སྨན་རྩིས་དྲ་བ།

དཔལ་ལྡན་རྒྱུད་བཞི་བཀའ་དང་བསྟན་བཅོས་གང་ཡིན་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.03.2011
གླེང་སྟེགས། >> ལོ་རྒྱུས་སྐོར།



དཔལ་ལྡན་རྒྱུད་བཞི་བཀའ་དང་བསྟན་བཅོས་གང་ཡིན།

[བོད་གངས་ཅན་གྱི་གསོ་རིག་རྩ་བ་དཔལ་ལྡན་རྒྱུད་བཞི་ཞེས་པ་འདི་ཉིད་ལ་སྔར་ནས་ད་ལྟ་བར་དུ་བཀའ་དང་བསྟན་བཅོས་གང་ཡིན་སྐོར་ལ་མཁས་པའི་བཞེད་ཚུལ་མི་མཐུན་པ་མང་ཞིང་། སྐབས་སྐབས་སུ་དེའི་སྐོར་ནས་རྩོད་གླེང་ཡང་འབྱུང་བཞིན་ཡོད་པ་རེད། ལ་ལས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུང་ཚུལ་དང་། ཁ་ཆེ་པཎ་ཆེན་གྱིས་གཡུ་ཐོག་ལ་གསུངས་པ་དང་། ཁ་ཆེ་པཎ་ཆེན་གྱིས་བེ་རོ་ཙ་ནར་གསུངས་པ། བེ་རོ་དང་གཡུ་ཐོག་སོ་སོ་ནས་མཛད་ཚུལ། བེ་རོས་གཡུ་ཐོག་ལ་གསུང་ཚུལ། སློབ་དཔོན་པདྨས་བསམ་ཡས་སུ་གཏེར་དུ་སྦས་པ། གཡུ་ཐོག་གསར་མས་མཛད་ཚུལ། གཏེར་སྟོན་གྲྭ་བ་མངོན་ཤེས་ཀྱིས་གཏེར་ནས་བཏོན་ཚུལ། བོན་གྱི་འབུམ་བཞི་ནས་བཤུས་ཚུལ་བཅས་མང་དག་ཅིག་ཡོད་པ་ནས་དོན་དངོས་ཐོག་གཟིགས་པ་པོ་རྣམས་ཀྱིས་ཅི་ཞིག་ཡིན་པར་དགོངས་ཀྱི་ཡོད།]


ཐུགས་སྣང་གནང་།

   གོང་གི་བརྗོད་གཞི་ཐོག་རྩོམ་ཡིག་སྤེལ་འདོད་ཡོད་པ་རྣམས་ཀྱིས་ཆེད་རྩོམ་རྒྱས་བསྡུས་འཚམ་པ་ཞིག་བྲིས་ནས་གཤམ་གྱི་གློག་འཕྲིན་ཁ་བྱང་དུ་བསྐུར་གནང་ཡོང་བ་ཞུ། རྩོམ་ཡིག་གང་འབྱོར་བ་རྣམས་འདི་ག་སྨན་རྩིས་དྲ་རྒྱ་ཚོགས་ཆུང་གིས་ལྟ་ཀློག་རྗེས་ཚུད་པའི་རིགས་དྲ་ཐོག་ཏུ་འགོད་རྒྱུ་ལས་གཞན་ཕྱིར་སློག་དང་གནས་འཕྲིན་སོགས་སྤེལ་རྒྱུ་མིན།

   གོང་གི་བརྗོད་གཞི་དེ་ནི་དཔེ་མཚོན་ཙམ་ཡིན་ལ་གཞན་དུ་བོད་ཀྱི་སྨན་དང་རྩིས་ཀྱི་རིག་པ་དང་འབྲེལ་བའི་ལོ་རྒྱུས། ཞིབ་འཇུག སྨན་སྦྱོར། སྨན་བཅོས། དཔྱད་བསྡུར་སོགས་རང་གི་འདོད་མོས་ཡོད་པའི་བརྗོད་གཞི་གང་ཡང་རུང་བའི་སྟེང་རྩོམ་ཡིག་འབྲི་ཆོག

   རྩོམ་ཡིག་དང་ལྷན་དུ་རྩོམ་པ་པོའི་མཚན་ཆ་ཚང་བའི་སྟེང་། རྩོམ་ཡིག་ཚུད་པ་རྣམས་འབྱུང་འབྱུར་སྨན་རྩིས་དྲ་བ་དང་ཕན་ཚུན་འབྲེལ་བ་བྱེད་དགོས་སྲིད་སྟབས་ངེས་པར་དུ་ཁ་བྱང་ནམ་གློག་འཕྲིན་ཁ་བྱང་ཁ་གསལ་བསྐུར་གནང་རོགས།

རྩོམ་ཡིག་སྐུར་ཡུལ་གློག་འཕྲིན་ཁ་བྱང་།

mentsee@gmail.com

docpub@men-tsee-khang.org



 


མཐའ་མའི་འདོན་ཐེངས་།: 12.10.2020 ཉིན། 4:29 PM

<< སྔ་མ།