སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་སོ་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

ལེའུ་སོ་བཞི་པ། ནད་འཁྲུ་བའི་གདམས་པ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆུ་སྐྱེས་འོ་འཛག་དང་། བློན་པོ་གསེར་གྱི་སྡོང་པོ་གཉིས། འབངས་ནི་རིན་ཆེན་ཆུས་སྦྱངས་ནས། །གཟེར་ཐུང་མ་ལུས་ཞི་བར་བྱེད། །ཅེས་པ་ཐར་ནུ་འོ་མར་བཏུལ་བའམ། མ་བཏུལ་ཡང་རུང་སྟེ། ཆུ་རྩ་རྐང་གཅིག་པ་དང་ཆ་བསྙམས་ལ་སྦྱར། རྩི་བཞིན་དུ་བཏགས་ནས་ཆུ་ལ་སྦྱར་ནས་གཏང་ན་གཟེར་གྱི་རིགས་ཐམས་ཅད་དང་། གཉན་རིགས་འགོས་སླ་བ་ཐམས་ཅད་འཇོམས་སོ། །དེའི་སྟེང་དུ་སྐྱོབ་སྦྱོར་བ་འདོད་ན། ཚ་བ་ཆེན་པོ་ཧོང་ལན་སུམ་ཆ། འཇམ་པོར་འདོད་ན་ཤ་ཆེན་བག་ཙམ་གཏང་ངོ་། །དོན་སྣོད་ཀྱི་ཁ་འཛིན་ནི། སྙིང་ལ་ནད་བབས་ན་ཛཱ་ཏི། གློ་བ་ལ་ཅུ་གང། མཆིན་པ་ལ་གི་ཝཾ་དང་བྲག་ཞུན། མཆེར་པ་ལ་ལི་ཤི། མཁལ་མ་སུག་སྨེལ། མཁྲིས་པ་ལ་གསེར་གྱི་མེ་ཏོག་དང་ཏིག་ཏ། དེ་རྣམས་ཁ་འཛིན་སོ་སོར་གཏང་ན་ནད་གང་ཡིན་པ་འཇོམས་སོ། །སྐྱུག་ཏུ་མི་གཞུག་གོ། དྲོད་ལ་བསྒོར། ཕོ་བ་ཅུང་ཟད་ན་ན་ཡོས་དུག་བྱ། དེས་ནད་ཐམས་ཅད་འཁྲུ་བར་འགྱུར་རོ། །ལན་གཅིག་འཁྲུས་ནས་ཆུ་བསྐོལ་མང་དུ་གཏང་ངོ་། །འདི་ཁྱར་པར་གྱི་གདམས་པ་འོ། །ཨི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 2:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།