སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཞེ་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་ཞེ་གསུམ་པ། མཆུའི་བད་ཀན་བཅོས་པའི་གཉེན་པོ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། མཆུའི་བད་ཀན་ལ། ཨ་རུ་ར། ཆུ་རྩ་། རྡོ་ཕ་བང་ཆོ་ལོ་དང་། བུ་རམ་རྣམས་ཞིབ་པར་བཏགས་ལ། ཆུ་གཙང་ལ་སྦྱར་ཏེ་སྲོད་ལ་མཆུ་ལ་བསྐུའོ། །ཡང་ལུགས་གཅིག་ལ། ཨ་རུ་ར་དང་། བུ་རམ་རྣམས་ཞིབ་པར་བཏགས་ལ། ཆུ་གཙང་ལ་སྦྱར་ཏེ་སརོད་ལ་མཆུ་ལ་བསྐུའོ། །ཡང་ལུགས་གཅིག་ལ། ཨ་རུ་ར་དང་། བུ་རམ་གཉིས་བུད་མེད་ཀྱི་ནུ་ཞོ་ལ་མེ་ལོང་གི་སྟེང་དུ་བསྣུར་ལ་མཆུ་ལ་བསྐུ། སྟེང་ནས་དར་དམར་པོས་དགབ་བོ། སོའི་སྲིན་ལ། མར་ནག་ལ་སྒོག་སྐྱ་བཏབ་ལ། དུང་གིས་དཀྲུག་ཅིང་། སྔགས་འདི་བརྒྱ་རྩ་བརྒྱད་བཏབ་ལ། སོ་གང་ན་བའི་ངོས་ཀྱི་རྣ་བར་བླུགས་སོ། །ནཱ་ག་སྲིན་སོད། ནཱ་ག་སྲིན་ཐོན། ཞེས་པས་ཕན་ངེས་སོ། །ཕོ་ལོག་ལ་ཐར་ནུ། ཤ་ཆེན། ཀ་ར་གསུམ་ཆ་མཉམ་པར། ཆང་ངམ་ཆུ་ལ་སྦྱར་ལ་གཏང་ངོ་། །གྲེ་བ་གག་པ་ལ། ཐར་ནུ། རྒྱ་ཚ། སྤུ་གུས་བུད་ན་ཕན་ནོ། །སོ་སྲ་བར་བྱ་བ་ལ། མུ་ཟི་རང་གི་དྲི་ཆུ་ལ་བསྣུར་ལ། སོའི་ཕྱི་ནང་དུ་མཉེས་ན་སྲ་བར་ངེས་སོ། །ཤུ་དག་གིས་གྲེ་བ་འགགས་པ་ལ། འདྲེའི་དཔལ་ཀའི་འབྲུམ་བུ་དང་། ཚ་ལ་ཞིབ་པར་བྱ་སྟེ། ཆུ་ལ་སྦྱར་ལ་གཏང་ན་སེལ་ངེས་སོ། །འཁྲུ་སྐྱུགས་བཅད་པའི་གདམས་ངག་ལ། མོན་མོ་རྐང་ཆག་གི་མེ་ཏོག་གྲིབ་སྐམས་བྱས་ལ། དེ་ཞིབ་པར་བཏགས་ཏེ། ཚ་འཕྲུ་ལ་ཆུ་ལ་སྦྱར་ལ་གཏང་། དེས་ཆད་ངེས་སོ། །ཡང་ན་ནས་སྔོན་མོའི་ཚིག་མར་བྱས་ལ། དེ་ཞིབ་པར་བཏགས་ནས་ཚ་གྲང་གི་བྱེ་བྲག་གིས་ཆུ་དང་ཆང་ལ་སྦྱར་ལ་གཏང་ངོ་། །དེས་ཆད་ངེས་སོ། །སྐྱུགས་པ་ལ་ཤ་ཚོན་པོའམ། ཡིབ་མ། མེ་དུ་བ་མེད་པ་ལ་རྫའི་ནང་དུ་མ་ཚིག་པར་ཚོས་པར་བསྲེགས་ལ། དེ་བརྡུངས་ཚོད་མར་བྱ། འབྲས་སྣ་སེར་ཙམ་དུ་རྔོས་ལ། དེ་ཞིབ་པར་བཏགས་ཏེ་ཐལ་དུ་གདབ། དེ་ལན་གཉིས་ལན་གསུམ་གཏང་བས་འཆད་ངེས་སོ། །མན་ངག་དམ་པ་ས་མཱ་པྟི་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།