སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་སོ་གཅིག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་སོ་གཅིག་པ། དམུ་ཆུ་འཕྲུལ་གྱི་འཛག་སྐེམས།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དམུ་ཆུ་འཕྲུལ་གྱི་འཛག་སྐེམས་ཞེས་བྱ་བ་འདི་ལ་དམུ་ཆུ་དང་། འོར་དང་དམུ་རྫིང་ལ་སོགས་པ་ལས་བསྡུས་པས་དཀར་ནག་གཉིས་སུ་འདུས་སོ། །སྐེ་དང་རྐང་ལག་སྐྲངས་པ་དང་། གསུས་པ་ཆེ་བ་དང་། ལུས་ཟུངས་ཆུང་བ་ནི་དམུ་རྫིང་ནག་པོ་ཡིན་པས་སྤང་པར་བྱའོ། །ལུས་སྐྲངས་པ་དང་། གསུས་པ་ཆེ་བ་དང་། རྐང་ལག་སྐྲངས་པ་དང་རེས་ཆེ་རེས་ཆུང་བྱེད་པ་ནི་དམུ་ཆུ་དཀར་པོ་ཡིན་པས་མཁས་པས་གསོ་བར་བྱའོ། །དེ་ལ་དང་པོ་དུག་བྱ། དེ་ནས་སྨན་སྦྱར་བ་ནི། ཀ་ར་བུ་རམ་སྦྲང་རྩི་གསུམ་གཙོ་བོ་ཡིན་ནོ། །དུར་བྱིད་དོང་ག་སྔོན་བུ་གསུམ་རྣོ་བའི་སྨན་གསུམ་མོ། །ཡུང་བ་སྐྱེར་པ་སེར་པོ་ཁྲག་རྐང་གསུམ་སེར་པོ་གསུམ་མོ། །དབྱི་མོང་ཙི་ཏྲ་ཀ་ལྕེ་ཚ་གསུམ་ནི་སྔོ་གསུམ་མོ། །རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ་གསུམ་ནི་ཚ་གསུམ་མོ། །འབྲས་བུ་གསུམ་དང་པི་པི་ལིང་ལྕམ་པ་གསུམ་ནི་ཁ་འཛིན་གསུམ་ཞེས་བྱའོ། །གཞན་ཡང་ཚ་སྣ་ཚོགས་ཚད་གཏང་སྟེ། རྭ་ཚ། ཤིང་ཚ། ལྕེ་མྱང་ཚྭ། ཁ་རུ་ཚ། ཐལ་ཚ་ལ་སོགས་རྙེད་ཚད་གཏང་ངོ་། །དེ་རྣམས་མར་དཀར་ལ་སྦྱར་ལ། ཁྱེ་སུས་ཀྱི་དུས་སུ་ཁྱིམ་བུ་དོ་གསུམ་གཏང་ངོ་། །ཞག་དང་པོ་ལ་ཁྱེམ་བུ་གསུམ་གཏང་། དེས་རྩ་ལམ་དང་ཆུ་ལམ་ནས་ཆུ་སེར་བྲེ་དོ་ཙམ་འཛག་གོ། དེ་ནས་སྐྲངས་པའི་འཇུ་སྟོབས་དང་། ཆུའི་འཛག་སྟོབས་སྦྱར་ཏེ། ཁྱེམ་བུ་རེ་རེ་ཙམ་གཏང་། ཆུ་ཉུང་ན་ཁྱེམ་བུ་གསུམ་ཙམ། ཕོ་བས་ཐུལ་མི་ཐུལ་ལྟ་ཞིང་གཏང་། དེ་ནས་ཞག་བརྒྱད་ཙམ་དུ་ཁྱེམ་བུ་རེ་རེ་གཏང་། འཕྲལ་ལ་ཉམས་ཚད་ཅིད་མ་བཏང་ན། དུས་གཅིག་ལ་རྡོལ་ནས་ནད་པ་འཆི་བ་ཡིན་ནོ། །གཟབས་ནས་ལེགས་པར་བཅོས་ནས་མྱུར་དུ་འཚོ་བ་ཡིན་ནོ། །རྗེས་བཅད་བཤལ་དང་འདྲ། དེས་ནི་འཛག་ཅིང་སྐེམས་པར་བྱེད་དོ། །དམུ་ཆུ་འཕྲལ་འཛག་ཅེས་བྱའོ། །འཛག་པར་མི་ཤེས་པ་སྐེམས་པ་ནི། ཆུའི་གག་པ་བསྡམས་པ་དང་འདྲ་སྟེ་འཆིའོ། །དམུ་ཆུ་འཕྲུལ་གྱི་འཛག་སྐེམས་ཞེས་བྱ་བ་ཨི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 12:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།