སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཉེར་དགུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་ཉེར་དགུ་པ། རྒྱའི་ལུམས་བཅོས་ཀྱི་མན་ངག

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱའི་ལུམས་བཅོས་ཀྱི་མན་ངག་འདི་ལ། གུ་ལེན་གྱིས་ལྷ་བ་འཛིན། ཉེ་འབྱེད་ཀྱིས་ཧྲལ་ཧྲུལ་གཅོད། དམར་ཁྲག་གིས་ཤའུ་བསྐྱེད། ཧྲི་དམར་གྱིས་རྩ་ཁ་བསྡོམས། རྡོ་སྨུག་གིས་ཆ་སྙོམས་སོ། །ཀླད་པ་འཛག་ན་ཀླད་ཐེམ་གཞུག ཀླད་ཐེམ་ནང་དུ་སྨན་གྱིས་མནན། དེའི་སྟེང་དུ་དར་དམར་པོ་གཏང་། དེའི་སྟེང་དུ་རྨ་ཆས་དང་རས་འཇག་གིས་དཀྲི། ཕྱེ་ཐུག་མར་གསར་གཏབ་ལ་གཏང་། ཞོ་གཏང་། ཤ་ཚོད་དང་སྦྱར། ཚ་བ་སྐྱེས་ན་བཟང་དྲུག་དང་ཙནྡན་དཀར་པོ་སྦྱར་ལ་གཏང་། གྲང་རླུང་སྐྱེས་ན་བུ་རམ་རྙིང་པ་དང་། ཆང་བསྲེས་ལ་གཏང་། སྤྱོད་ལ་གཞན་སྤྱི་དང་འདྲ་འོ། །འདི་ནི་ལུས་མགོ་མཇུག་གི་རྨ་གསར་རྙིང་ཐམས་ཅད་ལ་བདུད་རྩི་དང་འདྲའོ། །ཨི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 12:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།