སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་བདུན་པ། གདུག་པ་ཀླུའི་གདོན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་བདུན་པ། གདུག་པ་ཀླུའི་གདོན་ནད་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྕལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ནམ་ཞིག་ལྔ་བརྒྱའི་དུས་ལ་བན་[བབ་]ཙམ་[ཙ་]ན། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །མི་རྣམས་བསོད་ནམས་མར་འགྲིབ་དབུལ་པོར་འགྱུར། །ས་གཉེན་[གཉན་]རྨོས་ལ་སྤང་གཉན་རོལ་དུ་བཤད[བཤས]། །ཆུ་གཉན་ཡུལ་[ཡུར་]དྲང་[ཤིང་]གཉན་སྟ་རའི་[རེས་]གཏུབ། །རྡོ་གཉེན་[གཉན་]གཟུས་བཟློག་རི་གཉེན་[གཉན་]རྩི་ཤིང་བྲག[བྲེག] །མི་གཙང་ཤན་དམར་ཐབ་གཞོབ་འཇོལ་ཉོག་སྤྱོད། །བན་བོན་ནུབ་པས་འཇིག་རྟེན་ལྷ་ལ་རེ། །གཉན་ས་ཨར་གཏད་དཀྱུགས་པས་དགྲ་ཐུལ་རེ། །དེ་བས་ཀླུ་གཉན་ས་བདག་ཐམས་ཅད་འཁྲུགས། །རེག་མཐོང་ཁ་རླངས་བསམ་པའི་དུག་འཕྲོས་པས། །ཙི་ཙི་ཛ་[ཛྭ་]ལ་འབར་བའི་ནད་བསྐལ་དར། །མཐོང་བས་སྐྱུག་བྲོ་བསམ་པས་སྐྱི་འཇིགས་ཤིང་། །ཐོས་ནས་[ན་]ཡ་ང་རང་རོང་[རོ་]རང་གིས་མཐོང༌། །ཚེ་འདིའི་གཉན་[གཉེན་]བཤེས་ཀུན་དུང་[དང་]གསོན་བྲལ་བྱེད། །དེ་བཞིན་ནད་ཀྱི་གསོ་ཐབ་[ཐབས་]ངས་བསྟན་གྱིས། །རིག་པ་འཛིན་པ་དཔྱད་[བུ་]ཁྲི་ཤེས་ཉོན། །འདི་ལ་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་དང་། །རྟགས་དང་བཅོས་ཐབས་ལྔ་[དྲུག་]ཏུ་ཤེས་པར་གྱིས། །རུ་[རྒྱུ་]ནི་ལུས་ལ་གནས་པའི་ཆུ་སེར་ལ། །གཉིས་པ་རྐྱེན་གྱི་[ནི་]སྔོན་ལས་རྣམ་པར་སྨིན། །འཕྲལ་དུ་ཀླུ་དང་ཕོག་ཐུགས་[ཐུག་]བྱུང་བ་འམ། །ཟས་སྤྱོད་ཉེས་པས་འདུ་བ་འཁྲུགས་པ་ལས། །ཆུ་སེར་ནག་པོ་ལུས་ལ་རྒྱས་པ་ཡིན། །གསུམ་པ་མཚན་ཉིད་ཤ་ལྤགས་[པགས་]རུས་ཚིགས་དང་། །རྩ་ཁྲག་དོན་སྙིང་ཕྱི་ནང་ལུས་པོ་ཀུན། །ཆུ་སེར་བསྲུལ་[བས་]ལུས་ཀུན་མ་རུང་[རུངས་]བྱེད། །མི་བཟད་[བཟོད་]གསོ་དཀའ་མཛེ་ནད་ས་སྐྱོན་ཡིན། །བཞི་པ་དབྱེ་བ་གནས་དང་རིགས་ཀྱིས་བཅོ་བརྒྱད་འགྱུར། །ཞུགས་པའི་གནས་ཀྱིས་དབྱེ་ན་སྐྱི་ལྤགས་[པགས་]རྩི། །མདོག་སྟོབས་ཤ་ཚིལ་ཆུ་[བ་]རྩ་དང་ཁྲག །ཆུ་སེར་རུས་ཚིགས་ལྷ་བ་གླད་[ཀླད་]རྐང་ཁུ། །དོན་ལ་ཞུགས་པས་དབྱེ་བ་བཅུ་དང་བརྒྱད། །རིགས་ཀྱིས་དབྱེ་ན་རྐྱང་ལ་[པ་]ལྡན་འདུས་བདུན། །ཐོད་འདྲ་ཟླུམ་པོ་གླང་ཤུ་ཨུ་དུ་འབར[དུམ་ཝར]། །[རི་]ཤའི་མཛེ་[ལྕེ་]དང་ལྤགས་[པགས་]མཛེ་ཅིག་པུ་དང༌། །འབྲུམ་ཕྲན་ཤ་བཀྲ་འབྲས་བྱེར་སེར་ཀ་དང༌། །ཤུ་བ་ཁ་བརྒྱ་པདྨ་དཀར་པོ་དང༌། །འབྲུབ་བུ་གཡེན་[གཡན་]པ་ལྤགས་[པགས་]པ་མྱགས་པ་དང་། །འོལ་སེ་འདྲ་དང་སུམ་བཅུ་[ཅུ་]རྩ་དྲུག་གོ། །ལྔ་པ་རྟགས་[བརྟག་]ཐབས་དང་པོ་ནད་ངོས་བཟུང་པ་དང་། །གསོའ་[གསོ་]ཚེ་སྤང་བླང་མུ་བཞིར་བརྟག་པའོ། །ངོས་བཟུང་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཕྱི་ན་[ནང་]གསང་བ་གསུམ་གྱིས་བརྟག །ཕྱི་ལ་འཇུག་ཚུལ་རྨིན་[རྨི་]ལམ་བརྟག་པའོ། །མཚན་ཉིད་ལུས་ངག་ཡིད་[ལ་]བརྟག་པའོ། །དང་པོ་རྨི་[ལམ་]ཆུ་ཤིང་ནི་[ནེའུ་]སིང་དང་། །སྦལ་ལྕོང་ཉ་སྦྲུལ་བུ་འབྲིང་[འབུ་སྦྲང་]སྡིག་པ་སོགས། །ལུས་ལ་འབྱར་དང་གསེབ་ན་འདུག་པ་དང་། །མཛོ་གཡག་གཅན་གྱིས་བརྡུང་དང་འདེད་པ་དང་། །མི་ཤིང་[ཤོང་]སྒོ་འཕྲང་འཛུལ་དང་གཡང་ལ་ལྷུང་། །ཉི་ནུབ་མུན་སྲོས་སེར་བ་འབབ་པ་དང་། །མདའ་གཞུ་མཐུ་[འཐུ་]སྒོ་འདོར་པོ་ལྷ་ཁང་འགུལ་བ་དང་། །བུད་མེད་ངག་[དག་]གིས་ལུས་ཟུངས་འབྱིན་པ་རྨི། །གདོན་གྱིས་འདེབས་པ་ལྷ་ཡིས་ཚེར་[ཚོར་]རྟགས་ཡིན། །གཉིས་པ་ལུས་རྟགས་[བརྟག་]བྱེད་[བྱད་]ལ་འགྱུར་བ་མང་། །ཤ་བཀྲག་སྐྱེ་འབྲི་འགྱུར་ལྡོག་མང་བ་དང་། །དོན་མེད་ཁྲག་སྐྱེ་སྣ་ཁྲག་འཛག་པ་དང་། །ལྤགས་[པགས་]པ་རེས་འགའ་[འགས་]རོས་[རེས་]རྩུབ་ཚའམ་གྲང་། །གཡའ་ཞིང་འཕྲུག་འདོད་ཆུ་[ཤུ་]ཐོར་ཆུ་བུར་འོང་། །འགུལ་འཕྲིག་ཕོ་མཆིན་མི་བདེ་རུས་རྐང་ན། །གནད་[བསྣད་]མིག་གས་པས་ཤུ་བ་ཡུན་རིང་སྡོད། །ངག་ལ་བརྟག་པ་སྐད་གདང་[གདངས་]འགྱུར་ལྡོག་མང་། །ཡིད་ལ་བརྟག་པ་སྙིང་[འཆུ་]མི་དགས་[དགའ་]འཕྱོ། །འཁྲོ་འཚིག་ཡིད་མ་ཆེས་ཡང་གསང་སྙིང་འདོད། །ནད་ཀྱིས་ཐེབས་པར་ངེས་སོ་རང་ཚོར་དུས། །གཉིས་པ་ནང་གི་བརྟག་ལ་རྣམ་རྟོག་ཅི་འདྲ་ཡང་། །བྱེད་[བྱད་]བཞིན་མེ་ལོང་ཡིན་པས་བཀྲུས་ལ་བརྟག །མེ་ཏོག་ཡོད་པར་[སར་]ཆུ་མི་འཆགས་པར་སམ[སྐམ]། །སྐྱ་སྨུག་དམར་པོས་[སོགས་]ཤ་མདོག་འགྱུར་བ་ལ། །ཤ་ལྤགས་[པགས་]བཏེག་ནས་མཐེ་བོས་མནན་རྗེས་འོང་། །སྣ་གོང་ཁུར་[མཁུར་]ཚོས་སྨིན་བྲག་[དབྲག་]རྣམས་ལ་མང་། །མེ་ཏོག་སྐམ་ན་དུས་ལས་འདས་པ་ཡིན། །གསལ་བར་སྟོན་པ་དབང་པོ་མིག་ཡིན་པས། །མི་གནོད་རྩ་དང་གནོད་པའི་རྩ་གཉིས་ནི། །མི་གནོད་པ་ནི་མིག་རྩ་རོང་པོ་ནས[རེངས་པ་ན]། །མིག་གི་མདངས་ལོག་ཁྲག་འཁྲུགས་འོང་བ་ཡིན། །གནོད་པ་དམར་སྨུག་ནག་གམ་གཏིང་དུ་བྱིང་སེ་བ། །རྩེ་ལ་ཐིག་ལེ་ནག་པོ་བཀལ་བ་ཡིན། །རྩེ་མོ་དབུས་ན་[ལ་]བསྟན་ཅིང་མིག་མདངས་ཉམས། །གདོན་གྱི་རིགས་དང་འཇུག་ཚུལ་ཞུགས་པ་ནི། །རྒྱལ་རིགས་ཡིན་ན་མགོ་ནས་ཕྱིར་བཟུང་ཞིང་། །ངད་པ་བཀོལ་ནས་[ར་རོད་བྲད་པ་བརྐོས་པ་]གསུམ་འབྱུང་ཞིང་། །གྲུ་མོ་གཡས་ལ་ཤ་རོ་འབྱུང་བ་ཡིན། །རལ་[ར་]ལ་དང་སྡང་[ད་བཏགས་]འདྲ་རྗེས་[རྗེ་]རིགས་ཡིན་པ་སྟེ། །བླ་[བརླ་]གཡོན་འཛིན་པ་པུས་མོ་གཡས་[གཡོན་]པ་ལ། །ཤ་རོ་ཤ་བཀྲ་འོང་ཞིང་འཕྲིག་དང་འགུལ། །ག་གོང་[མགོ་]བྱེ་[ཕྱེ་]བ་འདྲ་ན་རྨང་[དམངས་]རིགས་ཡིན། །བྱ་[བྱིན་]པ་གཡོན་ནས་འཛིན་ཅིང་པུས་མོ་ནི། །གཡོན་ལ་ཤ་རོ་ཤ་བཀྲ་འོང་ངག་[དག་]དང་། །འཇུག་ལྡང་མགོ་དང་ཡན་ལག་མཉམ་པ་ལ། །འཇུག་པ་གཡས་རྩ་སྟོད་ལ་འོང་ལ་གཡོན་རྩ་སྨད། །ནང་རྩ་དོན་ལ་ཕྱི་རྩ་ཤ་དང་ལྤགས་[པགས་]པ་འོང་། །ཐུབ་དང་མི་ཐུབ་ལོ་ཡི་གྲངས་རྟགས་[བརྟག་]པ། །ཐུབ་ན་རྩའི་རྩེ་མོ་མཚོན་[མཚོ་]ལ་མ་སློབ་[སླེབ་]ཅིང་། །གྲང་[གྲངས་]ཉུང་ཐུབ་ལ་མཐའ་མ་རྩ་བ་འཆད[ཆད]། །རྩེ་མོ་གུག་པ་ནད་གཞི་འབྱང་པས་ཐུབ། །རྩ་བའི་རྩེ་མོས་རྒྱལ་མོ་སླེབ་པ་དང་། །རྒྱལ་མོའི་བཀྲག་མདངས་ཉམས་པས་ས་ཡོང་ནས། །རྩེ་མོ་ཆེན་[ཆེ་]ན་གནས་ལུགས་མ་ལོགས་ན། །གཞན་མ་ལེགས་ཀྱང་ཕན་པར་མི་འགྱུར་རོ། །རྩེ་མོ་ལེགས་ན་གཞན་རྣམ་[རྣམས་]མ་ལེགས་བཟོད། །ལོ་གྲངས་དཀར་ནག་མཚམས་ན་ཆུ་རིས་དྲུག་ཡོད་དེ། །གདོན་རྩ་ཕུགས་ནས་[རྒྱ་]ཁྲམ་[གྲམ་]དུ་འོང་བ་དང་། །ལོ་གྲངས་ཕྱི་མཚོའི་ཚིག་[ཚིགས་]ལ་ལོ་གྲངས་རྩི། །གསུམ་གསང་བ་སྨར་[སྨན་]གྱི་སྒོ་ནས་བརྟག་པ་ནི། །མུ་ཟི་གུ་གུལ་ཆུ་དག་གླ་རྩི་བཞི། །སྲུབ་ཁ་ལོ་མར་མཉམས་པ་[མཉམ་ལ་]རས་སུ་བཏུམ། །དྲི་ཆུར་སྦངས་ནས་སྐོམ་དུ་ཞག་གསུམ་བཞན་[བཞག་]ཡང་བཏུད[བསྟུད]། །ཡང་ན་ཁྱི་ལྕེའི་ཕྱི་[ཕྱེ་]མ་ཐུར་འགོ་[མགོ་]གསུམ། །གཞན་གྱི་སྐམ་[སྐོམ་]ཡང་བཏུང་དེའི་དྲི་ཆུར་བསོག །དེ་ཡང་ཞག་གསུམ་བཟློགས་ནི་འཁོར་མར་བཏུང་། །དྲི་ཆུ་ཁྲག་ཏུ་བྱུང་ན་མི་ཐོན་ངེས་པ་ལ། །ཆུ་སེར་བྱུང་ན་གདོན་གྱིས་གནོད་པ་ཡིན། །དྲི་ཆུ་རང་གི་མདོག་ལས་མ་འགྱུར་ན། །མི་གནོད་པ་ཡིན་འགྱུར་ན་གནོད་པའི་རྟགས། །གཉིས་པ་བྱེ་བྲག་བརྟག་པ་དུག་དང་གདོན། །ཞུགས་ཚུལ་བབས་པ་ཉེས་པ་རིགས་ཀྱིས་བརྟགས། །དང་པོ་[དུག་]གི་སྒོ་ནས་བརྟག་པ་ནི། །ལུས་དང་ཤེས་པ་ལྗི་[ལྕི་]ལ་གཉིད་ཆེ་དང་། །བེམ་པ་ཤ་རོ་འོང་པ་ས་ཡི་དུག །འདར་འཕྲིག་སྦྲིད་པ་སེར་བ་རླུང་གི་དུག །ཚ་བེར་ཚ་ཚག་ཚ་བ་ཚ་མྱག་མེའི་དུག །གྲང་བསིལ་གྲང་ཞུམ་བེམ་པ་ཆུ་ཡི་དུག །གདོན་རིགས་དབྱེ་བ་རྩ་དང་ཡན་ལགས་[ལག་]གཉིས། །ཡན་ལག་ཐེ་[ཐེའུ་]རང་འགོད་[འགོང་]པོ་སྐྱི་ལས་[ལ་]འབབ། །མགོ་ལ་ཀློག་[གློག་]པ་གདོང་ལ་ཁྱད་པར་[ཁྱེ་མ་]འོང་། །བ་སྤུ་རྕོད་གཡག་[བརྩེ་གཡའ་]གྲང་བསིལ་ཁྱི་རེ་འོང་། །དམ་སྲིས་ལྤགས་[པགས་]པ་འཛིན་རེ་ཐོར་ཕྲན་འོང་། །གདོང་པ་རྩག་དམར་བེམ་དང་ཤ་རོ་འོང་། །ས་བདག་ཤ་ལ་འཛིན་ཏེ་འཕྲུ་ཁོར་[ཀོ་ལེར་]ན། །འགུལ་འཕྲིག་བེམ་པོར་བྱེད་དང་ཤ་རོ་འོང་། །གཉན་རྩ་བ་སྤུ་རིགས་དྲུག་ཆུ་རིགས་འཛིན། །རྩ་འཁྱུག་ཁྲག་སྐྱེ་མིག་རྩེ་ཟགས་འོང་། །ཚིགས་འཁོར་རྐང་ལག་འཁྲུམ་རོངས་[འཁུམས་རེངས་]སེན་བཀྲག་འཆོར། །རྒྱལ་རིགས་ཡིད་ཀྱི་དུག་ནི་གཙུག་ནས་འཇུག །གཙུག་ཏུ་ཤ་རོ་འོང་དང་དཀར་ལ་དགའ། །སྲིད་[སྲེད་]པ་རྒྱན་དང་སེམས་ཅན་དཀར་པོ་རྨ[རྨི]། །རྗེ་རིགས་མཐོང་བའི་དུག་ནི་རྩ་ནས་འཇུག །མི་དུགས་[མེ་དུག་]མཆིན་འབབ་རྒྱན་དང་སྲོག་ཆགས་དམར་པོ་རྨི། །བྲམ་ཟེ་ཁ་རླངས་དུག་ནི་གཡོན་ལ་འབབ། །ཆུ་དུག་མཁལ་འབབ་རྒྱན་སོགས་སྔོན་པོ་རྨི། །དམང་[དམངས་]རིགས་པའི་དུག་ནི་རྐང་པ་གཡས་ལ་འབབ། །རླུང་དུག་ལུས་ཀྱི་གཉེར་ཆུང་རྐང་ལག་རྒྱས། །སྐད་འཛེར་རྒྱན་དང་སེམས་ཅན་སྔོན་པོ་རྨི། །གདོལ་པའི་མཆི[མཆེ་]དུག་རྐང་པ་གཡོན་ལ་འབབ། །འདུས་པའི་དུག་ཡིན་ཕོ་འཚེར་[མཆེར་]སྐྲ་ལ་འབབ། །གློ་སྙིང་མི་བདེ་རྒྱན་དང་སེམས་ཅན་སེར་པོ་རྨི། །ཀླུ་ཡི་རྒྱལ་པོ་རྟིང་པར་དོན་ལ་འཇུག །སྣ་ཞིག་མིག་འཛུམ་ཤེད་ཆེར་སྙིང་མི་དགའ། །འཇུག་པའི་འཇུག་ལུགས་རྣམ་པ་ལྔ་ཡིན་ཏེ། །ཀུ་རེ་བཞེད་[བཞད་]གད་ཚུལ་དུ་འཇུག་པ་ལ། །དེ་ཡང་ཤེས་བྱས་ཟིན་པའི་བྱམ་[བྱམས་]པ་རྟག་ཏུ་བསྒོམ། །ལོགས་[སྤྱོད་]རེ་འདོད་ཚུལ་དུ་འཇུག་པ་ལ། །ཁ་སོ་མིག་འགུལ་རྩེ་[བརྩེ་]འོང་མས་སྦྱིན་བཏང་། །མི་གཙང་མནོལ་གྱི་སྒོ་ནས་འཇུག་པ་ལ། །གློ་བུར་འོང་བས་ཁྲུས་དང་བྱེད་[བྱད་]བཀྲོལ་བྱ། །དོ་བསྡོ་བསད་པའི་ཚུལ་གྱིས་འཇུག་པ་ལ། །གནད་མི་གཉན་ལ་འོང་བ་སྔགས་སྨན་བྱ། །ལས་ཀྱི་རྣམ་སྨིན་ཚུལ་དུ་འཇུག་པ་ལ། །མི་འདོད་སྤངས་པའི་རྟགས་འོང་བ་ཡིན། །འབབ་དང་[བབས་ས་]གནས་ཀྱི་སྒོ་ནས་རྟགས་[བརྟག་]པ་ནི། །སྐྱ་[སྐྱི་]ལ་བབ་ན་གླང་ཤུ་ཤ་བེམ་བ་སྤུ་དབྱིངས་[འབྱི]། །ལྤགས་བས་[པགས་བབ་]གསང་[གཡའ་]གྱོང་སྐྱི་བེམ་མི་བསྡུག་[སྡུག] །མདངས་བབ་སོ་བཀྲག་ཤོར་རྒྱིད་[སྒྱིད་]པ་སྐྱུགས[སྐྱུར]། །བཞིན་བས་[བབ་]ངོ་མདོག་འགྱུར་ལ་གཉེར་ཆུང་མངས་[མང་]། །སྟོབ་[སྟོབས་]བབས་ཤད་[ཤེད་]ཆུང་ལུས་ཀྱི་བྱ་བ་ཉམས། །ཤར་བབས་ཤ་འགུལ་བེམ་དང་ར་རོ་འོང་། །ཚིགས་བབས་ལུས་རིང་[རིད་]ཡན་ལག་འཁྲུལ་[འཕྲུལ་]བ་ཡིན། །ཆུ་བབས་ལུས་གྱོན་[གྱོང་]རྩ་བབས་སྦྲིད་ཐང་འཁྲུག །ཁྲག་བབས་གདོན་[གདོན་]དམར་ལུས་ལྗི་[ལྕི་]སྣ་ཁྲག་འཛག །ཆུ་སེར་བབས་ན་ཟ་གཡའ་ཉ་བཞིན་འོང་། །རུས་ཚིགས་བབས་ནས་[ན་]གྲུམ་ཐབ་[ཐབས་]ན་ཞིང་འཐིང་[འཐེང་]། །ཤ་སྐམ་སྣ་ཞོམ་དམར་ནག་སྐྱ་ཐིག་འོང་། །ལྷ་བ་འབབ་ན་མགོ་འཐོམས་མགོ་སྐྲ་འབྱིན་[བྱི]། །རྐང་བབས་སྐད་འགགས་ཡན་ལག་མཐིལ་བཞི་དམར། །ཁུ་བར་བབས་ན་སྐམ་ལྷུག་[ལུག་]འགྲིང་[འགྲེང་]མི་ནུས། །དོན་བབས་གློ་སྙིང་མི་བདེ་ཤེས་པ་འཕྱོ། །སྙིང་བབས་ལྕེ་ཡི་མདོག་འགྱུར་ཐོར་པ་འོང་། །གློ་བབས་སྟོད་ལྗི་[ལྕི་]སྣ་འགག་སྣ་ཆུ་འོང་། །མཆིན་བབས་གཉིད་ཆེ་ཤེས་འཐིབས་མཆིས་མཆིས་[མཆི་]མ་མང་། །མིག་འགུལ་དམར་ལ་རྩེ་[བརྩེ་]ཞིང་སྣ་ཁྲག་འོང་། །མཚོན་[མཚེར་]འབབ་མཆུ་ལ་བད་མཆུ་ལ་བད་ཆགས་ལྕེ་མདོག་སྔོ། །མཁལ་བབས་རྣ་འོན་མཁལ་[རྐེད་]འབྲས་བུ་སྐྲངས། །དེ་ཡང་མདོར་བསྡུས་བཅུ་གསུམ་བརྟགས་པ་ནི། །ལུས་གནད་སྤྱི་བོ་གནད་དང་[ངག་གནད་]མགྲིན་པ་དང་། །སེམས་གནད་སྙིང་གནོད་[ག་]ཁ་[སྙིང་]གནད་ལྕེ་ཡིན་ནོ། །གློ་གནད་སྣ་ལ་མཆིན་གནད་མིག་ཡིན་ནོ། །མཚེར་གནད་མཆུ་ལ་མཁལ་གནད་རྣ་བ་ཡིན། །ཚིགས་གནད་དགྲ་བགེགས་བཞི་རུས་གནད་སོ་ཡིན་ནོ། །ཤ་གནད་མཐེ་འོང་[བོང་]ཆུ་གནད་མཚན་མ་ཡིན། །མི་བདེ་དོན་སྣོད་ཞུགས་ནས་ཤ་རོ་ཞེན། །གློ་ནད་སྣ་ལ་མཆིན་གནད་མིག །ཉེས་པའི་སྒོ་ནས་མཛེ་རིགས་བཅོ་བརྒྱད་བརྟག །སྤྱིར་ནི་མདོག་སྐྱ་ལྕགས་རྕུམ་[པགས་རྕུབ་]ཤ་སྐམ་ཁ་སོ་ཞིང་། །མིག་རྩེ་[བརྩེ་]ཆུ་འཛགས་[འཛག་]རྐང་ལག་འཆད་[ཆད་]པ་འོང་། །རྦུང་[རླུང་]མཛེ་མདོག་སྨུག་ཁྲག་མཛེ་སྨིན་མ་བྱི། །མཁྲིས་མཛེ་ཨུད་དཔལ་[ཨུཏྤལ་]འདྲ་སྟེ་ཆུ་སེར་རྒྱས། །བད་རྐན་[བད་ཀན་]མདོག་ལྕེ་སུལ་དཀར་སྟག་འབྲེལ། །ཟླུམ་པོ་གླུང་ཤུ་ཟ་གཡའ་འབྲུམ་ཆུ་འཛག །རླུང་མཁྲིས་གཉིས་ལྡན་མཐའ་དམག་[དམའ་]དབུས་མཐོ་ཚ། །བད་རླུང་ལས་གྱུར་ལྤགས་[པགས་]པ་མཐུག་ལ་བེམ། །ཤ་ལྤགས་[པགས་]མཛེ་གཅིག་རྒྱ་ཆེ་རྟ་ལྤགས་འདྲ། །འབྲུམ་ཕྲན་འབྲུམ་བུ་རྕུབ་གཡའ་འོང་། །ཤ་བཀྲ་དཀྱིལ་རྕུབ་མཐའ་འཇམ་གཤེར་ཞིང་རླན། །འབྲས་བྱེར་རྨོན་[རྨེན་]བུ་དམར་པོ་གཡའ་བས་ཁྱབ། །སེང་ཀ་[སེར་ག་]དྲུག་པ་རྐང་མཐིལ་སེང་ཀང་[སེར་ག་]གས། །བེད་[བད་]མཁྲིས་ལས་གྱུར་ཤུ་བ་མང་པོ་འོང་། །ཤུ་བ་ཁ་བརྒྱད་[བརྒྱ་]དམར་སྨུག་མང་དུ་གས། །བད་ཀར་[པད་དཀར་]དབུས་དཀར་མཐའ་དམར་རྩ་རིས་མང་། །འབྲུམ་བུ་ལྤགས་[པགས་]སྲབ་མཐུག་པས་དཀར་དམར་ཁྱབ། །གཡས་[གཡན་]པ་གྲུང་སོར་[གྲུ་མོར་]ཚང་ར་འབྲུམ་ནག་འོང་། །ལྤགས་[པགས་]མྱག་འཐོར་པ་མང་པོས་ལུས་ཀུན་ཁྱབ། །འདུས་མ་[བ་]ལས་གྱུར་འོར་མ་སོར་[འོལ་མོ་སེ་]འདྲ་འོང་། །ནད་འདི་འོག་འགྲིམ་རྐུན་བུར་འཇུག་པའི་ཕྱིར། །མི་གསལ་འཁྲུལ་པོ་[སོ་]མང་བས་བཏག་[བརྟག་]ལེགས་གཅེས། །ཕྱི་ནང་གསང་རྟགས་གསུམ་གྱིས་གཏན་ལ་ཕབ། །སྙིང་རྩ་ཉི་[ཉྭ་]རྩའི་རླུང་གིས་ལུས་ཀུན་ཁྱབ། །གདོན་རྩ་འཕྲིག་པ་གཉིས་ནི་ནོར་དོགས་ཡོད། །དེ་ལ་ནད་རྟགས་ཉན་པར་འོང་བས་ཤེས། །ཤེ་[ཤ་]འབུར་འདུལ་བས་ཕྱུ་བར་འགྲོ་བ་དང་། །སྲིན་དབུར་[འབུར་]སྔགས་སྨན་རྣོ་པོར་[རྣོན་པོས་]རྣག་པ་དང་། །གཏིང་འབུར་རུས་འབྱར་ནད་ལ་ནོར་ལ་རེ། །ཤ་སྒང་ལོ་གཅིག་རུས་པ་ལོ་བཞི་ནོར་ལ་རེ། །ཁ་ཡོ་མོ་[མིག་]སླེ་སྐབ་སླ་[སྐམ་རློན་]ནོར་དོགས་པས། །གློ་བུར་བྱུང་བ་སླ་ལ་ཁད་བྱུང་སྐའ[སྐམ]། །ནད་དང་ཁམས་འདུས་གདོན་དང་ནོར་ལ་རེ། །ཡེང་[གཡེང་]མེད་ནད་ཡིན་མ་ཡེངས་བའི་དུས། །མི་ན་བ་ནི་ཁམས་འདུས་ནད་ཡིན་པ། །སྙིང་མི་དགའ་ཞིང་ན་བ་གདོན་ཡིན་ནོ། །རེས་ཡང་[འོང་]རེས་མོ་མངོན་[མི་འོང་]ནས་ཟིན་པ་མེད། །ཚོར་བ་ལྟ་བྱས་ཐུབ་པ་ཀྱལ་ཁ་ཡིན། །གློ་བུར་ཡིད་གཞུག་རེ་འདོད་ཡས་སྦྱིན་ཐོངས། །རྣམ་སྨིན་འབྲས་བུ་སྨིན་རྟགས་སེམས་བསྐྱེད་བསྒོམ། །གནད་དུ་ཟིན་ནས་འབྲས་བུ་མ་སྨིན་པ། །དེ་[དོ་]བསྡོ་བ་ཡིན་སྔག་[སྔགས་]སྨན་སྲུང་བ་འབོད། །འདི་དག་འཕྲང་ལ་མ་ཤོར་ངོ་ཡིན་ཟུངས། །ཟས་སྐོམ་སྤྱོད་ལམ་གནས་མངའ་[མལ་]གོས་ལས་སོག་[ལ་སོགས]། །དྲི་དང་རེག་པས་འགོས་ཕྱིར་བསྲུང་བ་གཅེས། །གཉིས་པ་སྤངས་[སྤང་]བླང་མུ་བཞིར་བརྟག་པ་ནི། །གསོ་མི་རུང་དང་གསོ་བ་དཀར་[དཀའ་]བ་དང་། །སོས་པ་བཞི་ཡོད་གསོ་མི་རུང་པ་ལ། །མཁར་བརྒྱད་རྩེ་ནས་བཅོས་[བཅོམ་]པ་གསོ་མི་རུང་། །སྤྱི་གཙུག་སྨིན་བྲག་[དབྲག་]ཡ་རྐན་སྙིང་། །ལྟེ་བ་མཚན་མར་ཤ་རོ་བྱུང་བ་ཡིན། །སྙིང་པོ་བཞི་ལ་ཞུགས་པ་གསོ་མི་རུང་། །མཐེབ་ཆེན་བཞི་ལ་ཤ་རོ་བྱུང་བ་ཡིན། །རྩེ་མོ་གསུམ་ལ་ཟིན་པ་གསོ་[མི་]རུང་། །སྣ་རྩེ་མཚན་མར་ཤ་རོ་བྱུང་བ་ཡིན། །ཚིགས་ཆེན་མཁར་ན་[ནས་]ཕབ་པ་གསོ་མི་རུང་། །ལྕེ་མདོག་དམར་ནག་འབྲུམ་[བུ་]འོང་། །མཆིན་པ་རྒྱས་དཔུངས་[དཔུང་]པ་གྲུ་མོ་གཉན་གོང་ཤ་རོ་འོང་། །དུག་བཞི་ལུས་ལ་རྒྱས་པ་གསོ་མི་རུང་། །ཆུ་ནི་གསོ་སླ་མེ་རླུང་གསོ་བ་དཀའ། །ས་མེ་གཉིས་ནི་གསོ་ཙམ་འདུས་ན་སྤངས། །ཕུང་པོའི་མདུངས་[མདངས་]གསུམ་ཡལ་བ་གསོ་[མི་]རུང་། །མིག་གི་མདངས་ཡལ་གཟི་དང་འདྲ། །བྱེད་[བྱད་]མདངས་གློ་བ་སོ་མདངས་དུང་འདྲ་ཡིན། །སྤུ་གསུམ་བྱི་བ་གསོའ་[གསོ་]མི་རུང་བ་སྟེ། །སྐྲ་དང་སྨིན་མ་སྨང་[སྨ་]ར་གསུམ་བྱི་སྤང་། །ཆུ་གསུམ་བོ་[བོར་]དང་རྒྱ་མཚོ་རླབས་པ་ཡོད། །ཁ་ཆུ་སྣ་ཆུ་མིག་ཆུ་སྐྱ་བོ་འཛག །མིག་གིས་ལས་སྦྱིན་རྟག་ཏུ་རྨང་པ་ཡིན། །གློ་རྒྱས་སྣ་འབྲིང་[ཕྲེང་]ཞུགས་[ཞིག་]ནས་སྙིང་བདེ་[འདོལ་]སོང་། །སྙིང་[མཆིན་]རྒྱས་མིག་ཏུ་ཞུགས་ནས་སྔོ་སླེ་བ། །མཆིན་[སྙིང་]རྒྱས་ལྕེ་ལ་ཞུགས་ནས་སྨྲ་བ་དགའ། །མཚེར་རྒྱས་མཆུ་ལ་ཞུགས་ནས་ཕུ་མི་ཤེས། །མཁལ་རྒྱས་ཆུ་སོར་ཞུགས་ནས་ཁུ་བ་འཛག །དོན་ལྔ་ནད་ཀྱིས་རྒྱས་ན་གསོ་མི་རུང་། །མཐིལ་བཞི་རླངས་པ་ཡལ་ནས་[ན་]མི་རུང་སྟེ། །ཁ་སྤྲད་ཡུན་བསྡད་རྔུལ་མེད་ཤ་རོ་ཅན། །ས་བདག་སྨེ་བ་བཞི་ཆགས་གསོལ་[གསོ་]མི་རུང་། །ཤ་རོ་བཙའ་འདྲ་རུས་ལ་སླེབ་པ་དང་། །རྨ་རྣམས་ཁྲོན་འདྲ་ཁ་ཆུང་གཏིང་ཟབ་དང་། །རུས་པ་འཛེར་འདྲ་རུས་ཐོག་ཐོར་སྙན་[སྙམ་]འོང་། །ཤ་རོ་ཁྲག་མེད་ཆུ་ཐུང་རྨེན་ཅན་འོང་། །གསོ་མི་རུང་བའི་རྟགས་ཚན་བཅུ་དྲུག་ཡིན། །དེ་རྣམས་འདྲེས་པ་གསོ་བ་བྱ་བ་ཙམ། །རྒྱལ་པོའི་བྲང་བཏབ་མི་དབེད་[བདེ་]བཟུང་ནས་སྡད་[བསྡད་]པ་ལ། །འབྲས་བུ་ས་བདག་སྨེ་[སྨིན་]པའི་རྟགས་མེད་ན། །དེ་ནས་[ནི་]གསོ་བ་དཀའ་སྟེ་གསོ་[སྤང་]བར་བྱ། །རྟགས་པ་མི་ཟིན་དམར་གི་[དམངས་ནི་]གྲོང་ཁང་[ཁ་]ཡིན། །རྟག་[རྟོག་]པ་ཁུ་འཕྲིག་ལས་[ལ་]སོགས་གྲང་[གྲངས་]མང་ཡང་། །གོང་གི་རྟགས་ལས་བཟློགས་[ལྡོག་]པ་གོ་[གསོ་]བ་སླ། །ལྔ་[དྲུག་]པ་བཅོས་པའི་ཐབ་[ཐབས་]ལ་རྣམ་པ་གསུམ། །གནོད་པ་སྲུང་ཞིང་ཞུག་[ཞུགས་]པ་དབྱུང་བ་དང་། །ཐ་མ་ལུམས་ཀྱི་དུས་སུ་ཚེ་བསྲིང་གསུམ། །དང་པོ་གནོད་པའི་དུས་སུ་བསྲུང་བ་ནི། །མ་རུང་[རུངས་]ཀླུ་གདོན་འདུལ་བྱེད་ཀ་རུ་ན། །ཀླུ་གདོན་འདུལ་བྱེད་ཁྲོ་ཁྱུང་ནག་པོ་ཡིན། །བསྙེན་བསྒྲུབ་སྔགས་བཟླས་ཀླུའི་དུག་འཇོམས་རྣམས། །ས་རྡོ་མུ་[མཱུ་]ལ་བདུད་རྩིའི་བཅུད་ལེན་གྱིས། །ཆུ་སེར་རྒྱས་འཕེལ་རྩད་ནས་སྐེམ་པ་ཡིན། །བར་དུ་ཞུག་[ཞུགས་]པའི་དུས་[སུ་]དབྱུང་བ་ནི། །སྔོན་འགྲོ་རྒྱུ་རྐྱེན་ཆུ་སེར་སྦྱོངས་པ་དང་། །དངོས་གཞི་གདུག་པའི་དུག་ནད་སེལ་བ་དང་། །རྗེས་གཅོད་ཀོར་ལེ་[ཀོ་ལེར་]ནད་ཀྱི་གདོན་ཐབས་དང་། །གང་དགོས་བརྟན་[རྟེན་]འབྲེལ་མདངས་སྟོབས་བསྐྱེད་པ་དང་། །ནད་རོ་ཐོན་བཏང་ཚུལ་ཚད་[ནད་ཐོན་མ་ཐོན་བཏང་རན་བཟུང་ཚད་བསྟན]། །དང་པོ་[ནད་]ཀྱི་རྒྱུ་དང་གདོན་གྱི་རྐྱེན། །ཆུ་སེར་ལྟོ་དང་རྩ་ཡི་ལམ་ནས་སྦྱངས། །ཁྲུས་དང་སྔོན་འགྲོ་བསྐུ་མཉེ་སྤྱི་དང་གཅིག །བ་ཆུ་དུར་བྱིད་ལྕིམ་[ལྕུམ་]རྩ་འབྲས་བུ་གསུམ། །སྔོན་དུ་[བུ་]བསྡུས་ཁུར་ཆུ་སེར་སྨན་གསུམ་དང་། །གུ་ཁུལ་[གུལ་]བྱི་ཏ་[ཏང་]ཀ་བཏབ་རྒྱུན་སྦྱོངས་བྱ། །ཡང་[ན་]འབྲས་བུ་གསུམ་དང་ཚ་བ་ལྔ། །དུར་བྱིད་དན་ཧ་[ད་]དོང་ག་བྱ་གྲི་[ཀྲྀ་]དང་། །ཧུང་[ཧོང་]ལེན་ཤུ་དག་བོང་ང་ཙི་ཏྲ་ཀ །པ་ཏྲ་ཤི་རི་ཁན་དྷའི་[ཤྲཱི་ཁཎྜའི་]འདེ་གུ་དང་། །མར་དུ་བསྐོལ་ནས་ལྷོ་བསྲེའི་[སྲའི་]བཀྲུ་སྨན་སྦྱར། །དེ་རྗེས་རྩ་ནས་སྦྱང་བ་སྤྱི་སྨན་ལ། །ཆུ་སེར་སྨན་གསུམ་གུ་ཁུལ་[གུལ་]གླ་རྩི་ལྔ། །གདོན་དང་ཆུ་སེར་སྦྱངས་ཕྱིར་མདོལ་[མདེ་]ཁ་བསྒྱུར། །གློ་ལ་སྦལ་རྒྱབ་ཅུ་གང་སྙིང་ལ་ནི། །གང་ཏིག་[གངས་ཐིགས་]ཛ་[ཛཱ་]ཏི་མཆིན་ལ་མནོ་ཇ་[མཉྫི་]ར། །གུར་གུམ་མཚེར་ལ་གླ་གོལ་[ཀ་ཀོལ་]པར་པ་ཏ། །མཁལ་ལ་གསེར་བྱེ་སུག་སྨེ་[སྨེལ་]ཤ་ལ་མོན་ལྕམ་བཏང་། །རུས་ལ་སེང་ལྡིང་[ལྡེང་]རུ་རྟ་རྩ་ལ་ནི། །འབྲི་ཏ་ས་འཛིན་གར་བབས་ཁ་འཛིན་སྨན། །མཁྲིས་[ཁྲིད་]པའི་ནད་[ནང་]ཡན་སྦྱར་ནས་དགོས་སོ། །གཏོང་ཐབ་[ཐབས་]སྦྱངས་སྐྱག་[ལྕག་]ལོག་གནོན་རྫས་[རྗེས་]གཅོད་རྣམས། །སྦྱང་[སྦྱོང་]བྱེད་ལས་ལྔའི་མདོ་རུ་ཤེས་པར་གྱིས། །རྩ་སྟོང་ར་བ་བཞི་ལ་ཞག་རེ་སྦྱངས་པ་ཡིན། །རྒྱུ་རྐྱེན་མེད་ན་འབྲས་བུ་ག་ལ་འབྱིན། །གཉིས་པ་གནོད་པའི་དུག་ནད་གཞོམ་པ་ནི། །ཟས་དང་སྨན་དཔྱད་སྤྱོད་ལམ་རྣམ་པ་བཞི། །ཁ་ཟས་སྲིན་གྱིས་[བསྐྱེད་]དཀར་མངར་རྣམ་པ་དང་། །རུལ་སྐྱུར་ཁྲག་ཆུ་སྐྱེ་བས་ཚ་དང་སྔོ། །འཇིག་ཟས་ཀུན་སྤངས་འབྲུ་རྙིང་གསར་ཤ་དང་། །ཤ་སྐམ་ཡེམ་[ཡིབ་]མ་ཕྱེ་ཐུགས་[ཐུག་]ཆབ་ཚ་དང་། །སིང་[སིངས་]པོ་བདའ་[བརྡ་]བྲོ་ཙམ་དང་ཆུ་གྲང་བརྟེན་[བསྟེན]། །སྤྱོད་ལམ་བུ་[བུད་]མེད་དྲག་ཤུལ་ཉིན་གཉིད་དང་། །མི་གཙང་གཉན་པའི་ཐུབ་ཆོད་ཀུན་ལ་འཛེམ། །སྨན་སྦྱོར་ཐང་ཕྱེ་རི་ལུ་འདེའ་[ལྡེ་]གུ་དང་། །སྨན་མར་ལྔ་ལས་དང་པོ་ཐང་སྦྱོར་ནི། །སིང་ལྡིང་[སེང་ལྡེང་]ནིམ་པོ་[པ་]སླེ་ཁྲེས་[ཏྲེས་]ས་[པ་]ཏོ་ལ། །བྱིན་[བྱི་]ཚེར་ལྔ་ཡིས་ཆུ་སེར་རང་སྐེམ་བྱེད། །སིང་ལྡིང་[སེང་ལྡེང་]གཅིག་[ཆིག་]ཐང་མཛེ་ནད་གསོའ་[གསོ་]བའི་རྩི། །ཕྱི་[ཕྱེ་]མ་ཅོང་ཞི་སྦལ་རྒྱབ་གཅིག་[ཆིག་]ཐུབ་དང་། །བེ་སྣབས་གྲུ་བཞི་རྡོ་རྒྱུས་མན་འཇི་[མཉྫི་]ར། །རིམ་པ་གཅིག་གཉིས་གསུམ་ལ་ཆ་བསྒྱད་[བསྐྱེད་]ལ། །གསེར་དངུལ་ཟངས་ལྕགས་རྡོ་དང་ཚྭ་[ཚ་]ལ་མཚལ། །བཟང་དྲུག་ཆུ་སེར་སྨན་གསུམ་འབྲས་བུ་གསུམ། །གུ་ཁུལ་[གུལ་]གླ་རྩི་མུ་ཟི་ཙི་ཏྲ་ཀ །གསེར་གྱི་མེ་ཏོག་མ་ནུ་རུ་རྟ་དང་། །སིང་ལྡིང་[སེང་ལྡེང་]ཀ་ར་སྦྱར་བས་ཆུ་སེར་སྐེམ། །ཁྱི་ལྕེ་མིང་ཅན་ཐུན་གཅིག་སེར་ནག་དང་། །བྲག་སྤོས་གཉིས་ལ་ཐུན་ཕྱེད་གླ་རྩི་གཅིག །གུ་ཁུལ་[གུལ་]རུ་རྟ་[རྟ་]སེང་ལྡིང་[ལྡེང་]གསུམ་ལ་གསུམ། །སྤོས་དཀར་ཀ་ར་སྦྱར་བ་དྲི་ཆུས་དབུལ། །གྲང་ཤས་ཆེ་ན་ཨ་རུ་ར་ལ་བཞི། །བཙན་དུག་ཨ་རུ་ར་ཡི་ཕྱེད་ཅིག་བསྣན། །ས་བདག་ཀླུ་གཉེན་[གཉན་]དུག་རིགས་མ་ལུས་འཇོམས། །རིལ་ལུ་[བུ་]སྦྱོར་བ་ཁྱུང་ལྔ་རིན་པོ་ཆེ། །དང་པོ་བྱ་ཁྱུང་ལྔ་སྦྱོར་རི་ལུ་ནི། །ཤ་ཡི་ཁྱུང་ལ་ཨ་རུ་གསེར་མདོག་ཐུན་བཞི་དང་། །རུས་ལ་རུ་རྟ་ཐུན་གཅིག་རྒྱུས་པ་ཆུ་དག་གསུམ[སུམ་]གཉིས། །སྙིང་ལ་བོང་ང་སྟེང་ལ་ཐུན་ཕྱེད་དང་ནི། །ཁྲག་ལ་གླ་རྩི་ནི་སུམ་ཆ་ཀུན་བསྡུས་ཞིབ་པར་བཏག[བཏགས་]བྱས་ནས། །དེ་ན་[ནས་]བསྲེས་ནས་[ལ་]སྐམ་བཏགས་འཐེམས་པར་བརྡུང་། །ལོ་བརྒྱད་ཆུ་ཡིས་ཆུ་ཐགས་[འཐག་]ཉིན་གསུམ་བྱ། །ཐང་[བྱང་]ཚད་ཁ་དོག་ནག་ལ་འཚེར་བར་འོང་། །རིལ་ལུ་[བུ་]བྱེད་དཀར་[ཁད་]གླ་རྩི་ཆུས་སྦྱང་བཏང་། །གྷི་ཝང་ནག་པོ་ཚན་དེ་ཚེ་[ཚ་]གྲང་བསྒྱུར། །གུ་ཁུལ་[གུལ་]ནག་པོ་རིལ་མ་ཙམ་ཅིག་ནི། །གདོན་གྱི་ཁ་ནོན་གཉན་[གཉེན་]པོ་བཏང་བ་ཡིན། །འབྲས་བུ་ལྔ་ཡིས་དབང་བསྐུར་ཞིང་[ཏིང་]འཛིན་ནི། །བདག་ཉིད་ཡི་དམ་གང་བྱེད་དེ་རུ་བསྒོམ། །གླད་[ཀླད་]པ་དུང་ཁང་པད་འདབས་[འདབ་]བཞི་པ་ཡིས། །ཕྱོགས་བཞི་དབུས་དང་ལྔ་ལ་ཡིག་འབྲུ་ནི། །ཁྲོམ་དང་ཨཱོ་[ཨོཾ་]ཨ་ཁ་ཧི་ལྔ་བསྒོམས་ནས། །ཁ་དོག་དཀར་པོ་མཐུར་བལྟས་ཧྲོམ་མེ་བསྒོམ། །འབྲུ་ལྔ་བརྒྱ་ཙམ་བཟླས་པས་བདུད་རྩི་ཞུ། །སྨན་ལ་ཐིམ་པས་ཟོས་པ་རང་ལུས་ཀུན། །བདུད་རྩི་དེ་ཡིས་ནད་རྣམས་ཞིབ་པར་བསམ། །ཚེས་བཅུ་བར་དུ་རེ་ཏེ་ཉི་ཤུའི་བར་དུ་གཉིས། །སུམ་ཅུའི་བར་དུ་གསུམ་ཡིན་ནང་ནུབ་སུམ་ཡར་གཏད་[གཏང་]། །ཞུགས་པའི་དུས་བཟུང་ལོ་རུ་བསྟེན་པར་བྱ། །དེ་ལ་བདེ་སྐྱིད་[སྐྱེད་]མེད་ན་རུ་ཏ་[རྟ་]ཆུ་དག་བྲི། །ཕྱི་མ་བཞི་ལ་བཞི་འགྱུར་སྦྱར་ནས་བཏང་། །ལོ་དུས་བསྟེན་པས་མཛེ་རིགས་བཅོ་བརྒྱད་སེལ། །ཀླུ་ནད་མ་ལུས་རྩེད་[རྩད་]ནས་སེལ་བར་བྱེད། །དེ་ལ་སྐྱེ་[སྐྱེད་]མེད་རིན་ཆེན་སྦྱོར་བ་ནི། །དངུལ་ཆུ་བཞི་[བཞུ་]ནས་དུག་ཕྲལ་སྟོང་[སྟར་]བུས་བཤིག །མུ་ཟི་སིང་ལྡིང་[སེང་ལྡེང་]ཁན་དྷ་[ཁཎྜ་]བཟང་པོ་དྲུག །ཆུ་སེར་སྨན་གསུམ་གུ་ཁུལ་[གུལ་]བྱ་ཁྱུང་སྦྱར། །རིལ་ལུ་[བུ་]བྱས་བསྟེན་ཀླུ་ནད་ཆུ་སེར་སྐེམ། །ཁྱད་པར་སྦྱོར་བ་དངུལ་ཆུ་ཞོ་གཅིག་དང་སྒྲོན་ཤིང་དྷེ་བ་དྷ་[དེ་བ་དཱ་]རུ་དང་། །ཨ་རུ་ར་དང་གུ་ཁུལ་[གུལ་]དཀར་ནག་དང་། །གླ་རྩི་སྲོ་[སོ་]མ་ར་ཙ་[ཛ་]རྣམ་བཅུ་ཡིན། །ཐ་ཀར་རྡོ་རྗེ་སུམ་སྦྱོར་བཟང་དྲུག་ཐུན་རེ་ཡིན། །ཙན་དྷན་[དན་]དཀར་པོ་གྷྲི་[གི་]ཝང་དྲི་ཆེན་རྣམས། །ཞད་ཙམ་སྦང་གིན་ཀྲུན་ཀ་རིལ་ལུ་[བུ་]བྱ། །རིལ་ལུ་[བུ་]གཅིག་གཉིས་གསུམ་བསྐྱེད་བཏང་དང་འདྲ། །སྦྱོར་བ་འདིས་ནི་སྔོན་གྱི་རྣམ་སྨིན་ཀྱང་། །ཚེ་འདིའི་ལས་ཀྱི་ཁར་སོང་ཤུལ་ཐེབ་[བཤོལ་ཐེབས་]ངེས། །བཏང་ཐབས་ལོག་ནོན་རིན་ཆེན་སྦྱོར་བར་ལྟོས། །འདི་[ལྡེ་]གུའི་སྦྱོར་བ་ལྕགས་ཕྱེ་ཙི་ཏྲ་ཀ །སྐྱུ་རུ་བྱི་ཏང་ཀ་དང་པི་པི་ལིང་། །སྦྱང་[སྦྲང་]སྦྱར་འདི་[ལྡེ་]གུས་མཛེ་ནད་རྒྱས་པ་འཇོམ[འཇོམས]། །སེང་ལྡིང་[ལྡེང་]ལྕམ་པ་རམ་ཉེ་མཉམ་པ་ཡི། །ཁན་དྷ་[ཁཎྜ་]སྦྲང་སྦྱར་བཟང་དྲུག་བྱ་[བྱི་]ཏང་ཀ །ཆུ་སེར་སྨན་གསུམ་དྲོད་གསུམ་ཙ་ཀྲ་[ཙི་ཏྲ་]ཀ །ཁ་ཚར་བཏབ་པའི་འདེ་གུས་མཛེ་ནད་འཇོམས། །མུ་ཟི་ཨ་རུ་སྦྲང་སྦྱར་ཆ་སྙོམས་ཏེ། །ལྕགས་སྣོད་གཡའ་བླང་མཛེ་ནད་གསོ་བ་སྟེ། །སྨན་མར་སེང་ལྡིང་[ལྡེང་]ཏིག་ཏ་ཆེ་ཆུང་གསུམ། །བཟང་དྲུག་ཆུ་སེར་སྨན་གསུམ་ཁ་ཚར་བཏབ། །ཆུ་སེར་སྐེམ་ཞིང་ལུས་སྟོབས་རྒྱས་པར་བྱེད། །དཔྱད་ནི་གང་ཞུགས་རྩ་ལ་རླུངས་[རླངས་]བྱུང་གཏར། །ཁྱེད་[ཁྱད་]པར་དཔྲལ་རྩ་ཆུ་སེར་གདོང་རྩ་གཏར། །གསུམ་པ་དཀོར་ལ་[ཀོ་ལེར་]ནད་ཀྱི་འདོན་ཐབས་ནི། །གདོང་པར་ལུད་ནས་བྱང་པ་བཅུ་དྲུག །རྒྱ་ཚ་རིལ་མ་ཙམ་ཞིག་སྦྱར་བ་ཡིན། །དུར་བྱིད་སྲུབ་ཁ་རིལ་མ་ཙམ་རེ་དང་། །སྤུ་[སྤྲུ་]མ་རིལ་རིལ་ཙམས་[ཙམ་]དང་གཟེ་མ་དགུ། །ཅུ་གང་ཐུན་གཅིག་ཆང་སྦྱར་བསྲེས་ལ་བབས་བཏམ་[དྲོད་ཕབ་]མནན། །ལོངས་[ལངས་]ནས་གདོང་བྱུག་གདོང་བཤམ་[བཤལ་]ཆུ་སེར་འདོན། །སྐམ་རྩི་ལུག་སུག་ཐལ་བ་མར་དཀར་བྱུག །གསུམ་པ་ཀོ་ལོ་[ཀོ་ལེར་]སྦྱིན་[སྦྲིད་]བཙག་[གཙག་]ལ་རྔ་རེས་[རྔབས་རྭས་]དྲང་། །ཡང་ན་དྲི་ཆུས་བཀྲུ་ལ་བྱང་པ་དང་། །དུར་བྱིད་རྒྱ་ཚ་སྔོ་ཡི་ཚ་བ་གསུམ། །གང་[གོང་]ལྟར་བསྣན་[མནན་]ལ་བྱུག་སྟེ་ཉི་མས་བསྲེགས། །ཡང་ན་ཁྲོ་ཁྱུང་སྔགས་བཟླས་དྲང་བར་བྱ། །མི་བདེ་ཤ་རོ་བཙག་བཀྲལ་[གཙལ་དྲལ་]ཟ་སྨན་འདེབས། །སྐྱོན་དང་བྲལ་ནས་རྨ་ལ་འཚོ་སྨན་བཏབ། །སྨིན་མ་བྱི་ན་ཕག་ཚིལ་ཟེར་མོང་[མོའི་]ཁྲག །ཚ་[ཚྭ་]དང་ལྡོང་རོལ་[རོས་]བ་གླ་[བླ་]རྐང་མར་དང་། །ཁམ་བུའི་མར་དང་སྦྲང་སྦྱར་བྱུག་པས་འཚེ་[འཚོ]། །འཚུབ་[མཚུལ་]པ་འགག་[འགགས་]ན་སྣ་སྦྱོང་ཡང་ཡང་བཏབ་[བཏང་]། །འོམ་བུའི་མར་[དང་]སྦྲང་སྦྱར་བྱུག་པས་འཚེ[འཚོ]། །གྲེ་བ་འགགས་ན་གཏར་དང་དེ་སྨན་ནི། །འོམ་བུའི་ཁན་དྷ་[ཀཎྜ་]ཨ་རུ་སྤང་རྒྱན། །ཤིང་མངར་ཅུ་གང་ལི་ཤི་སྟར་བུ་དང་། །ཀ་ར་སྦྱར་ནས་བཏང་བས་གྲེ་འགགས་སེལ། །བཞི་པ་རྟེན་འབྲེལ་མདངས་སྟོབས་སྟབ་[བསྐྱེད་]པ་ནི། །ནང་དུ་སྨན་ནུས་བར་དུ་ཕྱི་ཡིས་བྱུག་པ་སྤང་། །མི་ཁྱི་ར་རྟ་མངར་[མངལ་]གྱི་ཁྲག་ལྔ་དང་། །སྦལ་སྦྲུལ་ཤ་གཉིས་ནག་པོ་གསུམ་བྱ་བ། །གླ་རྩི་ཆུ་དག་གུ་ཁུལ་[གུལ་]རྟ་བོན་བ་[པ]། །དྲི་གསུམ་བྱ་སྟེ་མུ་ཟི་ལྡོང་རོས་དང་། །སྤྲུ་མ་གཞོབ་གསུམ་དུ་བས་བདུག་པར་བྱ། །བདུད་རྩིའི་རིལ་བུ་སུམ་ཡལ་[ཡར་]བསྟེན་པ་སྟེ། །གྲུབ་[པ་]ཐོབ་པའི་བདུད་རྩི་གཡམ་པ་ལ། །བཅུས་[བསྐུས་]ནས་ཉི་[ཉིན་]གཅིག་གིས་སྐམ་པར་བྱ། །གུ་ཁུལ་[གུལ་]དྲི་ཆུས་འདམ་ཐག་[འཐག་]བྱས་པ་སྟེ། །རིལ་མ་ཙམ་བྱས་བཏང་བར་[བས་]ཀླུ་ནད་དང་། །ལྷག་པར་གདོན་འཇོམས་ཁྱུང་ལྔའི་དཔུང་ལ་འགྲོ། དྲི་ཆུའི་རྟེན་འབྲེལ་སྨན་འཇུ་སྟེ། །ཕུག་[ཕུལ་]བཅུ་ཤོང་པའི་རྫས་[རྫ་]མར་ཐེམ་བུ་བཙུག །དྲི་ཆུ་བསགས་ནས་སེལ་འབྲུ་བཞི་བདུན་སྦྱར། །དེ་གཉིས་དང་པོ་ཕྱིར་ལ་ཕོབ[འཕོ]། །བར་པ་ཨ་རུ་བུ་[ཐུན་]རེ་བཏབ་ལ་བཏང་། །ལྷག་མ་སྣར་བརྔུབ་བརྙོག་[སྙིགས་]མ་འཕྲོད་པ་ཡིན། །དང་ཁ་འགག་ན་སིལ་[སེ་]འབྲུ་བཞི་བདུན་སྦྱར། །དེ་གཉིས་ཁྱད་པར་བྱ་ཁྱུང་ཟ་དུས་བསྟེན། །ལྔ་པ་གཏང་རིག་[རན་]བཟུང་ཚད་བསྟན་པ་ནི། །དང་པོ་སྨན་གྱི་སྦྱོར་བ་བསྟེན་པ་དེས། །ཞི་བདེ་སོང་ན་ནད་ཞོན་[ཞེན་]ཆུང་བ་ཡིན། །ནད་ཀུན་སློང་ན་གདོན་ཞེན་འབྲིང་པོ་ཡིན། །ཕན་གནོད་མེད་ན་གདོན་ཞེན་ཆེ་བ་ཡིན། །ཞེན་ལ་[པ་]ཆུ་[ཆུང་]ན་ལོ་གཅིག་འབྲིང་ན་གཉིས། །ཆེ་ན་གསུམ་གྱི་བར་དུ་གསོ་བ་སྒྲིམ། །གང་མ་བདེ་བ་དེ་ལས་གོ་བཟློག་[ལྡོག་]བསྟེན། །ནད་མགོ་ཆོག་[ཆོགས་]རྟགས་སྙིང་རྩ་སེང་བ་དང་། །ལུས་ལ་ཡང་ཁམས་དངས་དང་ཁ་བདེ་བ་དང་། །སྣ་ཁྲག་འཛག་དང་དྲི་ཆུ་ཁྲག་ཏུ་འཛག །ཞུགས་པར་[སར་]ཆུ་སེར་འདུས་ནས་ཁྲག་ཏུ་འཛག །གློག་བུ་[ཤུ་]སངས་དང་ནད་རྟགས་ཁད་ཀྱིས་ནུབ། །སྨིན་[རྨི་]ལྟས་ལུས་ལ་[ལས་]སྲོག་ཆགས་ཐོན་པ་དང་། །རྐད་གདང་རྨ་སོས་ཤ་རོ་རང་པའོ། །གདུག་པ་ཀླུ་ཡི་ནད་ལས་ཐར་རྟགས་ཡིན། །དེ་རྟགས་བྱུང་ན་རིལ་ལུ་[བུ་]ཁད་ཀྱིས་འཕྲི། །འབྲི་[ཕྲི་]བས་མི་བདེ་ན་ན་རེ་རེ་བསྣན། །འཕྲི་ཞིང་ནད་བརྟག་བསྣན་ཞིང་བརྟག་པ་དེས། །གློ་བུར་བསྣན་པས་བདེ་ན་ད་རུང་མ་ཐོན་བསྲིང་། །འཕྲི་བས་བདེ་ན་ནད་མེད་ཐོན་རྟག་[རྟགས་]ཡིན། །རྗེས་གཅོད་ལོ་དུས་མ་བརྗེད་ནམ་ཕྱེད་རེ་རེ་བསྟན་[བསྟེན]། །དེ་ཡིས་མི་ལྡོག་ཕྱི་རྗེས་ཆོད་པ་ཡིན། །ལུས་ཟུངས་ནད་དུ་གྱུར་ཕྱིར་ཐོན་ཀ་[དཀའ་]བས། །རྕོད་པ་[བརྕོནཔས་]དར་[དལ་]དྲག་དང་ཐག་[ངང་གིས་]བསྲིང་ལ་ཆོས[བཅོས]། །སྤྱིར་ན་འདི་ནི་སྔོན་ཁྱི་[གྱི་]ལས་ནད་ཡིན། །དེ་བས་སྙིང་དང་ཉེ་[ཉེའུ་]འདོན་ལམ་འཕྲང་བཅོས། །ཆས་[ཆབ་]གཏོར་ཚོགས་བསགས་འཁོར་གསུམ་ཡང་དག་དང་། །བཀའ་སྒྲགས་སེམས་བསྐྱེད་སྡོམ་པ་ཞུ་བ་དང་། །འགྲོ་དྲུག་སེམས་ཅན་གནོད་པའི་དགྲ་བོ་དང་། །ལས་འབྲེལ་གཉེན་འདུས་དྲིན་ཅན་ཕ་མ་དང་། །ཁྱད་པར་ལས་ངན་དབང་གིས་འབྲེལ་བའི་ཀླུ་གདོན་ལ། །ལན་ཆགས་ཕྲལ་ཕྱིར་སྔོན་ལ་དེ་བཞིན་བྱ། །རང་གི་ལུས་སེམས་ནད་གདོན་མ་ལུས་པ། །ཀུན་རྟགས་ཤེས་པ་འཁྲུལ་པའི་སྐྱེ་མཆེད་ལ། །དོན་དུ་ཡོད་ལར་[པར་]མ་ངེན་[ངེས་]འཁྲུལ་བློ་ལ། །རང་ཤེས་རྟོགས་པས་མེད་པའི་འོད་གསལ་སྒོམས། །ཐ་མ་ལུམས་དང་སྦྱོང་དང་གཏང་[གཏར་]ཁ་བསྟེན། །གནོད་པ་སྤང་ཞིང་རིན་ཆེན་རི་ལུ་བསྟེན། །སེང་ལྡིང་[ལྡེང་]མར་བསྟན་[བསྟེན་]ནད་བྲི་ཚེ་རྒྱུན་བསྲིང་། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཀླུ་གདོན་ཙི་ཙི་ཛ་[ཛྭ་]ལའི་ནད་གསོ་བའི་ལེའུ་སྟེ་གྱ་བདུན་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།