སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་བཞི་པ། སྐྱུགས་པའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་བཞི་པ། སྐྱུགས་པའི་ནད་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྐྱུག་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞིས་བསྟེན་[བསྟན་]ནས། །རྒྱུ་རྐྱེན་མ་ཞུ་ལྷེན་དང་ལྕགས་དྲེག་དང་། །ཁོང་འབྲས་བད་སྨུག་སྟེང་ན་སྟེང་རླུང་འཁྲུག[འཁྲུགས]། །མི་སྡུག་ཡུལ་མཐོང་བདུན་གྱིས་གྱེན་དུ་སྐྱུག །གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི། །གསུམ་པ་རྟེན་ནི་མ་ཞུ་གང་ཟོས་དེ་ཉིད་སྐྱུགས། །ཁོང་འབྲས་ཁ་ཟས་ཀུན་ལ་མཁྲེན་[འཁྲེན་]པ་སྟེ། །བད་ཀན་སྨུག་པོ་རྒྱ་བཤལ་དུད་ཁུ་སྐྱུག །སྲིན་གྱིས་སྲིན་བཀྲུག་[སྐྱུག་]རླུང་འཁྲུག་སྟོང་སྐྱུག་བྱེད། །མི་སྡུག་ཡུལ་མཐོང་དྲི་ཚོར་རེག་པས་སྐྱུགས། །རླུང་གྱུར་སྦུ་[ལྦུ་]ཅན་ཆུ་ཐབས་སྐྱུགས་པ་ལ། །བྲོང་[བྲང་]རྒྱབ་རྩིབ་ལོགས་གཟེར་ཞིང་མགོ་བོ་འཁོར། །མཁྲིས་གྱུར་ཁ་སྐྱུར་སེར་པོ་ཁྲག་ཅན་སྐྱུགས། །ལུས་ཚ་སྐོམ་དད་ཆེ་ལ་མགོ་བོ་གཟེར། །བད་ཀན་ལས་གྱུར་བེལ་སྣབས་བསྐའ་[བསྐ་]མངར་སྐྱུགས། །དང་ཁ་འགག་ཅིང་གདོང་སྐྲངས་བྲང་ཁ་ན། །འདུས་པ་ལས་ནི་ཀུན་རྟགས་སྟོན་པར་བྱེད། །བཤང་ལྕི་[གཅིའི་]དྲི་སྣབས་[མནམ་]དྲག་པོར་སྐྱུག་ན་འཆི། །བཞི་པ་བཅོས་ཐབས་སྙུང་[སྨྱུང་]བྱ་ཆུ་ཚན་བཏུང༌། །ཕྱེ་ཐུག་ཟན་དྲོན་ལུག་ཤ་གསར་པ་བཏང་། །ཟས་སྐོམ་ཡང་ལ་འཇུ་སླ་ཉུང་བར་བསྟེན། །ཟས་ཟོས་རྗེས་ལ་ཆུ་གྲང་གདོང་བཀྲུག་[བཀྲུ་]གཏར་[གཏོར]། །ཁྱད་པར་མ་ཞུ་རྒྱམ་ཚྭ་གསུམ་པས་ཞུ། །ལྷེན་དང་ལྕགས་དྲེག་ཐལ་སྨན་རྗེས་གྱིས་[ལ་]བཤེགས་[རློན]། །ཁོང་འབྲས་ཚེར་སྔོན་སྔོའི་ཚ་བ་གསུམ། །ཐར་ནུ་བསྲེགས་ཐལ་རྒྱ་ཚྭ་སེར་མཚུར་སྦྱར། །རྒྱ་བཤལ་དུད་ཁུ་སྐྱུགས་ན་བད་ལྟར་བཅོམ། །སྟེང་རླུང་འཁྲུགས་པས་སྐེ་གདོང་[སྟོང་]དྲུག་པ་དང་། །ལྷེལ་[ལྷེན་]སྣ་བསྲེག་ལ་ཀྲེ་ལོང་རུས་ཐང་བཏང་། །སྲིན་ལ་དེ་སྨན་མི་འགྱུག་[སྡུག་]ཡིད་འོང་ལྡོག །རླུང་གྱུར་ཚ་བ་གསུམ་དང་ཚ་[ཚྭ་]སྣ་གསུམ། །འབྲུ་མར་ཞུན་བཏང་བྱུག་པ་མེ་བཙའ་བྱ། །མཁྲིས་གྱུར་སྦྱངས་རྗེས་འབྲས་ཀྱི་སྦྱོར་བས་བཅད། །རྒུན་འབྲུམ་ཤིང་མངར་ག་དུར་ཀྱི་ལྩེ་དང་། །ཀ་ར་འབྲས་ཡོས་བཏང་བ་དེས་ཆོག་གོ། །བད་ཀན་སྐྱུགས་རྗེས་བྱི་ཚེར་སྦྲང་སྦྱར་རམ། །སེལ་[སེ་]འབྲུ་འབྲས་ཡོས་ནས་ཕྱེ་སྦྱར་བ་བཞིན་[བྱིན]། །འདུས་ནད་གསུམ་ལ་མཐུན་པས་བཅོས་པ་ཡིན། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་སྐྱུགས་ནད་བཅོས་པའི་ལེའུ་ལྔ་བཅུ་བཞི་པའོ།། །།



 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།