སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བརྒྱད་པ། མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ་ཞེས་བྱ་བ་འདི་ལ་ལྔ་སྟེ། རྒྱབ་དང་། མདུན་དང་། སྟ་ཟུར་ཡན་ལག་གོ། དེ་ཡང་རླུང་གིས་ཁྲག་འཁྱགས་ནས་ན་བའི་མེ་བཙའ་དམིགས་སུ་བསྲེགས་པས་རླུང་ཁྲག་དྲོས་ནས་ཞི་བར་འགྱུར་རོ། །དམིགས་ལ་གཉིས། ནད་ཀྱི་གསང་བཙལ་བ་ནི། ཤ་ཁོལ་བུར་ན་བ་དང་། སྐྲངས་པ་ད་ང་། ཆུ་སེར་གྱི་འོར་དང་། རྩའི་སྒོ་དང་། མནན་མི་བཟོད་པ་དང་། མནན་ན་རྗེས་འོངས་པ་དང་། གང་ན་ན་བའི་སར་བསྲེག་གོ། སྤྲ་རྡོག་ཆེ་ཆུང་དང་། གྲངས་མང་ཉུང་ནི། མིའི་ཁམས་དང་། ནད་ཀྱི་བྱེ་བྲག་དང་། དོན་སྣོད་ཀྱི་ཤ་སྲ་སྙི་དང་། དོན་སྙིང་གི་ཤ་སྲ་སྙི་དང་། རྩ་རྒྱུས་ཀྱི་བྱེ་བྲག་དང་། སྦྱར་བར་བྱའོ། །གཉིས་པ་གང་གི་ནད་བཙལ་བ་ནི། སྤྱིར་དུ་མ་ཅིག་ཡོད་ཀྱང་། མགོ་ལ་གདབ་པའི་གནས་ནི། སྤྱི་གཙུག་གནམ་རྟེན་དང་། མཛོད་སྤུ་མཚོག་མ། དཔྲལ་བའི་སྐྲ་མཚམས། ཁ་འགྲམ་གཡས་གཡོན། ཀོས་ཀོའི་འོག་གི་ཀུང་ཀུང་པོ་དང་། སྐེའི་རྩ་གཉིས། རྣ་བའི་རྩ་གཉིས་འཕར་རྩ་གཉིས་རྣམས་སོ། །རྒྱབ་ཀྱི་ཨན་ཆེན་སྟོང་རུས། རླུང་གི་གསང་། གཉིས་པ་མཁྲིས་པའི་གསང་། གསུམ་པ་བད་ཀན་གྱི་གསང་། བཞི་པ་གློ་བའི་གསང་། ལྔ་བ་གློ་བ་མའི་གསང་། དྲུག་པ་སྲོག་པ་རྩའི་གསང་། བདུན་པ་སྙིང་གི་གསང་། བརྒྱད་པ་མཆིན་དྲིའི་གསང་། དགུ་པ་མཆིན་པའི་གསང་། བཅུ་པ་མཁྲིས་པའི་གསང་། བཅུ་གཅིག་པ་མཆེར་པའི་གསང་། བཅུ་གཉིས་པ་ཕོ་བའི་གསང་། བཅུ་གསུམ་པ་བསམ་སེའུའི་གསང་། བཅུ་བཞི་པ་མཁལ་མའི་གསང་། བཅོ་ལྔ་པ་གློ་ལུད་འདྲེས་པའི་གསང་། བཅུ་དྲུག་པ་ལོང་གི་གསང་། བཅུ་བདུན་པ་རྒྱུ་མའི་གསང་། བཅོ་བརྒྱད་པ་ལྒང་པའི་གསང་། བཅུ་དགུ་པ་དང་ཉི་ཤུ་པ་རླུང་གི་གསང་། རྩ་གཅིག་པ་གཞང་གི་གསང་། རྩ་གཉིས་པ་མཇུག་ཏོའོ། །ཐམས་ཅད་ལ་ཁ་གསུམ་དུ་ཡོད་དོ། །མདུན་གྱི་གདབ་ས་ནི། སྐེའི་ཏོང་ཏོང་པོ་དང་། དེ་ནས་མཐུར་དུ་མཚོན་གང་དུ་གདབ་པའོ། །དེ་ནས་ཐུར་དུ་མཚོན་ཕྱེད་དང་དོ་བཅལ་བར་སྲེག་གོ། དེ་ནས་ཐུར་དུ་མཚོན་གང་བཅལ་བར་ཁ་གསུམ་དུ་གདབ། དེ་ནས་ཡང་ཐུར་དུ་མཚོན་ཕྱེད་དང་དོ་བཅལ་བའི་གཡས་གཡོན་དུ་མཚོན་ལྔ་གདབ། ལྟེ་བ་ཁུང་གི་གཡས་གཡོན་མཚོན་རེར་གདབ། དེ་ནས་ཐུར་དུ་མཚོན་གང་བཅལ་བའི་གཡས་གཡོན་དུ་མཚོན་གང་ཕུན་གང་དུ་གདབ་བོ། །དེ་ནས་ཐུར་ལ་མཚོན་གང་ཁ་གསུམ་དུ་གདབ་བོ། །ཟུར་གྱི་དམིགས་ནི། མཆན་ཁུང་གི་སྤུ་གསེབ་ཏུ་གདབ་ན་གློའི་རྣག་འཆད་དོ། །ནུ་མ་གཉིས་ཀྱི་རྩེ་མོ་ནས་ཐུར་དུ་མཚོན་བཞི་བཅལ་བར་གདབ། ཚིགས་པ་བཞི་པ་ནས་གཡོན་དུ་མཁྱིད་གང་བཅལ་བ་མཁལ་མའི་ཕུག་ཡོན་ནོ། །རྐང་པའི་དམིགས་ནི་ལངས་ནས་གུང་མོས་སླེབ་པའི་བརླའི་ཕྱི་སུལ་དང་། ལྷ་ང་ནས་སོར་བཞི་དང་། པུས་མོའི་ཚིགས་གཉིས་དང་། སྒྱིད་ཁུང་བ་ནས་མཚོན་བཞི་ཐུར་དུ་བཅལ་བ་དང་། ལོང་བུའི་ནང་ངོས་ནས་གྱེན་ལ་སོར་བཞི་མཇལ་བ་དང་། རྟིང་པའི་དཀར་ནག་མཚམས་ནས་དང་། མཐེ་བོང་དང་། མཛུབ་མོའི་བར་ནས་ཡང་མཚོན་གང་བཅལ་བའོ། །ལག་པའི་དམིགས་ནི། ལག་པ་བཏེག་པའི་དཔུང་པའི་བཤོལ་དང་། སོག་པ་གཉིས་ཀྱི་དཀྱིལ་དང་། གྲུ་མོ་གཉིས་དང་། པུས་མོ་གཉིས་བཀུག་པའི་མཚམས་ཀྱི་སྣ་བཞིར་གདབ་བོ། །མདོར་ན་རླུང་ནད་ཀྱི་སོ་མཚམས་ན། རྣ་བའི་འོག་གི་ཤོར་བུ་ལྡད་མཚམས་སུ་བསྲེག ཁ་སོ་ན། མིག་མི་གསལ་བ་སྡུད་སྒོ་བསྲེག མགོ་ཐུམས་ནས་སྣ་ཁུང་ན་ན། སྤྱི་གཙུག་དང་མཚོག་གནས་ལ་གདབ་བོ། །མཇུག་ཚ་བ་གོམས་པའི་ཚེ། ཚིགས་པ་བཅོ་ལྔ་པ་ལ་མེ་བཙའ་བྱས་ཀྱང་བཏུབ། བསྲུབ་བསྲེག ཁ་སོ་ཡོ་བ་ལ་གཡས་སུ་ཡོ་ན། གཡོན་གྱི་ལྡང་མཚམས་བསྲེག གཡོན་དུ་ཡོ་ན་གཡས་བསྲེག སྤྱིར་རླུང་ནད་ཆེན་པོ་ཡོད་པ་དང་། རིགས་ཆེན་པོ་ལ་ཨན་ཧོང་རུས་བསྲེག ཚིགས་པ་བཞི་མན་ཆད་བསྲེག་ན་ཕན། སྙིང་གི་ནད་ལ་ཚིགས་པ་གཉིས་པ་བསྲེག མཆིན་དྲི་ལ་བརྒྱད་པ། མཆིན་པ་ལ་དགུ་པ།  མཁྲིས་པ་ལ་བཅུ་པ། མཚེར་པ་ལ་བཅུ་གཅིག་པ་བསྲེག་གོ། ཕོ་བའི་ནད་ལ་བཅུ་གཉིས་པ་དང་། མཁལ་མའི་ནད་ལ་གྲང་རླུང་གིས་ནད་ལ་ཡང་གྲང་རླུང་གི་ས་ཆུ་འགགས་པ་རྣམས་ལ་བཅུ་གསུམ་པ་དང་བཅུ་བཞི་པ་བསྲེག གློ་བ་དང་ལོང་འདྲེས་པའི་ནད། རྩ་རྒྱུན་འགགས་པ་ལ་བཅོ་ལྔ་པ། རྟག་ཏུ་ས་བོན་འཛག་པ་དང་། ལུས་ཟུངས་ཟད་པ་ལ་བཅུ་དྲུག་པ་བསྲེག ལུས་ཀྱི་སྨད་སྦོ་བ་དང་། གོམ་པ་མི་བརྟན་པ་དང་རྐང་པ་རེངས་པ་ ལ་བཅོ་བརྒྱད་པ་དང་། བཅུ་དགུ་པ་དང་། ཉི་ཤུ་པ་གསུམ་བསྲེག་གོ། བད་ཀན་གྱི་ནད་ལ་ལྷེན་སྣ་བར་མཚོན་གང་བཅལ་བར་ཁ་གསུམ་དུ་བསྲེག་གོ། དེ་རྣམས་ནི་མདོར་བསྡུས་པའི་མན་ངག་གོ། མེ་བཙའ་བྱས་ནས་གོམ་པ་བདུན་ཙམ་བཅག དེའི་ནུབ་མོ་ཆུ་མི་བཏུང་། གནོད་པའི་ཟས་བསྲུང་། བསྲེག་ཏུ་མི་རུང་བའི་ཚིགས་པ་བཅུ་པ་ཡིན། མིག་གི་འབྲས་བུ་གཉིས། ཕོ་མོའི་རྟགས་གཉིས། ཕོའི་ཚིགས་པ་བཅུ་དྲུག་པ། མོའི་གཉེར་མ་རིངས་པོ་གཉིས། མིག་གི་རྩ། ཆུ་བ་ལས་བྱེད་པ་སྤང་ངོ་། །ལེགས་པའི་ཚད་བྱ་ཐི་བའི་མདོག་འདྲ་བ་དང་། ཆུ་སེར་ཅུང་ཟད་འབྱུང་བ་དང་། ཆུ་བུར་འཕྲེད་ན་འབྱུང་ན་ནད་མྱུར་དུ་འཚོའོ། །མེ་བཙའ་རིན་ཆེན་ཐིགས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།