སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅུ་པ། སྟོད་སྐྱུགས་འདྲེན་པའི་ལྕགས་སྐྱུ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །སྟོད་སྐྱུག་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ལ། ནད་ཀྱི་རིགས་ནི་བད་ཀན་གྱིས་ཕོ་བ་ན་བ་དང་། ཟས་མི་འཇུ་བར་ལྷམ་མེ་ན་བ་དང་། མཆིན་ཁྲག་ཕོ་བར་ལུད་པ་དང་། རོ་སྟོད་རྒྱངས་ཤིང་ན་བ་དང་། ཟས་ཡི་གར་མི་འོང་པར་ཁ་ཁ་བ་དང་། བད་ཀན་གློ་མིག་ཏུ་འཚང་ནས་གློ་ལུ་ཞིང་གྱེན་ལ་འགྲོ་མི་ནུས་པ་དང་། ལྷེན་སྣ་ནས་ཕོ་སྟོད་ཀྱི་ནད་ལ་བཏར་བ་བྱར་སྟེ། དེ་ལ་སྔོན་འགྲོ་ལྟོ་ཆས་བྱ། རུས་པ་དང་། བཤུལ་བ་ལ་ཡང་བསྐུ་མཉེ་བྱ། ནང་པར་གཏང་བའི་མཚན་མོ་སྔར་གང་གནོད་པའི་ཟས་བསྟན། བཀྲ་ཤིས་གསོལ་ལོ། །དངོས་གཞི་ནི། པི་པི་ལིང་བདུན་བཏང་སྟེ། དེས་གཟུག་འཇོམས་སོ། །དུར་བྱིད་མཐེ་བོང་ཙམ་གཅིག དེས་སྨན་ཚིགས་ཐམས་ཅད་འཁྲུད། པོ་སོ་ཆས་གྱེན་ལ་འདྲེན་པར་བྱེད། ལྕམ་པའི་འབྲས་བུ་ཚུམ་གཅིག ཁ་མི་སྐོམ་པར་བྱེད། སྤྱང་ཚེར་རྩ་བས་འཁྲུད་པར་བྱེད། ཤུ་དག་རིལ་མ་ཙམ་གྱིས་ནད་ཀྱི་སྲ་བ་ཐམས་ཅད་གཅོད། རྒྱམ་ཚ་མཐེ་བོང་ཙམ་གཅིག་གིས་རྩམ་པ་འཛིན། སུམ་ཅུ་ཏིག་གིས་ཚ་བ་འཇོམས་སོ། །ཁྱད་པར་དུ་མཁྲིས་ནད་ལ་གསེར་གྱི་ཕུད་བུ་བདུན་གཏང་། རྟ་ནི་བའི་འོ་མ་བཞོས་མ་ཐག་ལ་བཏབ་པ་ཕྱེད་གཏང་། ནད་དང་ཅུང་ཟད་འཐབ་ཏུ་གཞུག ཡང་ཟན་གཅིག་བཟའ་རན་ན་ཕྱེད་གཏང་། འཐབ་ཡུན་རིང་ན་སྨན་གཏོར་ཉེན་ཡོད་པས་སྐྱུགས་པ་འདྲ་ན་ལན་གཅིག་བཟློག་སྟེ་དེ་ནས་གཏང་། སྐྱུགས་སྙིང་མི་འདིད་སར་མི་སྐྱུགས། སྐྱུགས་ན་མི་དགའ། སྐྱུགས་སུ་མི་འདོད་པར་དང་གར་འཁྱིལ་ནས་འཆིལ་མ་མང་ན། བྱའི་སྒྲོས་གྲེ་བ་མ་སྣད་པར་པྲེད་ལ་སྐྱུགས་གོ། ཅུང་ཟད་ཐོགས་པ་རུ་རྟ་དང་། རྒྱ་ཚྭ་རིལ་མ་ཙམ་རེ་བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་ལ་གཏང་། དེས་འདོད་ཚང་སྐྱུགས་པར་བྱེད་དེ། ཡང་ན་དུག་མོ་ཉུང་དང་། པོ་སོ་འཆའི་(ཆ་)འབྲས་བུ་གཉིས་རྟིང་ལ་གཏང་པས་ཀྱང་སྐྱུགས་པར་འགྱུར་རོ། །མ་ཕིགས་པའམ། ནད་མ་ཕྱིན་པའམ། ཟུག་ཆེ་བའམ་རླུང་སྐྱེས་ན་བསྐྱར་ལ་གཏང་ངོ་། །དང་པོ་བད་ཀན་སྐྱུགས། བར་དུ་མཁྲིས་པ། ཐ་མ་རླུང་གི་ཚུལ་དུ་ལྦུ་བར་སྐྱུགས་ན་ལེགས། གྲངས་ནི་ལན་བརྒྱད་སྐྱུགས་ན་བཟང་། འབྲིང་དྲུག བཞི་སྐྱུགས་ན་ཐ་མའོ། །སྟོད་སྐྱུགས་ལ། སྨད་སྲིན་བྱུང་ན་ངན་ནོ། །སྐྱུགས་པ་འཆད་དུ་མ་འདོད་ན། སྙིང་ག་ཆུ་ལྕགས་བརྡེགས། གྲང་དུགས་བྱའོ། །བད་ཀན་སྨུག་པོ་སྐྱུགས་ན་བཙོད་དང་འུ་སུའི་ཐང་གཏང་། རླུང་གི་སྐྱུགས་ན། ཚོ་ཁུ་འཁྱོར་གང་གཏང་། ཟན་དྲོན་གཅིག་གཏང་། ཆང་གསར་བུ་ཁྱོར་གང་གཏང་ངོ་། །ཞོ་དཀྲུགས་ཁྱོར་གང་ཡང་གཏང་ངོ་། །ཟས་མ་ཞུ་བ་དང་། ལྷེན་དང་། སྐྲན་དང་། སྙིང་དང་། ལྐོག་མ་ན་འཕར་བ་དང་། མཁྲིས་པའི་རིགས་ཙམ་ལ་ཕན་ནོ། །ཡང་རི་ཤོ་བའི་རྩ་དུས་སུ་བརྐོས་པ་རྩི་བཞིན་དུ་བཏགས་ལ། བྱེ་སྒོང་གང་བཏང་ན་ནད་ཀྱི་རྣམ་པ་དེས་ཀྱང་འདྲེན་ནོ། །ཡང་སག་རམ་རྩི་ཤ་པའི་རིལ་མ་ཙམ་གཅིག གླ་རྩི། ཤུ་དག་གསུམ་གཏང་ན། དེས་ཀྱང་ནང་ཀྱི་རྣམ་པ་འདྲེན་ནོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། སྟོད་སྐྱུགས་འདྲེན་པའི་ལྕགས་སྐྱུ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།