སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅུ་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅུ་གསུམ་པ། འཇམ་རྩི་བདུད་རྩི་འཕེལ་བྱེད།

འཇམ་རྩི་བདུད་རྩི་འཕེལ་བྱེད་ཅེས་བྱ་བ་འདི་ནི། གཞང་ལུག་པ་དང་། སྨད་དྲོད་ཆད་པ་དང་། མཁལ་མ་འོར་དུ་ལྷུང་བ་ལ་གཏང་ངོ་། །སྔོན་འགྲོ་ལུས་པོ་བརྡལ། ལྟོ་ཆས་བྱ། སྤྱོད་ལམ་གཟབས། དུགས་དང་བསྐུ་མཉེ་བྱ། བཤང་གཅི་བདེ་བར་བསལ། ཆུ་དྲོན་གྱིས་ཁྲུས་བྱའོ། །སྨན་ནི་མར་སྲང་གཉིས་བཙག་བཅད་ལ། ཨ་འབྲས་ས་འབྲས་འཇམ་འབྲས་གསུམ། སུག་སྨེལ་ལྕམ་པ་སྲིན་བུ་གསུམ། རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ་གསུམ་དགུ་པོ་ཞིབ་པར་བྱས་ལ་མར་ལ་གདབ། མར་འཇམ་པོ་ལ་ཕོ་བའི་ནང་དུ་བླུགས་ལ། ཕོ་བའི་ཁར་གཅེའུ་ཆུང་བཅུག་ལ། སྐུད་པས་སོར་བཞིའི་མཚམས་སུ་བཀྱིགས། སོར་བཞི་ནང་དུ་བཏང་ལ་གློ་བ་བརྒྱངས་པ་བཞིན་བྱའོ། །དེ་ནས་བལ་ལམ་འཕྱིང་པས་འཕང་དགག ནད་པ་གཡས་འོག་ཏུ་བཅུག་ལ་ཟུར་ལ་ཉལ་དུ་གཞུག གན་རྐྱལ་དུ་མི་ཉལ། སྔས་སྨད། སྐབས་སུ་བཅད། རྗེས་བཤལ་དང་འདྲའོ། །ཕན་པ་འདྲ་ན་ཡང་ཟླ་བ་ཕྱེད་ཙམ་ན་གཏང་། དེས་ཁོང་པ་འཇམ་ཞིང་སྣུམ་པར་བྱེད་དོ། །འཇམ་རྩི་་བདུད་རྩི་འཕེལ་བྱེད་ཀྱི་ལེའུའོ། །ས་མཱ་པྟ་མིཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།