སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཞེ་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་ཞེ་དྲུག་པ། རྒྱ་ནས་ཚ་འཁྲུ་རྒྱུ་གཟེར་བཅོས་ཐབས།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱ་ནད་ཚ་འཁྲུ་རྒྱུ་གཟེར་བཅོས་པའི་ཐབས་ལ། དཀར་པོ་གཅིག་ཐུབ་ཅེས་བྱ་བ། དང་པོ་ནད་དེས་ཤི་བའི་ཐོད་པ་མ་བམ་པ། བཅུད་མ་ཤོར་བ་དེ་བདུད་རྩི་དང་ཆ་བསྙམས་ལ་ཞིབ་པར་བཏགས་ཏེ་ཐུན་གཅིག་རང་གི་དྲི་ཆུ་བར་པས་རྟ་བྱས་ལ་ཐོ་རངས་གཏང་ན་ལོ་གཅིག་ཐུབ་བོ། །དེ་ནི་རང་གི་བསྲུང་བའོ། །ཉམ་ང་བ་དང་ནད་པའི་ས་རུ་འགྲོ་ན། གོང་གི་སྨན་གཉིས་རང་གི་ཆུ་བར་པ་ལ་ཐོ་རངས་སྦྱར་ལ་ཁྲུས་བྱའོ། །དེས་ཉམ་ང་བ་དང་འཇིགས་མི་དགོས་སོ། །གསོ་བའི་ཐབས་ཐོད་པ་དང་། བདུད་རྩི་དང་། སེར་པོ་དགུ་དྲུས་དང་། ཀ་ར་འོ། ཐོད་པ་དང་བདུད་རྩི་ཆ་བསྙམས། དེའི་ཕྱེད་དགུ་དྲུས། དེ་གསུམ་དང་ཀ་ར་ཆ་བསྙམས་ལ་ཞིབ་པར་བཏགས་ཏེ། ནད་ཚབས་ཀྱི་བྱེ་བྲག་གིས་སྔ་དྲོ། ཉིན་ཕྱེད། དགོངས་ཀ་ཐུན་རེ་གཏང་། ཡང་སྲོད་ཐོ་རངས་ཉིན་གུང་མཚན་གུང་བཞི་ལ་ཐུན་རེ་གཏང་། རྟ་དྲི་ཆུ་བར་པ་ལ་བྱ། འདི་སྡོན་དུ་ཐེངས་ན་མི་འཆི་ངེས་སོ། །དེ་ནི་དང་པོས་ནད་གསད་པའོ། །དེ་ནས་རྗེས་བཅད་པ་ནི། ཚད་པ་ཞི་ནས་འཁྲུ་བ་གཙང་ལ་ལུས་ཤེད་དང་རྩ་ཤེད་ཆུང་ཙམ་ན་ཐོད་པ་དང་། བདུད་རྩི་ཆ་བསྙམས་ལ། ཚད་པ་ཤས་ཆེ་ན་སེར་པོ་དགུ་དྲུས། གྲང་བ་ཤས་ཆེ་ན་སྒ། ཚ་གྲང་མཉམ་ན་སྐྱེར་པའི་བར་ཤུན་བསྣན་ནོ། །དེ་རྣམས་བཏགས་ལ་ཞོ་བཅོས་ལ་སྦྱར་ལ་ལན་འགའ་གཏང་། འདིས་མ་སོས་ན་ཚེ་ཟད་པ་ཡིན་ནོ། །བྱིས་རིམས་གསོ་བའི་གདམས་པ་ཁྱད་པར་ཅན་ནོ། །གྲེ་བའི་ཐོར་པ་ལ། ཨ་རུ་ར་བཞི། བོང་ང་རིལ་མ་ཙམ་གཅིག རྒྱ་ཚ་བོང་ང་ཙམ་གསུམ། ཡུང་བ་ཁ་དོག་འགྱུར་ཙམ་གཅིག དེ་རྣམས་ཞིབ་པར་བཏགས་ལ། ཐོར་བའི་སྟེང་དུ་སྦུ་གུས་བླུགས། གླ་རྩི་བག་ཙམ་གཅིག་ན་ཡང་བཟང་ངོ་། །ཁྱད་པར་ཅན་མཆོག་ཏུ་གྱུར་པའི་གདམས་པའོ། །རྒྱས་པའི་ཚ་བ་ལ། ག་པུར། ཆང་བག་ཙམ་གཅིག་ལ་སྦྱར་ལ་གཏང་། དེས་ནི་ག་པུར་འདུལ་བ་ཡིན་ཏེ། གཅིག་གིས་གཅིག་ནུས་པ་འཇོམས། ག་པུར་རྐྱང་རྒྱུག་ནི། གི་ཝང་ངམ། བཟང་དྲུག་དང་སྦྱར་ལ་ཆུས་རྟ་བྱས་ལ་གཏང་ངོ་། །སྨྱོ་བར་གྱུར་ན་ཆང་བག་ཙམ་ཅིག་གཏང་ངོ་། །འབྲུམ་པ་ཕྱིར་མ་ཐོན་པ་ལ། གི་ཝང་། གུར་གུམ། གླ་རྩི་གསུམ་ཆང་ལ་སྦྱར་ལ་གཏང་། དེས་ཕྱི་རུ་ཧྲམ་གྱིས་འབྱུང་། ལུག་དལ་བ་མི་མང་བ་ཆུ་ལ་སྦྱར་ལ་གཏང་། དེས་ཚད་ནད་ཐམས་ཅད་སེལ་བར་བྱེད་དོ། །ཁྲག་ངན་སྟོད་དུ་རྒྱས་པ་ལ། རྒྱ་སྐྱེགས་ཀྱི་ཐང་གཏང། རྒྱ་སྐྱེགས་ཤིང་གིས་ཀྱང་བཏུབ་བོ། །ཆུ་སེར་གྱི་ནད་ལ་བཙོད་ཀྱི་ཐང་གཏང་ན་ཕན་པར་འགྱུར་རོ། །པུས་མོ་ལ་སོགས་པ་ལ་ཆུ་སེར་བྱུང་ན། གཟེ་མ་ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་གཏང་། དེས་ཕན་ནོ། །འབྲུམ་བུས་གྲེ་བ་འགགས་པ་ལ། བོང་བུའི་སྦངས་རྡོག་མ་བདུན། རས་ཀྱི་ཁུང་དུ་གཏུམས་ལ་ཆུ་ལ་སྦངས། དེ་བརྩིར་ལ་ཆུ་བགས་ཀྱི་ས་བསྐོལ་བ་ལ། ཀ་ར་འམ། བུ་རམ་སྦྱར་ལ་གཏང་། དེས་འཕྲལ་ལ་སངས་ཀྱིས་འགྲོའོ། །མགོ་རྨ་ལ་རྨ་ཁ་སྤྲ་བས་བརྒྱངས་ལ་བསྲེགས། དེས་རུས་སྐྱོན་ཐམས་ཅད་འགོག་ནས་འོང་ངོ་། །ཐབས་གཞན་ཅི་ཡང་བྱ་མི་དགོས་སོ། །སྤྲང་པོ་ནོར་མེད་ཀྱི་བཅོས་ཐབས་བྱ་བའི་གདམས་ངག་གོ།  མུ་ཟིའི་སྨན་མར་ནི། མར་ཞོ་གཅིག་ལ་མུ་ཟི་སྲང་གཉིས་གཏང་། དང་པོ་མར་ཙག་བཅད་ལ་ཕྱེད་ལོགས་སུ་གསོ། ཕྱེད་ལ་མུ་ཟི་བཅུག་ལ། མེས་རན་ཙམ་དུ་བསྐོལ། གཡས་སུ་བསྐོར་ཞིང་དཀྲུགས། ནག་མེར་གྱིས་སོང་བ་དང་ག་པོན་དུ་བསྐོར། དེ་ནས་ཁ་དོག་བརྡ་དམར་པོ་སོང་བ་དང་། ཡང་གཡས་སུ་བསྐོར་བས་སེར་ཆིར་སོར་བ་དང་། ཡང་གཡོན་དུ་བསྐོར། དེས་ཁ་དོག་དམར་པོ་སོང་བདང་། ཕོག་ལ་ཆུ་གྲང་མོའི་སྟེང་དུ་བཞག དེ་ནས་ད་ཅིའི་མར་བླུགས་ལ་དད་ཡལ་བ་དང་། བུ་རམ་དང་སྨན་གང་གཏང་བ་ཁ་ཚར་གདབ་བོ། །དེས་བྱང་ཁོག་གི་རྣག་སྐེམས་མཆོག་ཏུ་འགྱུར་རོ། །ཁྱད་པར་ཕུལ་དུ་ཕྱིན་པའོ། །བླ་མ་དམ་པ་ཆོས་ཀྱི་རྗེ་གྲགས་པ་རྒྱལ་མཚན་པའི་ཕྱག་དཔེ་ལས་བྲིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།