སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅོ་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅོ་བརྒྱད་པ། སྐྲན་ཞི་བར་བྱེད་པའི་གདམས་པ།

ཨོཾ་སྭསྟི་སིདྡྷཾ། དང་པོ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་སྐད་ཅིག་གིས་རྟ་མགྲིན་དམར་པོ། ཞལ་གཅིག ཕྱག་གཉིས། གཡས་ན་པདྨ། གཡོན་ཐུགས་ཀར་སྡིག་འཛུབ་མཛད་པ། སྟག་གི་སྤགས་པའི་ཤམ་ཐབས་ཅན། རྟ་མགོ་ལྗང་གུ་དབུའི་སྟེང་དུ་གསལ་བར་བསམས་ལ། སྔགས་འདི་བཟླས་སོ། །ཨོཾ་བུར་ཀུང་། མ་ཧཱ་བར་ཀ་ན། གྷ་ཙེ་གྷུ་ཙེ། བྷི་མ་ན་སེ། བྷི་ཏ་ཀྲོ་དྷ་ཞི། གྷོ་གྷུ་ལིང་ཨུཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་གསུངས་ཞིང་ཁྲོ་བོ་རྟ་མགྲིན་དུ་བསྒོམ་ལ། བརྒྱ་འམ་ལྔ་བཅུ་ཙམ་རེ་བཟླས་ལ། ནད་ཁ་བའམ། མར་ལྟ་བུར་བསམ་ལ། སྔགས་མེའམ། ཉི་མ་ལྟ་བུར་བསམ། མཆིལ་མ་བཏབ་པས་ནད་ཐམས་ཅད་ཞུ་ནས། བཤང་ལམ་ནས་བུད་ནས་སོང་བར་བསམ་ཞིང་། སྔགས་བརྡེག་པར་བྱའོ། །སྐྲན་ཞི་བར་བྱེད་པའི་གདམས་པ་ཤིན་ཏུ་ཟབ་པ་འདིས་ཕལ་ཆེར་རྟགས་ཐོན་པ་ཡིན་ནོ། །སམཔྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།