སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཉེར་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་ཉེར་བརྒྱད་པ། བདུད་རྩི་ཡང་ཐིགས་ཀྱི་གདམས་ངག

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བདུད་རྩི་ཡང་ཐིགས་ཞེས་བྱ་བའི་གདམས་ངག་འདི་ལ་དོམ་མཁྲིས། ཆུ་རྩ། ཤ་ལ་གཡུ་རི(ཡ་རིང་)། བོང་ང་དཀར་པོ་རྣམས་ཆ་མཉམ། དེ་རྣམས་ཀྱི་ཆ་ཕྱེད་ཀ་ར་གཏང་། མཚལ་ཀ་རའི་ཕྱེད། རྒྱ་ཚ་མཚལ་གྱི་ཕྱེད། དེ་རྣམས་ཞིབ་པར་བཏགས་ལ། ཁྱེའུས་འཐུངས་པའི་ནུ་ཞོས་སྦྲུས་ལ། རི་ལུ་དུང་ཡ་བཀོད་འབྲིང་པོ་བྱས་ལ་སྦའོ། །ལྷ་བ་བྱེ་བ་ལ་བདར་ལ་གཏང་། དར་ཐོག་ཏུ་རྣག་ཤོར་བ་ལ་གསེང་གཏོད་ལ་གཏང་། འབྲས་ལ་བསྲེགས་ལ་གདབ་བོ། །རྨ་རྩི་རེག་འབྱོར་བྱ་བ། ཨི་ཐི། ཡང་ལུགས་གཅིག་ལ། རྡོ་སྨུག་པོ་སྦལ་རྒྱབ། བོང་དཀར་པོའི་རྩ་བ། ལོ་མ། དོམ་མཁྲིས། མི་མཁྲིས། ཚ་ལ་རྣམས་ཞིབ་པར་བཏགས་ལ་གཏང་ན་རྨ་རྩི་ཤིན་ཏུ་ཟབ་བོ། །དེའི་སྟེང་དུ་ཙནྡན་དཀར་པོ་གཏང་ན་རྡོ་རྗེ་དང་འདྲའོ། །ཡང་ན། སྦལ་རྒྱབ། མཚལ། མཁྲིས་ཆེན་གསུམ་གཏང་ཡང་བཟང་ངོ་། །ཡང་དག་པའི་གདམས་ངག་ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 12:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།