སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་པ། ཁནྡའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་པ། ཁནྡའི་སྡེ་ཚན་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། གཉིས་པ་ཡན་ལག་བཞི་ཡི་སྦྱོར་བ་ལ། ཁན་དྷའི་(ཁཎྜ་)སྦྱོར་བ་གསུངས་པ་བཤད་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལས་(ལ་)སོགས་ཉན་པའི་འཁོར་རྣམས་ཀུན། ཡན་ལག་གཉིས་པ་ཁནྡའི་ཁནྡའི་སྦྱོར་བ་སྟོན། ཁན་དྷ་(ཁཎྜ་)འདི་ནི་ཀུན་བསྡུས་སྦྱོར་བ་ལ།། ཐང་སྨན་སྔོ་སྨན་བསིལ་སྨན་ཀུན་བསྡུས་པ།། དེས་ན་ཚྭ་(ཚ་)བ་ཡི་ནད་ལ་སྔོ་ཡི་སྨན།། གཅིག་པ་ཐང་གི་ཁནྜའི་(ཁནྜའི་)སྦྱོར་བ་ནི། ཐང་གི་སྔོ་སྨན་བསིལ་རིགས་ཀུན་བསྡུས་ནས། ཁུ་བ་ལེགས་པོར་བསྐོལ་ནས་ཁན་དྷ་(ཁཎྜ་)སྦྱར།། རྩི་སྨན་མཁྲིས་སྣ་མཚམས་ནས་(ཚོགས་ཚད་)ཁ་ཚར་བཏག་(བཏབ་)ཚད་པའི་རིགས་སུ་གྱུར་པ་མ་ལུས་སེལ།། གཉིས་པ་སྔོ་ཡི་ཁན་དྷའི་ཁནྡའི་སྦྱོར་བ་ནི།། བསིལ་གྱི་སྔོ་རིགས་འཚོགས་(ཚོགས་)ཚད་ཁན་དྷ་(ཁཎྜ་)སྦྱར།། བྲག་ཞུན་ཁ་ཚར་བཏག་(བཏབ་)ན་ཚད་པ་སེལ།། གསུམ་པ་རྨ་སྨན་ཁན་དྷའི་(ཁཎྜའི་)སྦྱོར་བ་ནི།། རེ་སྐོན་བྲག་སྤོས་པ་དང་རི་དང་ལུང་།། རྟ་པགས་(ལྤགས་)དར་ཡ་ཀན་རྣམས་སེར་ཀ་དང་།། རྨ་སྨན་སྟོན་ཁའི་བ་མོས་མ་ཕོག་པའི།། རྩ་བ་ལོ་མ་ཀུན་ཀ་ཁན་དྷ་(ཁཎྜ་)སྦྱར།། གླ་རྩི་ཁན་དྷ་(ཁཎྜ་)བཏག་(བཏབ་)པ་རྨ་སྨན་མཆོག། ཁྱད་པར་མགོ་ཆགས་ནད་ལ་རྩི་རུ་ཆེ།། ཨ་བོ་བྲག་སྤོས་རེ་རལ་གསུམ་པོ་དང་། ཕག་ལ་(པ་)བཅད་སྦྱོར་གཡུ་ཤིང་རྣམ་པ་གསུམ།། དཀར་པོ་བཅད་སྦྱོར་རྟ་པགས་(ལྤགས་)རེ་སྐོན་པ།། སྲོལ་གོང་པ་དང་དར་ཡ་ཀན་ལ་སོགས།། ཨ་བི་ཤ་(ཥ་)དང་ཚེར་སྔོན་ཆུ་རྩ་དང་།། སྔོ་ཡི་ཚ་བ་གསུམ་ལ་ཁན་དྷ་(ཁཎྜ་)སྦྱོར།། གུར་གུམ་ཇུ་(ཅུ་)གང་མཁྲིས་སྣ་ཁ་ཚར་བཏག(བཏབ)།། ཤ་རུལ་མགོ་བོ་ཡན་ལག་རྨ་ལ་ཕན།། བཞི་པ་བཤལ་གྱི་ཁན་དྷ་(ཁཎྜ་)དུར་བྱིད་ཐར་ནུ་དང་།། ལྕིམ་(ལྕུམ་)རྩ་ཁྲོན་བུ་སྔོ་(སྔོན་)བུ་རྩི་སྟག་མོ།། དོང་ཁ་ཤི་རི་(ཤྲཱི་)ཁན་དྷ་(ཁཎྜ་)དན་དྷ་(ད་)དང་།། ཨ་རུ་མཆུ་བསྙུང་(སྙུང་)སྦྱོར་སྨན་ཁན་དྷ་བྱས།། འཇམ་ལ་རྣོ་སྟེ་མཆོག་ཏུ་དམུ་ཆུ་སྦྱོར།། ལྔ་པ་ཐར་ནུའི་ཁན་དྷ་(ཁཎྜ་)རྩ་བ་ལོ་འབྲས་ལ།། ཆུ་ཡིས་མ་གནད་ཕྱར་ན་དུར་བྱིད་ཧོང་ལེན་དང་།། ཆུ་རུག་འཕྲད་རྩམ་(ཙམ་)བཏང་བའི་ཁན་དྷ་(ཁཎྜ་)དེས(དང་)།།  མི་སྐྱུག་མི་འཁྱག་ཆུ་མི་གནོད་པས་མཆོག། ན་སོ་རྒན་གཞོན་ནམ་ཟླ་དབྱར་རྒྱུན་ན།། ནམ་ཡང་བཏང་རུང་སྦྱོང་ལ་བདུད་རྩི་ཡིན།། དྲུག་པ་མཁྲིས་སྣ་བསགས།། མཚེ་ཤིང་རྒྱ་སྐགས་(སྐག་)བྲག་སྤོས་ཁན་དྷར་(ཁཎྜ་)སྦྱར།། གུར་གུམ་ལ་ཁ་ཚར་བཏག་(བཏབ་)པས་སྣ་ཁྲག་བླུག(ལུག)། གློ་བ་ཁྲག་སྨུག་ཁྲག་རྩ་ཁ་ལུད་དང་།། ཁྲག་གི་འཁྲུ་སྐྱུག་མ་ལུས་སེལ་བར་བྱེད།། བདུན་པ་བྲག་ཞུན་ཁཎྷ་(ཁཎྜ་)ཆུ་སྦང་སྦྱར།། སྙིགས་བཏོན་ལྕགས་ཀྱི་སྣོད་དུ་མ་འགྲེགས་(འདྲེགས་)གདུ།། ཕོ་མཆིན་མཁལ་མའི་ཚད་པ་ཀུན་ལ་ཕན།། ལྷག་པར་དུག་ཚད་སྨུག་པོ་ཆུ་འགགས་སེལ།། བརྒྱད་པ་ཆུ་ཡི་བཤལ་སྨན་ཁན་དྷ་(ཁཎྜ་)ནི།། བ་ཐུལ་དམར་སེར་གཅིན་ལ་ཁན་དྷ་(ཁཎྜ་)སྦྱར།། དན་དྷ་(ད་)དུར་བྱིད་ཐར་ནུའི་ཁ་ཚར་བཏག(བཏབ)། འོར་དང་དམུ་ཆུ་མཛེ་དང་སྐྱ་རྦབ་སེལ།། ཚད་པ་རྙིང་པ་དབྱིག་དུག་ཆུ་སེར་སྦྱང་།། དགུ་པ་སྟར་བུའི་ཁན་དྷ་(ཁཎྜ་)ལེགས་པོར་ཁུ་བ་བཅང་།། རུས་པ་རོ་མ་ཕྱུག་(ཕྱུངས་)ལ་ཁུ་བ་གདུ།། བད་ཀན་གློ་ནད་ཁྲག་སྲིན་འགྱིང་འཁྱིག་བཤིག། བཅུ་པ་ཤུག་པའི་ཁན་དྷ་(ཁཎྜ་)ལེགས་པོར་ཁུ་བ་བཅང་།། རུས་པ་རོ་མ་ཕྱུག་(ཕྱུངས་)ལ་ཁུ་བ་གདུ།། བད་ཀན་གློ་ནད་ཁྲག་སྲིན་འགྱིང་འཁྱིག་བཤིག། བཅུ་པ་ཤུག་པའི་ཁན་དྷ་(ཁཎྜ་)ཐོག་བུ་གདུལ།། སེལ་བུ་ཁ་ཚར་བཏགས་པས་རྐང་ལག་གི། ཆུ་སེར་དམར་འགྲམ་(འགྲམས་)མ་ལུས་སེལ་བར་བྱེད།། བཅུ་ཅིག་(གཅིག་)རམ་ཉེ་(ར་མཉེ་)ལྕ་བ་ཁན་དྷ་(ཁཎྜ་)དང་།། བུ་རམ་སྦྱར་བས་མཁལ་སྐེད་ཆུ་སེར་འཇོམས།། ཐ་མ་གཅིག་རྒྱུག་ཁན་དྷ་(ཁཎྜ་)ལྔ་སྟོན་ཏེ།། སེང་ལྡེང་ཁན་དྷས་(ཁཎྡས་)མུར་(དམུ་)མཛེ་ཀླུ་ནད་སེལ།། ཟང་(ཟངས་)རྩི་ལྡུམ་གྱི་ཁན་དྷས་(ཁཎྡས་)མཁལ་ནད་སེལ།། དོ་བ་རྟ་སྦང་(སྦངས་)སྤུ་རྩའི་ཁན་དྷ་(ཁཎྡ་)ལ།། ཤིང་ཀུན་བྱི་ཏང་ཀ་དང་རྩི་ཏྲ་ཀ། བོང་ང་བཏག་(བཏབ་)ན་ཐོར་སྲིན་ཤ་བཀྲ་སེལ།། སྐྱེར་ཤུན་ཁན་དྷ་(ཁཎྡ་)མིག་ནད་བདུད་རྩི་མཆོག། འབམ་པོ་སོས་ཀའི་དབྱི་མོང་གཉིས་བསྡེབ་ནས།། དེའི་ཁན་དྷས་(ཁཎྜས་)ཁོང་འབྲས་བཤིག་པར་བྱེད།། དེ་ལྟར་ཁན་དྷའི་(ཁཎྜའི་)སྦྱོར་བ་བཅུ་དྲུག་མངོན།། ཁན་དྷ་(ཁཎྜ་)དེ་རྣམས་ལག་ཏུ་ལེན་ལུགས་ནི།། ས་བཤལ་ལེགས་པོར་བཙོས་(ལ་)ཆུ་བསྣན་བསྒྲང་(བགྲུངས)།། ལེགས་པོར་བཅང་བཙིར་ནུས་པ་ཐོན་ཐབ་(ཐབས་)བྱ།། རོ་མ་དར་བཙག་ཁུ་བ་སྨན་བཏབ་བསྡུ།། མ་ཚིག་བར་དུ་དཀྲུག་ཅིང་སྤྲིས་མ་བྱུང་(ཕྱུང་)།། རྡོ་གྲང་ཐོག་ཏུ་ཐིག་(ཐིགས་)པ་གཅིག་བླུག་པས།། དྲིལ་དུ་བཏུབ་ན་རན་པས་ཕོག་ལ་བསྒྲང་(བགྲུངས)།། དྲིལ་མི་བཏུབ་ན་བསྐོལ་མེན་(མེས་)དྲོད་བསྙོམས་བསྲོ།། ཞབས་ཀྱི་མཁར་(འཁར་)ཚིག་མི་བཏང་སྐྱིལ་(སྐྱི་)མོར་བཏེག། ཐུན་ཚོད་རན་པ་ཆུ་ཡི་ནང་དུ་བཤིགས།། ནད་སྨན་གང་ཡིན་དཔྱད་པས་བདུད་རྩི་ཡིན།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་ཁན་དྷའི་(ཁཎྜའི་)སྡེ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།