སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་གཅིག་པ། སྣ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་གཅིག་པ། སྣ་ནད་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྣ་ཡི་ནད་ལས་[ལ་]རྒྱུ་རྐྱེན་དབྱེ་བ་དང་། །རྟག་[རྟགས་]དང་བཅོས་པའི་ཐབས་དང་ལྔ་ཡིས་བསྟན། །རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་གྱི་ནད། །འདུ་བ་འཁྲུགས་པས་སྣའི་ནད་རྣམས་ལངས། །གསུམ་པ་དབྱེ་བ་སྣ་སྲུབ་[སུབས་]འབྲུམ་ཐོར་བ་ལུད་[ཤ་ལུ་]དང༌། །སྣག་[རྣག་]ཁྲག་འཛག་དང་རྣམ་པ་ལྔས་བཤད་དོ། །བཅོས་ཐབས་སྣབ་[སྣབས་]དང་ཆུ་སེར་འགག་[འགགས་]པ་ན། །དབུག་འཚུམ་[འཚུབ་](མཚུལ་)པ་བཤུ་བུད་[ཤུ་ལ་]སྣ་སྦྱོང་བཏང༌། །འབྲུམ་ཐོར་བྱུང་ནས་ཏི་ཙ་[ཚ་]མར་དཀར་བྱུག །དན་དྷ་[ད་]དུར་བྱེད་[བྱིད་]སྡོང་[ལྡོང་]རོས་ལྕེ་མྱང་ཚ། །ཙི་ཏྲི་[ཏྲ་]ཀ་དང་པི་པི་ལིང་མར་སྦྱང་[སྦྲང་]། །རིང་[རེང་]བུ་བྱས་ལ་སྣའི་ནང་དུ་བཅུགས་[བཅུག]། །དེས་མ་སེལ་ན་རྣ་འབྲུམ་ལྟ་བུར་བཅོས། །སྐམས་ཤིང་ཚ་ན་ཞུ་[ཞུན་]མར་བྱུག་ཅིང་བླུག །སྣ་ལ་འབྲས་བྱུག་[བྱུང་]སྣ་ནད་ཤ་ལུ་ཡིན། །གཅོད་འབྲུ་[བྲུད་]སྐེམ་སྨན་ལུམས་དང་གཏར་གྱིས་བཅོས། །ཕལ་ཆེ་[ཆེར་]འཚོ་དཀའ་སྔོན་གྱི་ལས་ནད་ཡིན། །དེ་རྗེས་ཚད་རོ་རྫོང་བྲོས་རྣག་འཛག་ན། །སྐྱུགས་རྗེས་རྒྱ་སྐག་ཤིང་ཀུན་བྱི་ཏང་ག །བུ་རམ་པི་པི་ལིང་དང་ན་ལེ་ཤམ། །ལུག་ཐུག་གཅིན་དང་སྦྱར་བའི་སྣ་སྨན་བཏང༌། །ཡང་ན་ཚ་བ་གསུམ་དང་དུག་མོ་ཉུང༌། །ཟི་ར་བྱི་ཏང་ཁ་[ག་]ཡི་ཁུ་བ་བླུག །ཐོང་ཚེར་ཤ་རུས་ཀླད་བཙོས་བཏུང་བ་ཡིན། །ཟི་ར་དཀར་པོ་ཤིང་ཀུན་ཆུ་ཞོ་བཏབ། །ལྒ་དང་པི་པི་ལིང་གཉིས་ཁ་ཚར་བཏབ། །ལྟོ་སྟོང་བསྐོལ་སྦྱོང་འབྲས་བུའི་སྨན་མར་སྦྱར། །སྣ་ནས་ཁྲག་འཛག་དེ་རིགས་གསུམ་པོ་ནི། །སེར་ལ་སླ་བ་ཀླད་པ་ལས་འབྱུང་སྟེ། །སྨིན་མཚམས་མེས་བསྡམ་སེར་པོའི་རྩི་སྨན་བཏང༌། །སྨུག་ནག་སྣེ་བཞི་ལས་འབབ་སྣེ་པ་[ས་]བཅིང༌། །ནུ་མ་རླིག་པ་ཟ་འོག་སྐུད་པས་བསྡམ། །དམར་ལ་གདང་[དྭངས་]པ་རྩ་ཁ་བྱེ་བ་ཡིན། །སྣའི་དབུགས་ཀྱིས་གར་སླེབ་[སླེབས་]དཔུང་འཛུམ་བསྲེག །སྣ་རུ་གསུར་བཏང་[བདུག་]སྡེ་ཚེན་འདེ་གུ་[ཐང་དང་]སྦྱར། །ཀུན་ལ་མཁན་སྐྱ་སྤྲུལ་[སྤྲུ་]མའི་རིང་དབུ་མེ་[རེང་བུ་ཡི]། །མགོ་ལ་གུར་ཀུམ་དོམ་མཁྲིས་ཟབ་ཐལ་འགྲོན། །འདེ་གུ་བྱུག་ལ་ཕུགས་སུ་སླེབ་[སླེབས་]པར་བརྫང༌། །སྣ་ཁྲག་ཕལ་ཆེར་ཁྲག་འཕེལ་འབྱུང་བ་ཡིན། །རྩེ་ཆུང་གཏར་དང་ཁྲག་གི་འོལ་ཁ་བསྒྱུར། །ཞེས་གསུངས་སོ།།

   གསོ་བྱའི་ནད་འབུམ་ནག་པོ་ལས་སྟོད་ནད་[སྣ་བ་]བཅོས་པའི་ལེའུ་སྟེ་སུམ་བཅུ་[ཅུ་]སོ་གཅིག་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།