སྨན་རྩིས་དྲ་བ། - ཟས་རིགས་ཀྱི་ཕན་ཡོན།
 
  
 
ཟས་རིགས་སྔེ
 

ཤིང་ཏོག

འབྲུ་རིགས།

ཤ་རིགས།

སྣུམ་རིགས།
 
 
 

འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས།།
ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད།།
ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་།།
དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས།།
དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པར་གཅེས།།

 
ཞེས་དཔལ་ལྡན་རྒྱུད་བཞི་ལས་གསུངས་པ་ལྟར་རྒྱུན་གཏན་འཕྲོད་བསྟེན་ལ་དོ་སྣང་ཞན་པ་ལྷག་པར་དུ་ཟས་སྤྱོད་གཉིས་ཚུལ་བཞིན་མ་བསྟེན་པའི་དབང་གིས་འབྱུང་ལྔ་འཁྲུགས་ཏེ་ནད་རིགས་ཕལ་མོ་ཆེ་འབྱུང་གི་ཡོད། དེ་དག་གསོ་བར་བྱེད་པ་ལ་ཐོག་མར་གནོད་པའི་ཟས་སྤྱོད་མཐའ་དག་མ་མཐར་ལོ་གཅིག་རིང་སྤོང་དགོས་པ་དང་འཕྲོད་པའི་ཟས་སྤྱོད་མཐའ་དག་ཡུན་རིང་བསྟེན་དགོས།
 
ཡང་ནད་མི་འབྱུང་བའི་ཆེད་དུ་ཟས་སྤྱོད་གཉིས་རྒྱུན་དུ་ཚུལ་བཞིན་བསྟེན་དགོས། དེ་ཡང་ཟས་ཀྱི་ངོ་བོ་བསིལ་དྲོད་དང་དེའི་བྱེ་བྲག་གི་ཕན་ནུས་གང་ཡིན་པ་ཐོག་མར་ཤེས་དགོས། དེ་ནས་དུས་བཞིའི་འགྱུར་འགྲོས་དང་རང་རེའི་མིའི་ལུས་ཁམས་ཀྱི་རང་བཞིན་དང་བསྟུན་ཏེ་འཕྲོད་པའི་ཟས་རིགས་མཐའ་དག་བསྟེན་དགོས་པ་མ་ཟད། དེ་ཡང་ཟ་ཚོད་རན་པར་ཟ་བ། ཟས་སྔ་མ་དང་ཕྱི་མའི་བར་ཉུང་མཐར་ཆུ་ཚོད་དྲུག་གི་བར་ཁྱད་འཇོག་པ། ཟས་རིགས་གང་ཞིག་རུལ་བ། བསྙལ་ནས་སྐྱུར་མོ་ཆགས་པ། ཡུན་རིག་ཉར་ཚགས་བྱས་པ་སོགས་གནོད་པའི་ཟས་རིགས་དང་། ཡང་བྱ་ཡི་སྒོ་ང་དང་ཉ་ཤ་མཉམ་དུ་ཟོས་ན་མི་འཕྲོད་པའི་ཟས་སུ་འགྱུར་བས་མི་འཕྲོད་ཟས་རིགས་མཐའ་དག་རྒྱུན་དུ་སྤོང་དགོས་པ་ཡིན། དེ་ལྟར་བྱས་ན་ནད་རིགས་མི་ཉུང་བ་ཞིག་སྔོན་འགོག་བྱ་ཐུབ་པ་མ་ཟད་རང་གི་ལུས་པོའང་བདེ་ཐང་ངང་ཡུན་རིང་གནས་ཐུབ།
 
བོད་ཀྱི་གསོ་བ་རིག་པ་ལས་ཟས་ལ་ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་དང་གཅིག ཟས་བསྡམ་པའི་ལེའུ་དངགཉིས། ཟ་ཚོད་རན་པར་ཟ་བའི་ལེའུ་དང་བཅས་གསུམ་གསུངས་ཡོད། དེ་བཞིན་སྤྱོད་ལམ་ལ་རྒྱུན་སྤྱོད་དང་གཅིག དུས་སྤྱོད་དང་གཉིས། གནས་སྐབས་སྤྱོད་ལམ་དང་བཅས་གསུམ་གསུངས་ཡོད། དེ་དག་ནི་མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་ཀྱི་ལྟེ་མིག་ལྟ་བུ་ཡིན་པས་མང་ཚོགས་ཀྱིས་ཤེས་རྒྱུ་ཡང་གལ་ཆེར་མཐོང་སྟེ། ཟས་རིགས་དེ་དག་སྡེ་ལྔ་རུ་དབྱེ་སྟེ་མིང་གི་རྣམ་གྲངས། པར་རིས། སྐྱེ་དབྱིབས། ཕན་ནུས་སོགས་མིག་ལ་བལྟ་བདེ་བ་ཡིད་ལ་འཇུག་བདེ་བའི་ངང་སྨན་རྩིས་དྲ་བའི་ནང་སྔོ་ཚལ་ལམ་སྡོ་ངད་ཀྱི་སྡེ་བཅུག་སྒྲིག་ཟིན་པ་དང་རིམ་བཞིན་ཤིང་ཏོག་གི་སྡེ་སོགས་འགོད་འཆར་ཡོད།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།