སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅོ་བརྒྱད་པ། ཟས་ཚོད་རན་པར་བཟའ་བའི་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅོ་བརྒྱད་པ། ཟས་ཚོད་རན་པར་བཟའ་བའི་ཚུལ་བསྟན་པ

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །དུས་ཀུན་དུསན་ཟ་ཚོད་རན་པར་བཟའ། །ཟས་རྣམས་ལྕི་ཡང་ཚད་ལས་(ལ་)དཔག་ཚད་ནས། །ཡང་བ་འགྲོང་(འགྲངས་)ཤིང་ལྕི་བ་ཕྱེད་འགྲང་ཙམ། །བདེ་སླག་(བླག་)འཇུ་སླ་ཚོད་ཟིན་ཞེས་སུ་བཤད། །དེ་ནས་ལུས་འཚོ་མེ་དྲོད་སྐྱེད་བྱེད་ཡིན། །གལ་ལྟེ་(ཏེ་)ཟས་ཚོད་མ་ཟིན་ཆུང་འགྱུར་ན། །སྟོབས་མདངས་མི་འཕེལ་རླུང་ནད་མ་ལུས་འབྱུང༌། །ཚད་ལས་ཐལ་ནས་མ་ཞུ་བདེ་སྣམས་(བེ་སྣབས་)སྐྱེད། །དེ་ཡིས་མེ་མཉམ་རླུང་རྒྱུའི་རྩ་སྦུག་བཀག །ཕོ་བའི་དྲོད་ཉམ་(ཉམས་)ཉེས་པ་མ་ལུས་སྐྱེས། །དེ་ཕྱིར་ཟས་དང་ཕོ་བའི་མེ་དྲོད་སྦྱར། །ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། །ཆ་བཞི་པ་ནི་རླུང་གི་གདན་(གནས་)སུ་བཞག །ཟས་ཟོས་རྗེས་སུ་སྐོམ་འཐུང་ངོམས་དང་ཁྱབ། །ཟས་འགྲོས་(འདྲུལ་)འཇུ་ཞིང་ལུས་ཡ་(ཡང་)སྟོབས་འཕེལ་བྱེད། །སྐད་འགག་གློ་རྡོལ་ལུད་པ་ཆམ་པ་དང་། །ནམ་ཚང་(ཚོང་)ཡན་ཆད་ནད་ལ་གནོད་པ་ཡིན། །མེ་དྲོད་ཆུང་ལ་ཤ་ཟོས་ཆང་འཐུང་བྱ། །མི་འཇུ་སྦོས་ན་ཟོས་རྗེས་ཆུ་སྐོལ་བཏུང༌། །སྐོམ་(སྐེམ་)པོ་རྒྱས་པར་བྱེད་ལ་ཆང་འཐུང་བྱ། །སྦོམ་པོ་འབྲི་ལ་སྦྲང་རྩིའི་ཆུ་བཏུང་ངོ༌། །ཞོ་ཆང་དུག་སྦྲགས་(སྦགས་)སྦྲང་རྩི་ཟོས་པ་ལ། །རྗེས་སུ་ཆུ་བསིལ་བཏུང་ན་ཕན་པ་ཡིན། །ཟས་ཟོས་བར་མཐའ་ཐོག་མར་སྐོམ་འཐུང་དང་། །ཉམ་འཚག་རན་ཞིང་སྦོམ་དང་སྐོམ་(སྐེམ་)པར་འགྱུར། །ཉས་(ཉེས་)པ་ལམ་མིན་མི་འགྲོ་མེ་དྲོད་འབར། །ལུས་ཡང་དང་ག་བདེ་ལ་དབང་པོ་གསལ། །སྟོབས་ཆེན་བཤང་ལྕི་(གཅི་)འོག་རླུང་བདེ་བར་བྱིན(འབྱིན)། །ཟས་ཚོད་ལས་(རན་)པར་ཟིན་ལས་འབྱུང་བར་འགྱུར། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ཁ་ཟས་བསྲུང་བར་དང་ཚོད་རན་པར་ཟ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:08 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།