས་སྲབ་པོ་བསླེབས་ལ་བཞག དེའི་སྟེང་དུ་དངུལ་ཆུ་བླུགས། དེའི་སྟེང་དུ་མུ་ཟི་སྲང་གཅིག་གིས་ཟངས་ཁྱབ་པར་གཡོགས། ཁ་ཆོད་འགྲིགས་པར་བྱས་པའི་སྟེང་དུ་བུག་པ་བྱས་ལ། འདག་པ་དང་ལྕི་བ་བསྲེས་པས་དུད་པ་འཆོར་བར་དགག སྤང་བཟང་པོའི་མེས་བསྲེག་གོ། ཚོས་མ་ཚོས་ལྟ་བ་ནི། བུག་པ་ན་མར་ལྕགས་ཕྲ་མོ་གཅིག་བརྒྱབ་པས་སོབ་ཀྱིས་སོང་ན་ཚོས་པ་ཡིན། མ་ཕད་ན་བསྐྱར་ལ་བསེག་གོ། ཚོས་པ་དང་། ཟངས་དང་། དངུལ་ཆུ་འདྲེས་པས་སྔོ་ལེབ་པ་རབ་ཅིག་འོང་། སྔོ་སྐྱར་འདུག་ན་ཤིན་ཏུ་ཚོས་པ་ཡིན། སྨུག་པོར་འདུག་ན་མ་ཚོས་པ་ཡིན། ཐལ་བ་དེ་དང་། ཡུང་བ་དང་། པ་ཏོ་ལ་དང་། ལི་ག་དུར་དང་། སོ་མ་ར་ཛ་དང་། ཐལ་ཀ་རྡོ་རྗེ་དང་། རྒྱ་རུ་དང་། བསེ་རུ་དང་། གྭ་དོར་དང་། དེ་རྣམས་ཞིབ་པར་བཏགས་ལ། སྦྲང་གིས་རི་ལུ་བྱས་ལ། དང་པོ་རིལ་མ་ཙམ་གཏང་། དེ་ནས་གསུམ་མམ་གཉིས་ཞོ་རེ། དེ་ནས་ལུས་ཀྱི་ཚོད་དང་སྦྱར་ལ་ཅི་རིགས་པར་གཏང་ངོ་། །བྱང་ཁོག་རྣག་གིས་ཁེངས་ཀྱང་སོས་པར་འགྱུར་རོ། །རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 2:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།