སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཉེར་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

 

ལེའུ་ཉེར་གཉིས་པ། ལྦ་བ་ཡུལ་འདིན་གདམས་པ།

ཝ་བ་ཡུལ་འདོན་གྱི་གདམས་པ་ལ། དུང་མོ་ཆོལ་ཙམ་གཅིག སྲོ་ལོ་དཀར་པོ་མཐེབ་ཚིག་ཙམ་གཅིག ཕོ་བ་རིལ་བདུན་བརྒྱད་ཙམ། པི་པི་ལིང་བཅུ་ཙམ། སྒ་རྡོག་འབྲིང་གཅིག རྒྱ་ཚ་ནས་ཙམ་གཅིག སྨན་ཚ་ཆོ་ལོ་ཙམ་གཅིག་ཝ་ཚ་གཞན་པས་ཆེ་བ་གཅིག ཆང་ཚོད་གཅིག་ནོན་པ་ཙམ་གྱི་ཕབས་གཅིག དེ་ཚོ་ཞིབ་པར་བརྡུངས་ལ། ཆུ་བྲེ་གང་འོ་མའི་དོད་ཙམ་དུ་བསྲོས་ལ། འོ་མ་གནོན་པ་བཞིན་དུ་མནན་ནོ། །ཨོལ་གོང་བ་ཉི་ཤུ་རྩ་གཅིག ནང་མ་ལྔ་ལ་ཝ་ཚ་བཏབ་ལ་ལྔ་གཏང་། ཕྱེད་ཉིན་བདུན་ལ་ཝ་ཚ་བཏབ་ལ་གཏང་། དེའི་ཕྱེད་ཉིན་དགུ་ལ་ཝ་ཚ་བཏབ་ལ་གཏང་ངོ་། །དེ་ནས་སྔར་གྱི་སྨན་མནན་པ་དེ་སྦོ་རྩེར་ལངས་པ་དང་། ཀྲོལ་ཞིང་ལྟོ་སྟོང་ལ་གཏང་ངོ་། །ཝ་བའི་གདམས་ངག་རྫོགས་སོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:56 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།