སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་གཉིས་པ། གླང་ཐབས་གྲོལ་མ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་གཉིས་པ། གླང་ཐབས་གྲོལ་མ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གླང་ཐབས་གྲུབ་[གྲོལ་]མའི་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟེན[བསྟན]། །རྒྱུ་རྐྱེན་མ་ཞུ་བ་དང་མི་འཕྲོད་ཟས། །རྔུལ་གྲང་སྲིན་འཁྲུག[འཁྲུགས་]གདོན་ལས་འབྱུང་བར་བྱེད། །གཉིས་པ་དབྱེ་བ་གནས་དང་རིགས་ཀྱིས་དབྱེ། །གནས་ནི་དོན་གླང་སྣོད་གླང་རྩ་གླང་གསུམ། །དོན་གླང་མཆིན་གླང་འཚེར་[མཚེར་]གླང་རྣམ་པ་གསུམ[གཉིས]། །སྣོད་གླང་ཕོ་བ་རུ་[རྒྱུ་]མ་ལོང་དང་གསུམ། །རྩ་གླང་ཕྱི་རྩ་ནང་རྩའི་གླང་ཐབས་གཉིས། །རིགས་ནི་ཚ་གྲང་སྲིན་དང་གཉེན་[གཉན་]གླང་བཞི། །ཚ་གླང་མཆིན་འཚེར་[མཚེར་]གཉིས་ཀྱི་ཁྲག་འཁྱགས་དང༌། །ཁྲག་དང་མཁྲིས་པ་ཕོ་ལོང་ལྷུང་ལས་བྱུང༌། །གྲང་གླང་ཕོ་བར་མ་ཞུ་ལྷུང་བ་དང༌། །རྒྱུ་ལོང་ནང་དུ་ཐུར་སེལ་འཁྱིལ་ལས་བྱུང༌། །སྲིན་གླང་ཕོ་ལོང་གཉིས་སུ་སྲིན་འདྲེལ་[འདྲིལ་]ཡིན། །གཉིན[གཉན་]གླང་ཕོ་བ་རྒྱུ་མར་[གཉན་]བབས་པའོ། །གསུམ་པ་དེ་རྟགས་མཆིན་གླང་མཆིན་སྟེངས་གཡས་ངོས་གཟེར། །རྔུལ་གྲང་རྗེས་ལ་ནད་ལྡང་རྩ་ཆུ་ཚ། །མཚེར་གླང་རྩིབ་ཐུང་གཡོན་དང་མཚེར་ཐད་ན། །སྦོས་འཁྲོག་བྱེད་ཅིང་ཆུ་གྲང་འཐུང་[འཐུངས་]ན་ན། །ཕོ་བ་གླང་ཐབས་ལྷེལ་[ལྷེན་]སྣའི་འོག་ཏུ་ན། །རྒྱུ་མའི་གླང་ཐབས་རྒྱུ་མའི་སྟོད་དུ་ན། །ལོང་གླང་ལྟེ་བའི་ཐད་ཀན་[ཀར་]གཡས་གཡོན་ན། །ཚ་གླང་རྒྱུ་རྐྱེན་ཚ་བས་རྐྱེན་བསླང་ནས། །ལུས་རྔུལ་གསུམ་[གསུས་]པ་ཆུང་ལ་ལྡན་[ལྡང་]དུབ་བྱེད། །ཁྲག་གམ་འཁྲིས་[མཁྲིས་]པ་འཁྲུ་སྐྱུག་རྩ་ཆུ་ཚ། །ཁྱད་པར་ཕོ་བ་ལོང་དུ་ཁྲག་ལྷུང་ན། །གྲང་རྗེས་ན་ལ་སྒྲེག་སྐྱུག་ཚུར་[ཚུལ་]སྟོན། །རོ་རྒྱབ་མཆིན་དྲི་སྦྲག་ཅིང་ཚ་རུམ་བྱེད། །འཁྲིས་[མཁྲིས་]པར་ལྷུང་ན་ཁ་སྐམ་སྐོམ་དད་ཆེ། །ཁ་ཁ་འཁྲིས་[མཁྲིས་]པར་སྐྱུག་ལ་གཟེར་འགྱུར་སྒྲེག ། གྲང་གླང་རྒྱུ་རྐྱེན་གྲང་བས་ལྡང་བ་ལ། །སྦོས་ལྡིང་ལྡང་དུབ་མེད་པར་ཐེར་ཟུག་ན། །མ་ཞུ་བད་ཀན་སྐྱུག་ཅིང་གྲང་རྔུལ་བྱེད། །ཁྱེད་[ཁྱད་]པར་མ་ཞུ་མི་འཕྲོད་ཟོས་རྗེས་ལྡང༌། །རུལ་སྒྲེག་མང་ལ་སྐྱུག་ལ་ཟོས་ཐོག་ན། །ལོང་དུ་སྨུག་པོ་འཐབ་པའི་གླང་ཐབས་ནི། །ཐུར་རླུང་མི་ཐོན་ཕ་འབུར་[ཕར་འབོར་]ཚུར་འབུར་[འབོར་]རྒྱུ། །འགྲང་[འགྲངས་]དང་མཚན་མོའི་དུས་ན་ཁྱད་པར་ན། །ལྟོག་[ལྟོགས་]ཤིང་ཉིན་མོའི་དུས་ན་ཅུང་ཟད་བདེ། །རྒྱུ་མར་ཐུར་སེལ་བཅིལ་[འཁྱིལ་]བས་ཕྱེན་མི་ཐོན། །གྱེན་དུ་རླུང་འཁྱིལ་སྦོས་འཁྲོག་ཧྲིལ་ཧྲིལ་འདྲིལ། །ཚབས་ཆེ་རླུང་གིས་བཅུས་[གཅུས་]ཤིང་འཁྲིལ་ན་སྤང༌། །ཕོ་ལོང་སྲིན་གླང་དཀར་མངར་གྲང་རྗེས་ན། །གྲུ་ཁུར་[གུར་]འདྲིལ་ལམ་ཚ་ལ་འབུག་[འབུགས་]སྙམ་བྱེད། །ལྡང་དུབ་ཆེ་ལ་ལྷག་པར་ལངས་དུས་གཟེར། །ཕོ་བ་རྒྱུ་མར་གཉེན་[གཉན་]བབས་གྱིས་བཀྲུག་[གྲིས་དཀྲུགས་]འདྲ། །ཕོ་བ་སྒྲིབས་[སྒྲིམས་]ལ་ཉ་[ཉྭ་]འབྲོས་བ་སྤུ་ལྡོག །རྩ་འཛུར་[འཇུར་]རྣ་བ་སླེབས་ཤིང་རྫི་མ་འཆགས[ཆག་]།ཕྱི་རྩ་གླང་ཐབས་གཟེར་[ལྟེ་]བའི་ཟུང་[ཟུར་]གཉིས་འཕར། །ནང་རྩ་གླང་ཐབས་སྲོག་རྩ་གཟེར་ཞིང་འཁྲུགས། །བཞི་པ་མཆིན་གླང་གྲོག་ཞིང་བསྲོས་པས་བདུག །དྲི་ཆུར་བྲག་ཞུན་བ་ཤ་ཀ་ཐང་བཏང༌། །གུར་གུམ་བདུན་ནམ་ཅུ་གང་བརྒྱད་པ་སྦྱར། །རུ་ཐུང་རྩ་གཏར་རྕ་ཡི་ཁྲག་ཤེད་བཅད[བཅག]། །མཚོར་[མཚེར་]གླང་སེལ[སེ་]འབྲུ་རྒྱམ་ཚྭ་བཞི་ཐང་བཏང༌། །མ་ནུ་སེལ[སེ་]འབྲུ་སུག་སྨེ[སྨེལ་]ཀ་ཀོ་ལ། །རྒྱམ་ཚྭ་པི་པི་ལིང་དང་ཀ་ར་སྦྱར། །མ་ནུ་དྲུག་པ་ཆུ་བསྐོལ་ཕུལ་ལ་བཏང་། །ཡོས་སམ་སྲན་མ་བཙོས་པའི་དུགས་བྱ་སྟེ། །མཚེན་[མཚེར་]རྩར་རྟ་མཐུར་སྲིན་ལག་རྒྱབ་དང་རུང་[རུ་]ཐུང་གཡོན་པ་གཏར། །མཚེན་[མཆིན་]མཚེར་གླང་ཐབས་དེ་གཉིས་ཞི་དཀའ་བས། །ལྕིམ་[ལྕུམ་]རྩ་ཨ་རུ་དུར་བྱིད་རྒྱམ་ཚྭའི་ཐང་། །སྣོད་གླང་གང་ཡང་དཔྱད་མཆོག་སྦྱོང་ཡིན་པས། །སྟར་བུ་དུང་དང་སྦྲུལ་ཤ་རྒྱམ་ཚྭ་དང༌། །དུར་བྱིད་བུ་རམ་དྲི་ཆུའི་རིལ་བུས་སྦྱངས། །སྣོད་དུ་ཁྲག་མཁྲིས་མ་ཞུ་ལྷུང་བ་འདོན། །ཁྱད་པར་ཕོ་གླང་སྐྱུག་དྲང་རྒྱུ་མ་བཤལ། །ལོང་གླང་ནི་རུ་ཧ་ཡིས་དྲང་བར་བྱ། །ཚ་གླང་ཆུ་རྡོའི་དུགས་བྱ་རུ་ཐུང་གཏང་། །ཨ་རུ་བྲག་ཞུན་གླ་རྩི་བོང་ང་དང་། །གུར་གུམ་དོམ་མཁྲིས་སུག་སྨེ་[སྨེལ་]པྲི་ཡང་སྐུ[ཀུ]། ལི་ཤི་ཀ་རའི་ཕྱི་[ཕྱེ་]མ་བཏང་བར་བྱ། །བྲག་ཞུན་བ་ཤ་ཀ་དང་བ་ལེ་ཀ །དེའི་ཐང་བཏང་དོམ་མཁྲིས་གུར་གུམ་བཏབ། །མཆིན་ཁྲག་ཕྲོ་[ཕོ་]བར་ལྷུང་ན་སྟར་བུས་སྦྱངས། །རུ་ཐུང་གཏར་ཞིང་ཡོས་སམ་ཆུ་རྡོས་བདུག ། ཚ་བ་གསུམ་དང་ཁ་རུ་རྒྱམ་ཚ་དང་། །བྲག་ཞུན་བཞི་པ་ཀ་ར་སྦྱར་ནས་བཏང་། །འཁྲིས་[མཁྲིས་]པ་ལུད་[ལྷུང་]ལ་གཡའ་ཀྱི་སྦྱོང་སྐྱུག་སྦྲག །དུར་བྱིད་རྒྱམ་ཚ་བསྐོལ་བའི་ཐང་ཡང་བཏང་། །སིལ་[སེ་]འབྲུ་བདུན་པ་གུར་གུམ་དུག་ཉུང་དང་། །གསེར་གྱི་མེ་ཏོག་ཀ་ར་ལྟག་སྤྲེད་[སྤྲོད་]བཏང་། །གྲང་གླང་དུགས་ཐང་བསྲོ་ལ་ཤིང་ཀུན་དང་། །ཚ་གསུམ་ཁ་རུ་ཚ་དང་བུར་དཀར་དང་། །དེ་ཡང་ཕྱི་[ཕྱེ་]མ་བཏང་ཞིང་མེ་ཡིས་བཅོས། །མ་ཞུ་ལྷུང་ན་སྐྱུགས་རྗེས་དྲོད་སྨན་བཏང་། །སྨུག་པོ་འཐབ་པ་རུ་རྟ་དྲུག་པ་སྦྱར། །ཆུ་ལོ་ཨ་བོའི་དུག་[དུགས་]བྱ་རུ་ཐུང་གཏར། །ལྟེ་ཟུར་བསྲེག་ལ་ནི་རུ་འཇམ་རྩི་སྤེལ། །རྒྱུ་མར་རླུང་འཁྱིམ་མེས་བསྲོ་བཀྲུ་འཇམ་བཏང༌། །ཤིང་ཀུན་བཞི་པ་ཁ་རུ་ཚྭ་དང་ཕོ་བ་རིས། །དེའི་ཕྱེ་མ་ཆང་གིས་དབུལ་ལ་བཏང་། །སྲིན་ལ་རྒྱ་ཚ་ད་[དྭ་]བའི་རྕ་བའི་[བའམ་]། །ཤུ་ཏི་བུ་རམ་སྦྱར་བའི་རིལ་ལུ་[བུ་]འམ། །ལང་སྟང་[ཐང་]རྕེ་འམ་ཐང་ཕྲོམ་སྒོག་ལྔུ[སྐྱ་]འམ། །དཀར་པོ་ཅིག་[ཆིག་]ཐུབ་དྲི་ཆུ་སྦྱར་བས་འཇོམས། །རྟ་སྦངས་བུར[ཕུར་]མོ་དྲི་ཆུའི་དུགས་ཀྱིས་བདུག །གཉེན[གཉན་]ནད་ལྷོགས་སུ་[ལྷོག་དུག་]གསུམ་གྱི་སྦྱར་བ་ཡིན། །མི་འཆི་སྟག་ཤ་གང་རུང་པི་པི་ལིང་། །རྒྱམ་ཚ་གསང་ཆུ་དྲི་ཆུ་སྦྱར་བ་དེ། །གཉན་ནད་ལྷོག་དུག་གསུམ་གྱི་གཉེན་པོ་ཡིན། །ཡང་ན་བྱ་ཁྱུང་རིལ་ལུད་[བུས་]བསད་པའི་རྗེས། །ཐར་ནུ་ཆུ་རྕའི་རྒྱམ་བློན་སྦྱོར་བར་བྱ། །རྕ་གླང་རྐེད་པ་འཆད་[བཅག་]ཅིང་རྕ་བཞི་བཅིང་། །ལྕིམ་[ལྕུམ་]རྕའི་བཤལ་དང་ནང་རྩ་གཏར། །དེ་འོག་སེར་བཞི་དྲུག་སྤྱི[ཕྱི་]རྕ་ལྟ་[ལྟེ་]ཟུར་བསྲེག་ལ་རླུང་ལམ་བཀག །ནང་དུག་[མང་དུ་]ཕྱེ་ལ་ནད་ངོས་ཕྱེད་པ་གཅེས། །ཉུང་ངུ་བསྡུས་ནས་ལག་ལེན་མཁས་པར་དྲིལ། །ཅེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་གླང་ཐབས་གྲོལ་མ་བཅོས་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།